མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ ༣༩༡ གིས་རྒྱབ་སྐྱོར་གནང་སྟེ་གཏན་འབེབ་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ། ༢༠༢༤།༠༦།༡༢ ཐད་གཏོང་གི་བརྙན་པར།

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (The Promoting a Resolution to the Tibet-China Dispute Act) གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡ གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་ཟིན་ཡོད་སྟབས། མི་འགྱངས་བར་ཨ་རིའི་སྲིད་འཛིན་སྐུ་ཞབས་རྗོ་བྷའེ་ཌིན་མཆོག་གིས་མཚན་རྟགས་བཀོད་དེ་དངོས་སུ་ཨ་རིའི་ཁྲིམས་སུ་འགྱུར་དགོས་ཀྱི་ཡོད་པ་རེད།  ད་ལན་སྤྱི་མཐུན་ཚོགས་པའི་འཐུས་མི་ ༢༦ གིས་དགག་བྱ་གནང་བ་དང་། ཚོགས་པ་གཉིས་ཀྱི་འཐུས་མི་ ༡༤ ཡིས་འོས་བླུགས་མེད་པ་རེད།

དེའི་ཐད་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷ་ཝན་མཆོག་གིས། ཨ་རིའི་གཞུང་གིས་འགྲོ་བ་མིའི་ཆེ་མཐོང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་བཞིན་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གིས་གོ་རིམ་དང་ལྡན་པའི་ཐོག་ནས་བོད་མི་སྒེར་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩིས་མེད་དང་། བོད་བརྒྱུད་ནང་བསྟན་དང་། རིག་གཞུང་། སྐད་ཡིག་བཅས་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པའི་སྐོར་དང་། ད་ལན་གྱི་ཁྲིམས་འཆར་དེས་དྲང་བདེན་དང་ཞི་བདེ་ཡི་སླད་དུ་ལས་དོན་གཉེར་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་ཁག་དང་། ཨ་རི་གཉིས་ལ་སེམས་ཤུགས་སྐྱེད་དུ་བཅུག་ཡོད་སྐོར་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་བོད་ལ་སྔར་མེད་ཀྱི་རེ་བ་གསར་པ་ཞིག་སྤྲད་ཡོད་སྐོར་བརྗོད་པ་དང་འབྲེལ། ཁྲིམས་འཆར་དེ་ཐོག་མར་གླེང་མཁན་སྐུ་ཞབས་ཇེམ་མེག་གྷ་ཝན་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཧྥི་མཆོག དེ་བཞིན་སྐུ་ཞབས་ཊོ་ཌི་ཡོང་སོགས་ལ་ཐུགས་རྗེ་ཆེ་ཞུས་འདུག་ལ། དེ་བཞིན་ཁོང་མོས་བརྙན་ལམ་བརྒྱུད་ཁྲིམས་འཆར་འདི་གཏན་འབེབ་བྱུང་སླད་སྐུ་ལས་སྐྱོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ཚང་མའི་མཉམ་རུབ་ཀྱི་ནུས་པ་ཞིག་ཆགས་ཀྱི་ཡོད་ལ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་མང་པོས་སྐུ་ལས་བསྐྱོན་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རི་ཆ་ཌི་གྷེ་མཆོག་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཚོགས་པ་མང་པོས་སྐུ་ལས་བསྐྱོན་ཡོད་པས། དེ་ནི་ཚང་མའི་མཉམ་རུབ་ཀྱི་ནུས་པ་ཞིག་རེད། ཅེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་གོང་འོག་ནས་གཏན་འབེབ་གནང་བའི་ཁྲིམས་འཆར་དེའི་ནང་། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་ཁོང་གི་དམིགས་བསལ་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་པའི་མགོ་ཁྲིད་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་གནང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རམ་འདེགས་གནང་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་བོད་མི་མང་གི་མངོན་འདོད་བཞིན་སྦྱང་སྤྱོད་སྤེལ་གསུམ་བྱེད་དུ་འཇུག་དགོས་པ་དང་། རྒྱ་ནག་གིས་གནའ་ནས་ད་བར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་གསལ་འདོན་གནང་རྒྱུ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་པའི་སྐོར། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཀྱི་མངའ་ཁོངས་ཡིན་པ་སོགས་གསལ་སྟོན་གནང་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མག་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ (A Resolution to the Tibet-China Conflict Act [H.R. 533]) བཏོན་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཉིན་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༢ ཀྱིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༢༨ ཀྱིས་དགག་བྱ་གནང་སྟེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད། ཟླ་ ༥ ཚེས ༢༣ ཉིན་ཨ་རིའི་གྲོས་ཚོགས་གོང་མར་མང་མོས་རྒྱབ་སྐྱོར་ཐོབ།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese