མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་འོག་ནས་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དང་བསྟུན། ཁོང་གི་ཚ་མོ་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དབུ་འབྱེད་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༠༧།༡༢

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་འོག་ནས་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དང་བསྟུན། ཁོང་གི་ཚ་མོ་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཉམས་ཞིབ་པ། སློབ་གཉེར་བ་བཅས་འཛོམས་འདུག

འདི་གའི་གསར་འགོད་པས་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་སྐོར་ལ་རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས་སུ་དྲིས་པར་ཁོང་གིས། ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་གྱི་དཔེ་དེབ་འདི་ནི་ཕྱི་ལོ་ ༢༠༡༩ ལོར་འབྲི་མགོ་བཙུགས་པ་ཞིག་ཡིན། ང་རང་སློབ་གྲྭའི་དགེ་རྒན་ཞིག་ཡིན་པར་བརྟེན། དབྱར་ཁའི་གུང་སེང་ཉིན་ ༢༠ དང་དགུན་ཁའི་གུང་སེང་ཉིན་ ༥༠ བེད་སྤྱོད་བཏང་སྟེ་བྲིས་པ་ཞིག་ཡིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་བཙོན་ཁང་ནས་འདས་གྲོངས་སུ་ཕྱིན་ནས་ལོ་ ༩ འཁོར་བའི་ཉིན་མོ་དཔེ་དེབ་དབུ་འབྱེད་བྱེད་ཐུབ་བྱུང་བ་རེད།

དཔེ་དེབ་ཀྱི་ནང་དོན་དང་དགེ་མཚན་གཙོ་བོ་ནི་སྤྱིར་རིན་པོ་ཆེ་མཆོག་གི་སྐོར་ལ་སྐབས་ཐོག་གི་གནས་ཚུལ་འདྲ་མིན་བྱུང་བ་ཐོན་ཡོད་ཀྱང་། དེབ་འདིའི་ནང་རིན་པོ་ཆེ་མཆོག་གི་མགོ་ཁྱིམ་རྒྱུད་ནས་བཟུང་བར་དུ་མཛད་པ་སྐྱོང་སྟངས་དང་། མ་ཉེས་ཁ་གཡོགས་ཀྱིས་འཇུ་བཟུང་བཙོན་འཇུག་བྱེད་སྟངས། བཙོན་བཅུག་གི་ལོ་ ༡༣ རིང་ཁོང་གི་གཉེན་ཉེ་དང་། སློབ་ཕྲུག ས་གནས་མི་མང་བཅས་ཀྱིས་ཐུག་འཕྲད་དང་ཞུ་གཏུགས་བྱས་པའི་རིམ་པ། དེ་བཞིན་རིན་པོ་ཆེ་མཆོག་སྐུ་གྲོངས་རྗེས་ཀྱང་རྒྱ་གཞུང་གིས་སྐུ་གདུང་མ་སྤྲད་པའི་བར་གྱི་གསལ་ཁ་མེད་པའི་གནས་ཚུལ་མང་པོ་ཞིག་བང་རིམ་དང་ལྡན་པའི་ཐོག་ཁ་བསྐང་བྱས་ཡོད། དེབ་འདི་ནི་དོན་ཚན་ ༥༣ དང་ཤོག་གྲངས་ ༣༤༥ ཅན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐོར་གྱི་གནས་ཚུལ་ཆ་ཚང་ཡོད་པ་ཞིག་ཡིན།

དེབ་འདི་ནི་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་ལོ་གཅིག་གི་རྗེས་སུ་ཁོང་གི་ཚ་མོ་རྒྱ་གར་སླེབས་ཏེ། ས་གནས་ས་ཐོག་གི་གནས་ཚུལ་ཆ་ཚང་བཤད་པ་ཡིན་པས་དོན་སྙིང་ལྡན་པ་ཞིག་ཆགས་ཡོད་ལ་། རིན་པོ་ཆེ་མཆོག་སྐུ་གྲོངས་སྐབས་ཉི་མ་ལྷ་མོས་མ་ཉེས་ཁ་གཡོགས་བྱས་པའི་གནས་ཚུལ་རྣམས་བཤད་དགོས་ས་ཞིག་ཏུ་བཤད་རྒྱུ་ཡིན་པའི་དམ་བཅའ་བཞག་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་སུ་སྙན་སེང་ཞུས་ཡོད་པ་མ་ཟད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་དམངས་གཙོའི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོགས་བྱས་པ་བོད་མི་གཅིག་མཚུངས་ཀྱི་གནད་དོན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་གསར་འགོད་པས་བདེན་དོན་གླེང་བའི་གཏམ་གྱི་གལ་གནད་སྐོར་ཆབ་སྲིད་བཙོན་ཟུར་ཚེ་རིང་རྡོ་རྗེ་ལགས་སུ་དྲིས་པར་ཁོང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་འཇུག་ལོ་ ༡༣ བྱས་པའི་རིང་། ཁོང་གི་ཚ་མོ་ཉི་མ་ལྷ་མོས་ཞུ་གཏུགས་སོགས་ཅི་ཙམ་བྱས་ཀྱང་སྐུ་སྲོག་སྐྱོབ་པའི་ཕན་འབྲས་ཅི་ཡང་ཐོན་མེད་པ་མ་ཟད།  མཐའ་མ་རྒྱ་གཞུང་གི་བཙོན་ཁང་ནས་སྐུའི་གདུང་ཐལ་ཙམ་ཡང་སྤྲད་ཡོད་པ་མ་རེད། དེ་དུས་འུ་ཐུག་ཐབས་ཟད་ཀྱི་ཐོག་ཁོང་མོས་རང་སྲོག་བཅད་ཐབས་བྱས་མྱོང་ཡོད་པ་དང་། རྒྱ་གཞུང་གི་དམག་མིས་ཞུ་གཏུགས་བྱེད་མཁན་མི་མང་གི་ཁྲོད་མེ་མདའ་བརྒྱབ་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་རིགས་དེབ་འདིའི་ནང་འཁོད་ཡོད། དེ་རིང་ཉིན་མོ་འདི་དང་འབྲེལ་བའི་ཐོག་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ཡིན་པ་མ་ཟད། དེབ་འདིས་བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་རྣམས་ཀྱི་མ་འོངས་བའི་ལས་དོན་བྱེད་ཕྱོགས་ལ་ཕན་ཐོགས་རྒྱུ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་བླ་མ་ཚད་ལྡན་ཞིག་རེད། ཁོང་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་རེད་ཅེས་གསུངས་ཡོད་པ་རེད། དེ་ལས་ལྷག་པ་ང་ཚོས་ཤེས་དགོས་པ་ཡོད་པ་མ་རེད། དེ་བཞིན་ཚ་མོ་ཉི་མ་ལྷ་མོས་རིན་པོ་ཆེ་མཆོག་གི་མཛད་རྗེས་དང་དཀའ་སྡུག་གི་བརྒྱུད་རིམ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཆེད་དུ། རྒྱ་གར་དུ་བཙན་བྱོལ་ལ་སླེབས་ནས་༧གོང་ས་མཆོག་ལ་ཐེངས་གསུམ་མཇལ་ཁ་ཞུས་རྗེས། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ་བོད་དོན་ཆེད་དཀའ་ལས་མང་པོ་རྒྱག་བཞིན་འདུག ཅེས་བརྗོད་སོང་།

དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་ནི་རྒྱ་གཞུང་གི་སྲིད་ཇུས་ངན་པ་དང་གདུག་རྩུབ་ཀྱི་འོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གྲོངས་པའི་ཉིན་མོ་རེད། ཉིན་མོ་འདིར་ང་ཚོས་རིན་པོ་ཆེ་མཆོག་གི་གཙོས་བོད་ནང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་མཁན་དང་ད་ལྟ་མནར་གཅོད་མྱོང་བཞིན་པ་ཚང་མ་སྙིང་ནས་དྲན་དགོས་ལ། དོན་གྱི་ཐོག་ནས་ཀྱང་ཁོང་རྣམ་པའི་སྐུ་ལས་བསྐྱོན་པ་དེ་ཆུད་ཟོས་སུ་མི་གཏོང་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་སྐལ་བ་བཟང་པོའི་དུས་འདིར། བོད་མི་ཡོངས་ཀྱི་མཐུན་སྒྲིལ་བྱས་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་ནང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོགས་ཀྱིས་བཙོན་འཇུག་བྱས་ཏེ། ལོ་ ༡༣ རིང་ཁོང་གི་གཉེན་ཉེ་སོགས་ཀྱིས་ཞུ་གཏུགས་བྱས་པའི་བརྒྱུད་རིམ་དང་། ཁོང་བཙོན་ཁང་ནས་སྐུ་གྲོངས་རྗེས་ཀྱང་རྒྱ་གཞུང་གིས་སྐུ་གདུང་མ་སྤྲད་པའི་བར་གྱི་གནས་ཚུལ་གསལ་ཁ་བཏོན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། སྐལ་བཟང་སྦྱིན་པས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese