མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་མ་རྡོ་རྗེ་ལགས་སུ་ཁེ་ན་ཌའི་སྤྱི་དམངས་གཟེངས་རྟགས་ཐོབ་འདུག  

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་གནས་སྡོད་འཛུགས་སྐྲུན་འཆར་འགོད་པ་བོད་མི་ཉི་མ་རྡོ་རྗེ་ལགས་སུ་ཡུལ་དེའི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གཉིས་པ་(Order of Canada)ཞེས་པ་ཐོབ་འདུག

ཁེ་ན་ཌའི་ནང་གནས་སྡོད་འཛུགས་སྐྲུན་འཆར་འགོད་པ་བོད་མི་ཉི་མ་རྡོ་རྗེ་ལགས་སུ་ཡུལ་དེའི་གཟེངས་རྟགས་མཐོ་ཤོས་གཉིས་པ་ཐོབ།

ལོ་ལྟར་ཁེ་ན་ཌའི་ནང་སྤྱི་ཚོགས་ཞབས་ཕྱི་སྒྲུབ་མཁན་གཟེངས་སུ་ཐོན་པ་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་འདི་ལོའི་ཁེ་ན་ཌ་རྒྱལ་ཡོངས་ཀྱི་སྤྱི་དམངས་གཟེངས་རྟགས་(Order of Canada) ཐོབ་མཁན་སྨན་པ་དང་སྒྱུ་རྩལ་བ། ལས་འགུལ་བ། དཔལ་འབྱོར་རིག་པ་བ་སོགས་མི་གྲངས་ ༨༣ གྱི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པ་དང་། དེའི་ཁྲོད་དུ་འཛུགས་སྐྲུན་འཆར་འགོད་པ་བོད་མི་ཉི་མ་རྡོ་རྗེ་ལགས་ཀྱང་ཚུད་ཡོད་འདུག ཁོང་ནི་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་བྱང་ཤར་ཁུལ་ནས་བོད་མི་གཅིག་སྟོང་ཙམ་ཁེ་ན་ཌར་གནས་སྤོར་གྱི་ལས་གཞིའི་ཐོག་འགན་ལེན་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག

གཟེངས་རྟགས་དེ་ཐོབ་པའི་གསལ་བསྒྲགས་གནང་རྗེས་ཁོང་གིས། གཟེངས་རྟགས་འདི་འདྲ་ཞིག་ཐོབ་པ་བརྒྱུད། མ་འོངས་པའི་བོད་པའི་སྤྱི་ཚོགས་སུ་སྐྱེས་འཚར་བྱེད་མུས་ཡིན་པའི་གཞོན་སྐྱེས་རྣམས་ལ་མིག་དཔེ་ཞིག་དང་། བོད་ཀྱི་གཞོན་སྐྱེས་ཚོས་སྤྱི་ཚོགས་འདྲ་མིན་དུ་ལས་དོན་གཉེར་བའི་སེམས་འདུན་འཕར་མ་ཞིག་སྟེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་དང་། གནས་སྟངས་སོགས་ཀྱི་ཐད་ལ་བསམ་གཞིག་དང་། བོད་དང་བོད་མིའི་ངོ་བོ་དང་མཚན་མཐོང་མི་བརླག་པའི་ཆེད་དུ་མུ་མཐུད་དུ་སྤྱི་ཚོགས་ཞབས་ཕྱིའི་ལས་དོན་སོགས་ཀྱི་ཐོག་འབད་འབུངས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༨༡ ལོར་ཉི་མ་རྡོ་རྗེ་ལགས་རྒྱ་གར་ནས་ཁེ་ན་ཌར་གནས་སྤོར་གནང་སྟེ། ཁེ་ན་ཌའི་ཁེལ་གྷ་རི་(Calgary) མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་། སློབ་མཐར་ཕྱིན་རྗེས་བཟོ་ལས་འཆར་འགོད་ཐོག་སློབ་གཉེར་གནང་ནས་བཟོ་ལས་འཆར་འགོད་པ་རྣམས་ལ་བཟོ་ལས་སྦྱོང་བརྡར་བྱ་སའི་ལས་ཁུངས་ཤིག་བཙུགས། ཁོང་ལ་ཁེ་ན་ཌའི་ཞི་བདེའི་གཟེངས་རྟགས་(Canada Peace Medal) དང་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་(Calgary Freedom of Expression Award)། ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌའི་ཨེལ་བྷི་ཊ་(Alberta) ཁུལ་གྱི་བཟོ་རིག་འཆར་འགོད་དང་ས་ཁམས་ཚན་རིག་སྡེ་ཚན་གྱི་ཚོགས་གཙོར་འདེམས་ཐོན་བྱུང་། དེ་བཞིན་ཁོང་གིས་ཨ་རི་དང་། དབྱིན་ཡུལ། སུད་སི་སོགས་ཀྱི་སྐུ་ཚབ་དོན་གཅོད་ཁང་ནང་ཕྱག་ལས་གནང་མྱོང་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་བོད་ནང་དུ་ཕྱིན་ནས་བོད་ནང་གི་གནས་སྟངས་སོགས་རྒྱུས་ལོན་གནང་ཡོད་པ་རེད།

ཁེ་ན་ཌའི་སྤྱི་དམངས་གཟེངས་རྟགས་དེ་ནི་ཡུལ་དེའི་སྤྱི་ཚོགས་ཞབས་འདེགས་དང་གཟེངས་སུ་ཐོན་པའི་མི་རྣམས་ལ་སྤྲད་སྲོལ་ཡོད་ཅིང་། གཟེངས་རྟགས་དེ་ཕྱི་ལོ་ ༡༩༦༧ ལོར་ཐོག་མར་སྤྲད་མགོ་བཙུགས་པ་ནས་ད་བར་ཡུལ་དེའི་སྤྱི་ཚོགས་ཞབས་འདེགས་ཀྱི་སླད་དུ་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་གྱི་མི་གྲངས་ ༧༦༠༠ ཙམ་ལ་གཟེངས་རྟགས་དེ་ཐོབ་ཡོད་ཅིང་། གཟེངས་རྟགས་དེ་ནི་ཁེ་ན་ཌ་རྒྱལ་ཡོངས་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གཉིས་པ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    རང་ཅག་བོད་མིའི་ཕོ་རྒོད་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། མ་འོངས་པར་བཙན་བྱོའ་བོད་མིའི་སྲིད་སྐྱོང་ཞབས་འདེགས་ཀྱི་འོས་མིར་ངེས་པར་དུ་བཞེངས་རོགས་གནང་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese