མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལ་དྭགས་སུ་ལམ་རིམ་གྱི་བཀའ་ཆོས་དབུ་འཛུགས་མཛད།  

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཉོན་མོངས་བ་མེད་པའི་སེམས་གཙང་མ་བཟོས་པའི་ཐབས་ཤེས་བྱས་པར་ཆོས་བྱས་ཟེར་གྱི་ཡོད་སྐོར་བཀའ་སློབ་བསྩལ།

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལ་དྭགས་སུ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་གནང་བཞིན་པ། པར་ཐད་གཏོང་ལས་བླངས། ༢༠༢༤།༠༦།༡༤

ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༠ བར་ཉིན་གྲངས་དྲུག་རིང་ལ་དྭགས་ས་ཕུད་མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་གི་འཇམ་དགོན་བཤད་སྒྲུབ་ཐེག་ཆེན་གླིང་དགོན་པ་རུ། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ལ་དྭགས་སེར་སྐྱ་མི་མང་དང་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་བྱང་ཆུབ་ལམ་གྱི་རིམ་པར་ཤར་སྒོམ་བྱེད་ཚུལ་གྱི་བཀའ་ཆོས་གནང་གི་འདུག

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ལོ་སྔོན་མ་ནས་ལ་དྭགས་ནང་ཆོས་རིག་ལམ་སློབ་གཉེར་ཁང་གིས་རྒྱལ་མཆོག་ལྔ་བ་ཆེན་པོས་མཛད་པའི་ལམ་རིམ་ཁྲིད་ཆེན་བརྒྱད་ལས་གྲགས་ཆེ་བའི་འཇམ་དཔལ་ཞལ་ལུང་གི་འཆད་ཁྲིད་དགོས་ཀྱི་འདུག་གསུངས་ཡོད་ཀྱང་། དེ་ལ་དུས་ཚོད་མང་པོ་ཞིག་དགོས་ཀྱི་འདུག་པས་ད་ལོ་དུས་ཚོད་ཀྱིས་ལྕོགས་མ་བྱུང་། ལོ་ཁ་ཤས་ཀྱི་སྔོན་ལ་ངས་ལམ་རིམ་གྱི་དོན་ཆ་ཚང་བསྡུས་པའི་ལམ་རིམ་ཤར་སྒོམ་བྱེད་ཚུལ་བཤད་བཞག་པ་ཞིག་ཡོད། རྗེས་སུ་དོན་གཉེར་ཅན་ཁ་ཤས་ཀྱིས་ཡིག་ཐོག་ཏུ་ཕབ་སྟེ་དེབ་པར་སྐྲུན་བྱས་ཡོད།  སྤྱིར་བཏང་བོད་ཀྱི་སྐད་ཡིག་ནང་ཁ་ནས་བཤད་པའི་སྐད་དང་ཡིག་ཐོག་ཏུ་བྲིས་པའི་སྐད་གཉིས་མི་འདྲ་བ་རེད། ངག་ཐོག་ནས་ཡོང་བའི་ཚིག་དེ་སྟབས་བདེ་བོ་མེད་པས། ནམ་རྒྱུན་ངས་ངག་ནས་བཤད་པ་ཡིག་ཐོག་ཏུ་ཕབ་པ་དེ་འགྲེལ་བ་ཞེ་དྲགས་བྱེད་ཀྱི་མེད། དེས་བོད་སྐད་ཡིག་གི་བརྡ་སྤྲོད་གཞུང་ལུགས་ཉམས་པ་དང་སྐྱོན་རྒྱག་པའི་ཉེན་ཁ་ཡོད། ཁ་ནས་བཤད་བཞག་པ་ཡིག་ཐོག་ཏུ་ཕབ་པའི་སྐབས་སུ་ཕལ་ཆེར་གང་ལབ་པ་འབྲི་དགོས་པའི་སྲོལ་ཞིག་ཡོད། བར་ལམ་ཞིག་ནས་ཡིག་ཐོག་ཏུ་ཕབ་མཁན་མང་པོ་ཞིག་གིས་དོ་སྣང་བྱས་ཏེ། ཡིག་ཐོག་ཏུ་བཀོད་མི་རུང་བའི་ཚིག་རྣམས་བསལ་ཏེ་འགྲོ་བཞིན་འདུག ད་ལྟ་ང་ཚོས་འཆད་ཉན་བྱེད་སའི་གཞུང་འདི་ཡང་ངག་གི་སྐད་ཡིན་ཙང་། ཡིག་སྐད་དང་མ་མཐུན་པའི་ཚིག་གང་འཚམ་ཡོང་སྲིད་པ་རེད་དེ། བརྡ་སྤྲོད་ཀྱི་གཞུང་དང་ཧ་ཅང་འགལ་བ་ཆེན་པོ་ཞིག་མཐོང་མ་སོང་ལ། ཉིན་ལྔའི་རིང་གཞུང་འདིའི་ལུང་དང་སྦྲགས་ནས་འཆད་ཁྲིད་མདོར་བསྡུས་ཤིག་བྱ་རྒྱུ་ཡིན།

ཉིན་ལྔའི་རིང་སྐྱེ་བོ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བཤད་ཟེར་བ་དེ། གཅིག་བྱས་ན་ང་ཚོ་ཏོག་ཙམ་ཧམ་པ་ཚ་བའི་སྲོལ་ཞིག་ཆགས་ཀྱང་འབད་རྩོལ་ཞུ་རྒྱུ་ཡིན། དེང་རབས་ཀྱི་སྤྱི་ཚོགས་ནང་དུ་མི་ཚང་མས་དུས་ཚོད་དེ་གལ་ཆེ་ཤོས་སུ་བརྩི་བ་ཞིག་ཆགས་ཡོད་དུས། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་གཞུང་ཆེན་མོ་ཞིག་འཆད་ཉན་བྱེད་པའི་འབད་རྩོལ་ཞུ་བཞིན་ཡོད། སྔོན་བྱུང་གི་བླ་མ་དམ་པའི་འཆར་གཞི་བཞིན་ལམ་རིམ་འཆད་ཉན་བྱེད་སྐབས། རྒྱུན་དུ་མཆོད་བསྟོད་ཀྱི་ཐོག་མར་ཆོ་ག་ཕྱག་ལེན་སོགས་མང་པོ་ཡོད་ཀྱང་། དུས་ཚོད་ཀྱིས་ལྕོགས་ཀྱི་མེད་པར་མདོར་བསྡུས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཆོས་ཟེར་བ་དེ་བཅོས་པའི་དོན་རེད། ག་རེ་བཅོས་ཀྱི་ཡོད་ཟེར་ན་སེམས་དེ་བཅོས་ཀྱི་ཡོད་པ་རེད། སེམས་དེ་གང་འདྲ་བཅོས་ཀྱི་ཡོད་ཟེར་ན་འདོད་ཆགས་དང་།ཞེ་སྡང་སོགས་ཉོན་མོངས་བའི་གཞན་དབང་དུ་སོང་བའི་སེམས་དེ། ཉོན་མོངས་བ་མེད་པའི་སེམས་གཙང་མ་བཟོས་པའི་ཐབས་ཤེས་བྱས་པར་ཆོས་བྱས་ཟེར་བ་རེད། སེམས་བཅོས་པར་སྔགས་བགྲངས་པ་དང་། ཕྱག་འཚལ་བ། སྐོར་བ་རྒྱག་པ་སོགས་ཀྱིས་བསོད་ནམས་བསགས་པར་བརྟེན་ནས་ཕན་ཐོགས་ཕྲན་བུ་འབྱུང་སྲིད་ཀྱང་། བསོད་ནམས་དེའི་ཐད་ཀར་སེམས་ལ་བྱ་བ་བྱེད་ཀྱི་མ་རེད། སེམས་ཀྱི་ཐད་ཀར་བྱ་བ་གང་འདྲ་བྱེད་དགོས་ཟེར་ན་སོ་སོའི་དངོས་པོའི་དོན་ལ་བསམ་བློ་བཏང་སྟེ། སེམས་དེ་ཉོན་མོངས་བའི་ཕྱོགས་ནས་བཅོས་དགོས་པ་མ་གཏོགས། བསམ་བློ་མ་བཏང་ནས་བཅོས་རྒྱུ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་སོང་།

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལ་དྭགས་སེར་སྐྱ་མི་མང་ལ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་གནང་བཞིན་པ། པར་ཐད་གཏོང་ལས་བླངས། ༢༠༢༤།༠༦།༡༤

དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གིས། བྱང་ཆུབ་ལམ་གྱི་རིམ་པ་ཞེས་པ་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་སྐྱེ་བོ་གསུམ་གྱི་ལམ་གྱི་རིམ་པ་གང་རུང་སྟོན་གྱི་ཡོད་ལ། ཕྱིས་སུ་སངས་རྒྱས་ཀྱིས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ལ་སོགས་ནས་གསུངས་བའི་ལམ་གྱི་རིམ་པ་རྒྱ་ཆེ་བ་དག་ལ་གང་ཟག་གཅིག་གིས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་གོ་བ་ལེན་པ་ཁག་པོ་ཆགས་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བསྟན་པ་བསྐྱར་གསོ་བྱེད་ཆེད་གདན་འདྲེན་ཞུ་སྐབས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ལམ་གྱི་རིམ་པ་ཆ་ཚང་བའི་གཞུང་ཞིག་བརྩམས་རོགས་ཞུས་པར་བརྟེན། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་བརྩམས་པ་རེད། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་བཤད་པའི་ལམ་གྱི་རིམ་པ་དེ། གང་ཟག་གཅིག་གིས་གདན་ཐོག་གཅིག་ནས་ཉམས་སུ་ལེན་པའི་ཚུལ་མདོར་བསྟན་པ་ཞིག་རེད། ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་ཁྲོད་བྱང་ཆུབ་ལམ་རིམ་གྱི་འཆད་ཉན་བྱེད་པར་ཐུན་མོང་མ་ཡིན་པའི་ལམ་སྲོལ་དར་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese