མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་ནང་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་འཚོགས། 

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་གཞུང་གིས་ཁུལ་དེའི་བོད་མི་རྣམས་ཀྱི་བོད་དོན་འཐབ་རྩོད་དང་མིའི་གཞི་རྩའི་འཚོ་བ་སོགས་ཀྱི་ཐད་ལ་རོགས་འདེགས་གནང་རྒྱུ་ཡིན་སྐོར་བརྗོད་འདུག

President and Members of Tibet Support Group of Arunachal Pradesh Visit Tenzingang Tibetan Settlement Office

དེ་རིང་རྒྱ་གར་ཨ་རུ་ན་ཅལ་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ས་གནས་མགོ་འཛིན་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ནུབ་ཁ་མིང་(West Kameng) རྫོང་ཁོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཞིག་སྐོང་འཚོག་གནང་ཡོད་ཅིང་། ལྷན་ཚོགས་དེར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་བ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨར་ཀི་ཁྲི་མེས་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཉི་མ་སེངྒེ་ལགས། བསྟན་འཛིན་སྒང་ས་གནས་མགོ་འཛིན་རབ་བརྟན་ཚེ་རིང་ལགས་སོགས་ཀྱིས་མཉམ་ཞུགས་གནང་འདུག 

སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཙོ་ཏག་ཏ་རག་ (Tarh Tarak) ལགས་ཀྱིས། ཉ་ེལམ་ཁོང་ཉིད་ཧིན་བོད་མཐའ་མཚམས་ཁུལ་དུ་བཅར་ནས། མཐའ་མཚམས་ཀྱི་མི་མང་རྣམས་དང་འབྲེལ་འདྲིས་བྱས་པ་བརྒྱུད། རང་ཉིད་ལ་བོད་དོན་རྒྱབ་སྐྱོར་བྱེད་པར་སྔར་མེད་ཀྱི་སྙིང་སྟོབས་ཤིག་སྦྱིན་ཡོད་པའི་སྐོར་དང་། བོད་དང་མོན་པའི་བར་གནའ་ནས་མཛའ་འབྲེལ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཨ་རུ་ན་ཅལ་གཞུང་གིས་ཁུལ་དེའི་བོད་མི་རྣམས་ཀྱི་བོད་དོན་འཐབ་རྩོད་དང་། མིའི་གཞི་རྩའི་འཚོ་བ་སོགས་ཀྱི་ཐད་ལ་རོགས་འདེགས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག 

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་གཙོས། བོད་ཀྱི་གནད་དོན་རྣམས་འཛམ་གླིང་གི་གླེང་སྟེགས་འདྲ་མིན་དུ་གླེང་སློང་དང་གོ་རྟོགས་སྤེལ་བའི་ལས་འགུལ་མང་དག་ཅིག་གཉེར་དགོས་པ་དང་། བོད་ཀྱི་གཞོན་སྐྱེས་རྣམས་ལའང་བོད་དོན་ཐད་ནས་གོ་རྟོགས་གང་མང་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་འདུག་ལ། དེ་བཞིན་ལྷན་ཚོགས་དེའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཉི་མ་སེངྒེ་ལགས་དང་། ཚེ་རིང་དབང་མོ་ལགས་སོགས་ཀྱིས་གཏམ་བཤད་གནང་འདུག 

སྤྱིར་འདས་པའི་ལོ་ཤས་རིང་བོད་ཧིན་མཐའ་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ལན་མང་བྱུང་ནས་ཕྱོགས་གཉིས་ཀྱི་དམག་དོན་གྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཡིན་པའི་ཁར། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༢ ནང་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ཤར་ཕྱོགས་ཡང་རྩེ་ས་ཁུལ་དུ། རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་བའི་ཁྲོད། རྒྱ་གར་གྱི་དམག་མི་ ༦ དང་རྒྱ་ནག་གི་དམག་མི་ ༩ ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད། འདི་ལོ་རྒྱ་ནག་གཞུང་གིས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་གསར་པ་བཏགས་ནས་ཁ་གསབ་བྱས་ཡོད་ལུགས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་ཏེ། རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་རི་ ༡༢ དང་། རྒྱུག་ཆུ་ ༤། མཚེའུ་ ༡། ལ་ཆུང་ ༡ དང་མི་མང་གནས་སྡོད་བྱ་ཡུལ་ ༡༡ བཅས་སུ་བོད་ཡིག་དང་རྒྱ་ཡིག་ཕིན་ཡེན་ཡོད་པའི་མིང་གསར་པ་བཏགས་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese