མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་དམངས་གཙོའི་གཟེངས་རྟགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ལ་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་སོགས་མི་སྒེར་དང་ཚོགས་པ་ཁག་ཅིག་ལ་འདི་ལོའི་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གི་གཟེངས་རྟགས་ཕུལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ཀྱིས་གཟེངས་རྟགས་བཞེས་སྐབས། བརྙན་པར་དུས་བབ་ཀྱིས་སྒྲིག་བཟོ་བྱས།

དེ་རིང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག བཙོན་ཁང་དུ་ཡོད་པའི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཀཱ་རཱ་ (Vladimir Kara-Murza)། བྷེ་ལེ་རེ་སིའི་མགོ་ཁྲིད་ (Sviatlana Tsikhanouskaya) ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས་བོད་ཕྲུག་རྣམས་ལ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་། ཡུ་ཁེ་རིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Regional Center for Human Rights)། སུ་ཌན་གྱི་གཞོན་སྐྱེས་མགོ་ཁྲིད་རྣམས་ལ་དམངས་གཙོ་དང་ཞི་བདེ་གོང་མཐོར་གཏོང་མཁན་གྱི་ཝའེ་ཚོགས་པ་ (Waey Organization) བཅས་ཚོགས་པ་གསུམ་ལ་ཕུལ་སོང་།

སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་རང་མི་དཀྱུས་མ་ཞིག་ཡིན་ལ། ངས་གང་ཐུབ་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཀྱི་རྗེས་སུ་འབྲང་གི་ཡོད། ད་ལྟ་ང་ཚོར་གང་ཡོད་པ་ཐམས་ཅད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་རེད། ང་མི་སྒེར་གྱིས་ཁྱེད་ཅག་གི་རེ་བཞག་བཞིན་ལས་དོན་གཉེར་ཐུབ་མེད་ནའང་། ངས་མི་ལོ་ ༣༠ ལྷག་གི་རིང་ལ་གང་ཐུབ་ཀྱིས་བོད་མིར་ཞབས་འདེགས་བསྒྲུབས་ཡོད་པས། ད་ལན་གྱི་གཟེངས་རྟགས་དེ་ནི་ངས་ཞབས་ཕྱི་བསྒྲུབ་ཡུལ་བོད་མི་དང་དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་ཕུལ་བ་ཡིན། ཞེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བཀའ་ཤག་དང་། ཁྲིམས་ཞིབ་ལྷན་ཁང་། ཁྲིམས་བཟོ་ལྷན་ཁང་སོོགས་ལྡན་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་སྒྲིག་འཛུགས་ཤིག་ཡིན་སྐོར་དང་། ད་ལྟ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་བོད་ནང་རྒྱ་ནག་གིས་བཅའ་སྡོད་སློབ་གྲྭ་བཙུགས་ནས། བོད་ཕྲུག་སྟོང་ཕྲག་མང་པོ་ཞིག་མངག་གཏོང་བྱེད་མུས་ཡིན་པའི་གནད་དོན་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་ཇུས་སྣ་མང་ཞིག་ལག་བསྟར་བྱེད་མུས་ཡིན་པའི་ཁོངས་ནས་གཅིག་ཡིན་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། འདས་པའི་ལོ་ཤས་རིང་རྒྱལ་ཁབ་ཁག་ཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་བརྗོད་ཀྱིན་ཡོད་ཀྱང་། ཡང་ཕྱོགས་གཞན་ཞིག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་རོགས་འདེགས་བྱེད་ཀྱི་ཡོད་ལུགས་བརྗོད་ཀྱིན་ཡོད་པས་། དོན་དངོས་ཐོག་བོད་རྒྱ་ནག་གི་ཆ་ཤས་རེད་བརྗོད་ཀྱིན་བོད་རྒྱ་ཞི་མོལ་ལ་རོགས་པ་བྱེད་ཀྱི་ཡིན་བཤད་པ་ནི་ཡོང་ཐབས་གཏན་ནས་མེད་པ་ཞིག་ཡིན་སྐོར་དང་། དམངས་གཙོའི་སྒྲིག་འཛུགས་ནང་མི་གཅིག་གི་ལས་དོན་ཁོ་ནས་ཡོང་ཐབས་བྲལ་བས། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་། སྲིད་སྐྱོང་མཆོག་དང་ལྷན་གཅིག་ཏུ་ལས་དོན་གཉེར་མཁན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་སྐུ་ཚབ་བྱས་ནས་གཟེངས་རྟགས་བཞེས་མཁན་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒན་རྒྱལ་ལོ་ལགས་ཀྱིས། གཟེངས་རྟགས་འདི་ནི་ང་ཚོའི་ལས་དོན་ལ་ངོས་འཛིན་ཐོབ་ཆེད་གཅིག་པུ་ཡིན་པར། འདིས་ང་ཚོས་མུ་མཐུད་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་མ་འོངས་པའི་སོན་རྩ་དག་གི་ཕུགས་བསམ་གྱི་ཆེད་དུ་འཐབ་རྩོད་བྱེད་པའི་སེམས་ཤུགས་འཕར་མ་ཞིག་བསྩལ་བྱུང་། ཞེས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་ཚད་ལས་འདས་པའི་དྲག་གནོན་དང་གཉའ་གནོན་བྱེད་མུས་ཡིན་ཡང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཡིད་སེམས་ཞུམ་མྱོང་མེད་ཅིང་། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་དྲུག་ཅུ་ལྷག་གིས་སྐུ་ལུས་མེ་རུ་བསྲེགས་ཡོད་སྐོར་དང་། བོད་མི་རིགས་ནི་མི་ལོ་སྟོང་ཕྲག་དུ་མའི་ཤེས་རིག་གི་དཔལ་ཡོན་དར་ཞིང་དཔའ་མཛངས་ལྡན་པའི་མི་རིགས་ཤིག་ཡིན་ཕྱིར། རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ཙམ་ཆེ་ནའང་བོད་མིའི་རང་དབང་འཐབ་རྩོད་ཆེད་སེམས་ཤུགས་ཆག་མྱོང་མེད་སྐོར་སོགས་བརྗོད་སོང་།

ཕྱི་ལོ་ ༡༩༨༣ ལོར་ཨ་རིར་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གསར་འཛུགས་གནང་སྟེ། ལྟེ་གནས་ཁང་དེ་ནི་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ནང་གི་དམངས་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་ལྟེ་གནས་ཁང་སོགས་ལ་དཔལ་འབྱོར་རོགས་རམ་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༣ ནས་བཟུང་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་ཐད་ལས་དོན་གཉེར་མཁན་གྱི་ཚོགས་སྒེར་ཁག་ལ་དམངས་གཙོའི་གཟེངས་རྟགས་ཕུལ་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམངས་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་བདེ་སྡུག་སོགས་ཀྱི་གནས་སྟངས་གོང་མཐོར་གནང་བའི་མཛད་རྗེས་ལ་ངོས་འཛིན་གྱིས་གཟེངས་རྟགས་དེ་ཕུལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese