མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་རིག་པ་བ་ཇའེ་ཧྥི་རེ་ཧོབ་ཀིན་སི་ལགས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧སྐུའི་གསུང་སྒྱུར་བ་དང་བོད་རིག་པའི་མཁས་དབང་ཇའེ་ཧྥི་རེ་ཧོབ་ཀིན་སི་ལགས་དགུང་གྲངས་ ༨༣ སྟེང་འདས་གྲོངས་སུ་ཕྱིན།

Jeffrey Hopkins. Image via the UMA Institute for Tibetan Studies

ཟླ་འདིའི་ཕྱི་ཚེས་ ༢ ཉིན་༧སྐུའི་གསུང་སྒྱུར་བ་དང་ཨ་རིའི་བོད་རིག་པ་བ་སྐུ་ཞབས་ཇའེ་ཧྥི་རེ་ཧོབ་ཀིན་སི་ (Jeffrey Hopkins) ལགས་དགུང་གྲངས་ ༨༣ སྟེང་ཁེ་ན་ཌའི་བན་ཁོའུ་བཱར་གྲོང་ཁྱེར་དུ་འདས་གྲོངས་སུ་ཕྱིན་པར་བརྟེན། དཔལ་ལྡན་འབྲས་སྤུངས་དགོན་མང་གྲྭ་ཚང་གི་གཙོ་བྱས་པའི་ཤར་ནུབ་གཉིས་ཀྱི་བོད་རིག་པ་དང་འབྲེལ་བའི་ཚོགས་སྡེ་དང་མི་སྒེར་མཁས་དབང་མང་པོས་དྲ་ལམ་ནས་ཁོང་ལ་མྱ་ངན་རྗེས་དྲན་ཞུ་བཞིན་འདུག

སྐུ་ཞབས་ཇའེ་ཧྥི་རེ་ཧོབ་ཀིན་སི་ལགས་འདས་གྲོངས་སུ་ཕྱིན་པ་དང་འབྲེལ། དེ་རིང་འབྲས་སྤུངས་དགོན་མང་གྲྭ་ཚང་གིས་མཆོད་འབུལ་སྨོན་ལམ་འཚོགས་ཏེ་དམ་པ་ཁོང་ལ་རྗེས་དྲན་མྱ་ངན་ཞུས་ཡོད་པ་མ་ཟད། དགོན་མང་གྲྭ་ཚང་གིས་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་མྱ་ངན་ཞུ་ཡིག་ཅིག་ཕུལ་བ་དང་འབྲེལ་བའི་ནང་། སྐུ་ཞབས་ཇའེ་ཧྥི་རེ་ཧོབ་ཀིན་སི་ (Jeffrey Hopkins) ལགས་ཀྱིས་ཕྱི་ལོ་ ༡༩༧༣ ནས་འདས་པའི་ལོ་ངོ་ ༣༢ རིང་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་གནང་ཡོད་ཅིང་། ཕྱི་ལོ་ ༡༩༧༩ ནས་ ༡༩༨༩ བར་༧སྐུའི་གསུང་སྒྱུར་བའི་ཕྱག་ལས་གནང་ཡོད་པ་སོགས་འཁོད་འདུག་ལ། ཕྱི་ལོ་ ༡༩༧༩ ལོར་༧གོང་ས་མཆོག་ཨ་རིར་ཐོག་མར་ཕེབས་སྐབས་ཁོང་གིས་སྐད་སྒྱུར་གྱི་ལམ་ནས་༧གོང་ས་མཆོག་ལ་ཞབས་འདེགས་ཞུས་ཡོད།

སྐུ་ཞབས་ཇའེ་ཧྥི་རེ་ཧོབ་ཀིན་སི་ (Jeffrey Hopkins) ལགས་ནི་བྱང་ཨ་རིའི་ཁུལ་གྱི་སློབ་གསོའི་སྡེ་ཁག་ཏུ་བོད་བརྒྱུད་ནང་བསྟན་སློབ་ཁྲིད་གནང་མཁན་གྱི་མི་སྣ་ཆེས་ཤུགས་རྐྱེན་ཆེ་བ་ཞིག་ཡིན་པ་དང་། ཁོང་གིས་ཐོག་མར་ཕྱི་ལོ་ ༡༩༧༣ ལོར་ཨ་རིའི་ཝར་ཇེན་ནེ་ཡ་གཙུག་ལག་སློབ་ཆེན་དུ་ལྷོ་ཨེ་ཤ་ཡའི་སློབ་ཚན་གསར་འཛུགས་གནང་སྟེ། སློབ་ཆེན་དེར་ལོ་ངོ་ ༣༢ རིང་བོད་ཀྱི་ནང་ཆོས་དང་སྐད་ཡིག་སློབ་ཁྲིད་གནང་། ཕྱི་ལོ་ ༡༩༧༥ ལོར་ཁོང་གིས་བོད་བརྒྱུད་ནང་བསྟན་འབུམ་རམས་པའི་སློབ་གཉེར་ལས་རིམ་གསར་བཟོ་བྱས་ཏེ། བྱང་ཨ་རིའི་ཁུལ་གྱི་སློབ་གསོའི་སྡེ་ཁག་ཏུ་དར་ཁྱབ་ཧ་ཅང་ཤུགས་ཆེན་བྱུང་མྱོང་ལ། ཁོང་གིས་ཕྱི་ལོ་ ༡༩༧༣ ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་ཞིང་དམིགས་བསལ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་དཔེ་དེབ་ཁྱོན་ ༥༠ ལྷག་ཡིག་སྒྱུར་དང་རྩོམ་སྒྲིག་གནང་ཁར། ཤོག་ངོས་ ༩༠༠ བདག་ཉིད་ཅན་གྱི་བོད་ཡིག་དང་ལེགས་སྦྱར། དབྱིན་ཡིག་བཅས་སྐད་ཡིག་གསུམ་ལྡན་གྱི་ནང་པའི་ཐ་སྙད་ཡིག་སྒྱུར་བྱས་པའི་ཚིག་མཛོད་ཅིག་ཀྱང་ཕྱོགས་བསྒྲིགས་གནང་ཡོད།

ཁོང་གིས་ཡིག་སྒྱུར་གནང་བའི་ཁྲོད་ནང་པའི་མཁས་བའི་དབང་པོ་སློབ་དཔོན་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ། རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་བའི་གསུང་འབུམ་དང་། ༧གོང་ས་མཆོག་གི་གསུང་སྒྱུར་བ་གནང་སྐབས། ཁོང་གིས་༧གོང་ས་མཆོག་གི་བཀའ་སློབ་གསུང་ཆོས་ཀྱི་ཕྱག་དེབ་ ༡༦ ཡིག་སྒྱུར་དང་རྩོམ་སྒྲིག་གནང་འདུག་ལ། དེ་བཞིན་བརྩམས་ཆོས་ཁག་གི་ཁྲོད་དུ། ཆེས་གྲགས་ཆེ་བ་ནི་སྟོང་ཉིད་ཀྱི་སྒོམ་ཞེས་འབུམ་རམས་པའི་ཆེད་རྩོམ་དེ་ཡིན་པ་དང་། དེ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའི་ནང་གསེས་ཤིག་ཡིན་ཞིང་། ཁོང་གིས་༧ཀུན་མཁྱེན་གྱི་གཞུང་ལུགས་མང་པོ་དང་རྙིང་མའི་སྔགས་ཉམས་ལེན་བྱེད་ཚུལ། དཔལ་རྒྱལ་བ་ཇོ་ནང་པའི་གཞན་སྟོང་སྙིང་པོ། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་སོགས་ཡིག་སྒྱུར་གནང་མྱོང་འདུག

ཇའེ་ཧྥི་རེ་ཧོབ་ཀིན་སི་ནི་ཕྱི་ལོ་ ༡༩༤༠ ལོར་ཨ་རིའི་མངའ་སྡེ་ (Rhode Island) རུ་སྐྱེས་པའི་ཨ་རིའི་བོད་རིག་པ་བ་ཞིག་ཡིན། ཁོང་གིས་ཝར་ཇིན་ནེ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་རིག་པ་དང་ནང་ཆོས་རིག་པའི་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་ཏེ། ཕྱི་ལོ་ ༡༩༧༣  ལོ་ནས་བཟུང་ལོ་ངོ་བཅུ་ཕྲག་གསུམ་ལྷག་གི་རིང་ལ་སློབ་ཁྲིད་གནང་ཡོད་པ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese