མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཨ་རིར་ཡོང་བར་བཀག་སྡོམ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཨ་རིར་ཡོང་བར་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པ་ཐག་གཅོད་གནང་འདུག

FILE PHOTO: People take part in a rally to encourage Canada and other countries as they consider labeling China’s treatment of its Uighur population and Muslim minorities as genocide, outside the Canadian Embassy in Washington, D.C., U.S. February 19, 2021. REUTERS/Leah Millis/File Photo Purchase Licensing Rights

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐིའུ་མི་ལར་ (Matthew Miller) ལགས་ཀྱིས། ཨ་རིས་མུ་མཐུད་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དམར་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཨ་རིར་ཡོང་བར་ཐོངས་མཆན་བཀག་སྡོམ་གྱི་ཉེས་ཆད་གཏོད་རྒྱུ་ཡིན་པ་ཐག་གཅོད་བྱས་ཡོད། གང་ཡིན་ཟེར་ན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་ལག་བསྟར་མ་བྱས་པ་དང་། ཤར་ཊུར་ཀི་སི་ཐན་ནང་མུ་མཐུད་དུ་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ལ། དེ་བཞིན་ཧོང་ཀོང་ནང་གི་གཞི་རྩའི་རང་དབང་མེད་པ་བཟོ་བཞིན་ཡོད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་སོགས་ལས་གསལ་སྟོན་བྱེད་ཐུབ། ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་བཀོད་པའི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་དང་། ད་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་དུས་མཚམས་བསྐྱར་ཞིབ་སྐབས་བཏོན་པའི་གྲོས་འཆར་རྣམས་དྭང་ལེན་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། གང་བྱུང་འཛིན་བཟུང་དང་དྲང་བདེན་མིན་པའི་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཉིན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ཐག་གཅོད་དེ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་རྒྱལ་སྲུང་བཟོ་གྲྭ་དྲུག་གིས་ཐའེ་ཝན་ལ་གོ་མཚོན་འཚོང་གི་ཡོད་པར་བརྟེན། བཟོ་ཚོང་ཁང་དང་ཚོང་འབྲེལ་བཀག་སྡོམ་དང་། ཚོང་ལས་ཁང་དེ་དག་གི་མཐོ་རིམ་འཛིན་སྐྱོང་དཔོན་རིགས་ ༥ རྒྱ་ནག་ནང་ཡོང་བར་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་དང་། ཨ་རིའི་གཞུང་གིས་ཐའེ་ཝན་ལ་གོ་མཚོན་ཚོང་འབྲེལ་བྱས་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་རྡོག་རོལ་གཏོང་གི་ཡོད་སྐོར་སོགས་རྒོལ་ལན་བསླགས་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཧྥོང་ཡུ་ (Liu Pengyu) ཡིས། ཨ་རིས་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་གྱི་གནད་དོན་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སོགས་ལ་ཁ་གཡར་ནས་རྒྱ་ནག་གི་དཔོན་རིགས་ལ་ཁྲིམས་འགལ་གྱིས་ཉེས་ཆད་བཏང་བ་རྣམས་མེད་པ་བཟོ་དགོས་སྐོར་དང་། གལ་ཏེ་དེ་ལྟར་མི་བྱས་ཚེ། རྒྱ་ནག་གི་རྒོལ་ལན་ངན་པ་སློག་གི་ཡིན། ཞེས་བརྗོད་འདུག

ཉེ་ལམ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པར་བརྟེན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའི་ཉིང་ (Mao Ning) གིས། ཁྲིམས་དེས་བོད་རང་བཙན་ཡིན་པར་སྐུལ་འདེད་བཏང་སྟེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དང་། ཨ་རིའི་གཞུང་གིས་རྒྱ་ནག་བརྟན་ལྷིང་མེད་པ་བཟོ་རྒྱུའི་དམིགས་ཡུལ་འགྲུབ་སླད་བོད་རྒྱའི་དཀའ་རྙོག་སེལ་ཐུབ་མེད་པའི་རྫུན་གཏམ་བཤད་ཀྱི་ཡོད་སྐོར་དང་། ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱ་དགོས་པ་དང་། བོད་རང་བཙན་ཡིན་པར་ངོས་ལེན་བྱེད་ཆོག་གི་མེད་སྐོར་སོགས་བརྗོད་འདུག

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལག་བསྟར་བྱེད་བཞིན་པར་བློ་འཚབ་བྱེད་ཀྱི་ཡོད་ལ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་མཉམ་འབྲེལ་གྲོས་མོལ་ཐེངས་ ༣༩ པའི་སྟེང་། བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་བློ་འཚབ་ཡོད་སྐོར་དང་། རྒྱ་ནག་གི་བཟོ་ཚོང་ཁང་ ༡༤ དང་ཚོང་འབྲེལ་མཚམས་འཇོག་བྱས་ཡོད་འདུག་ལ། ཨ་རིའི་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་ ༡༢ ཙམ་ལ་ཚོང་འབྲེལ་བྱེད་མཚམས་བཞག་ཡོད་པ་རེད།

གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱི་ཤར་ཊུར་ཀི་སི་ཐན་ཉེན་རྟོག་དཔོན་ཁྲིན་མིང་གོ་ (Chen Mingguo) དང་། ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཟུར་པ་ཀྲུའུ་ཧའེ་ལུན་ (Zhu Hailun) གཙོས་ལས་བྱེད་རྒན་པ་ཝང་ཅིན་ཀྲིན་ (Wang Junzheng) དང་། ཝང་མིང་ཧྲན་ (Wang Mingshan)  བཅས་རྒྱ་ནག་གི་དཔོན་རིགས་བཞི་དང་། ཤར་ཊུར་ཀི་སི་ཐན་གྱི་ཐོན་སྐྱེད་འཛུགས་སྐྲུན་རྟོག་ཞིབ་ཉེན་རྟོག་ཁང་ (Xinjiang Production and Construction Corps Public Security Bureau) ལ་སྲིད་དོན་ཉེས་ཆད་བཅད་དེ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་མཚམས་འཇོག་མ་བྱས་བར་དུ་ཡུ་རོབ་ནང་ཡོང་མི་ཆོག་པ་བཟོས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༠ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese