མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་ཞིབ་འཇུག་དུས་དེབ་འདོན་ཐེངས་གསུམ་པ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཀྱིས་བོད་རིག་པ་དུས་དེབ་ཀྱི་འདོན་ཐེངས་གསུམ་པ་ནས་དཔྱད་རྩོམ་ཀྱི་ཆ་རྐྱེན་ཚང་མ་གཅིག་གྱུར་བྱས་པ་ནི་ཡར་རྒྱས་དང་ཐོད་བརྒལ་གྱི་རྣམ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་བརྗོད་འདུག

བོད་རིག་པའི་ཞིབ་འཇུག་དུས་དེབ་འདོན་ཐེངས་གསུམ་པ་དབུ་འབྱེད་གནང་། པར་དབང་། བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས། ༢༩།༠༧།༢༠༢༤

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པའི་ཐོག་བོད་རིག་པའི་དྲ་ཚོགས་ཀྱི་གོ་སྒྲིག་འོག བོད་རིག་པ་དྲྭ་ཚིགས་ཞིབ་འཇུག་དེབ་ཕྲེང་གསུམ་པའི་དྲ་ལམ་དབུ་འབྱེད་མཛོད་སྒོ་ཞིག་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས། འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། འབུམ་རམས་པ་སྐལ་བཟང་ནོར་བུ་ལགས། འབུམ་རམས་པ་ཨ་འབྲུག་དཀོན་མཆོག་ལགས། རྩོམ་པ་པོ་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་བཅས་དྲ་ལམ་ནས་མི་གྲངས་ ༡༠༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

བོད་རིག་པ་ཞིབ་འཇུག་དུས་དེབ་སྐོར་ལ་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཀྱིས། བོད་རིག་པ་དྲ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་དང་པོ་རང་ཉིད་ཀྱིས་བློ་ཁོག་བསྐྱེད་དེ་རྩོམ་སྒྲིག་དང་པར་སྐྲུན་བྱས་ཟིན་རྗེས། བོད་རིག་པ་ཞིབ་འཇུག་གི་དེབ་ཕྲེང་སྔ་མ་ལས་ཕྱི་མ་རྣམས་ཚད་ལྡན་དུ་འགྱུར་དགོས་ཚེ། གཙོ་བོ་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་གི་སྤུས་ཀར་རག་ལས་ཡོད་པ་མ་ཟད། རྩོམ་སྒྲིག་པའང་རག་ལས་ཡོད་པ་ཞིག་རེད་བསམ་སོང་། དེའང་རྒྱུ་མཚན་གཉིས་ཡོད། སྤྱིར་དཔྱད་རྩོམ་རྩོམ་སྒྲིག་བྱེད་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག དཔྱད་རྩོམ་གྱི་ཞིབ་འཇུག་རྩོམ་ཡིག་རྣམས་མི་གཅིག་གིས་རྩོམ་སྒྲིག་བྱེད་རྒྱུ་ཧ་ཅང་དཀའ་ངལ་ཆེན་པོ་རེད། བོད་རིག་པའི་ཞིབ་འཇུག་འདོན་ཐེངས་དང་པོ་ནས་གསུམ་བར་གྱི་འདོན་ཐེངས་རེའི་ནང་དུ་དཔྱད་རྩོམ་ ༡༦ ལ་བརྗོད་གཞི་མི་འདྲ་བ་རེ་ཡོད་དུས། རྩོམ་སྒྲིག་པར་བརྗོད་གཞི་རེ་རེའི་ཐོག་ཏུ་ལྟ་རྒྱ་ཐོས་རྒྱ་དགོས་ཀྱི་ཡོད་ལ། ཤེས་བྱ་སྣ་མང་ཀྱི་དུས་སྐབས་ལ་མི་གཅིག་གིས་ཤེས་བྱ་ཡོངས་རྫོགས་ཤེས་རྒྱུ་ཧ་ཅང་ཁག་པོ་རེད། བོད་རིག་པ་དུས་དེབ་ནང་མཚོན་ནའང་གསང་སྔགས་དང་། རིག་བྱེད། མཚན་ཉིད་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་རྩོམ་ཡིག་ཡོད་པས། རྩོམ་སྒྲིག་པར་མ་མཐའ་ཡང་བརྗོད་གཞི་ཚང་མའི་ཐོག་ཤེས་བྱ་དང་བྱང་ཆ་ཅུང་ཙམ་ཡོད་དགོས། རྩོམ་སྒྲིག་ལས་ཀ་ནི་དག་ཆ་ཙམ་དང་ཚིག་སྦྱོར་བདེ་ཙམ་མ་རེད་ལ།  ལྟ་རྒྱ་ཆེན་པོ་ཡོད་ཀྱང་དག་ཆ་དང་ཚིག་རྩལ་མེད་ནའང་ཁག་པོ་འདུག བོད་རིག་པའི་དུས་དེབ་འདོན་ཐེངས་ཀྱང་མི་གཅིག་གིས་རྩོམ་སྒྲིག་བྱེད་པ་ལས། མི་ཁ་ཤས་མཉམ་རུབ་ཐོག་རྩོམ་སྒྲིག་བྱས་ཚེ་དུས་དེབ་ཚད་ལྡན་ཆགས་པ་ཞིག་རེད་བསམ་སོང་།

བོད་རིག་པའི་དུས་དེབ་འདོན་ཐེངས་གཉིས་པ་ནས་བཟུང་གདན་ཞུའི་རྩོམ་སྒྲིག་པ་ཐུབ་བསྟན་ཡར་འཕེལ་ལགས་དང་རོང་བོ་བློ་བཟང་སྙན་གྲགས་ལགས་རྣམ་གཉིས་ཀྱིས་རྩོམ་སྒྲིག་བྱེད་མགོ་ཚུགས་ཡོད། འདོན་ཐེངས་གསུམ་པར་ཨ་འཇམ་དང་ཟླ་བ་གཞོན་ནུ་རྣམ་གཉིས་ཀྱིས་རྩོམ་སྒྲིག་བྱས་ཡོད། བོད་རིག་པ་དྲྭ་ཚིགས་བཙུགས་ནས་ལོ་ ༣ ལྷག་ཙམ་འགྲོ་བཞིན་ཡོད་པའི་རིང་། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་རྩོམ་ཡིག་ཙམ་གྱི་རྒྱབ་སྐྱོར་མིན་པར་ཧ་ཅང་རོགས་པ་ཡག་པོ་གནང་སོང་། མ་འོངས་བའི་བོད་རིག་པའི་ཞིབ་འཇུག་འདོན་ཐེངས་ནང་དུ་རྩོམ་སྒྲིག་པ་མུ་མཐུད་དུ་གདན་ཞུ་གནང་རྒྱུ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། བོད་རིག་པ་འདོན་ཐེངས་གསུམ་པའི་ནང་དུ་དཔྱད་རྩོམ་ ༡༦ ཡོད་ཅིང་། དེའི་ཁྲོད་ཀྱི་རྩོམ་པ་པོའང་བོད་ཕྱི་ནང་གཉིས་སུ་ཡོད། ངེད་ཀྱིས་ལོ་གསུམ་རིང་རྩོམ་སྒྲིག་གི་ལས་ཀ་བྱེད་སྐབས་རྩོམ་སྒྲིག་པའི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང་། འབྲེལ་ཡོད་ཀྱི་ཆེད་ལས་མི་སྣ་དང་མཉམ་དུ་བསམ་བློ་དང་ལྟ་བ་གསར་བ་རག་ཐབས་བྱས། ནུབ་ཕྱོགས་པའི་འགྲོ་སྟངས་བཞིན་འབྲེལ་ཡོད་མཁས་དབང་རྣམ་པར་སྤྱན་འབུལ་ཞུས་ཏེ་དགོངས་ཚུལ་ལེན་ཐབས་དང་། མིང་མེད་དཔྱད་ཞིབ་ལེན་ཐབས་སོགས་ཡོད་ཀྱང་། བོད་པའི་དཔྱད་རྩོམ་གྱི་བརྗོད་གཞི་རེ་རེའི་ཐོག་དཔྱད་བརྗོད་མི་སྣ་རེ་རག་ཐབས་ཧ་ཅང་ཁག་པོ་འདུག འདོན་ཐེངས་རྗེས་མ་ཁག་གི་ནང་དུ་དེའི་སྐོར་ལ་དོ་སྣང་བྱ་རྒྱུ་ཡིན། བོད་རིག་པ་དུས་དེབ་ཀྱི་འདོན་ཐེངས་གསུམ་ནས་དཔྱད་རྩོམ་ལ་ཚང་དགོས་པའི་ཆ་རྐྱེན་ཁ་བྱང་དང་། ནང་དོན་མདོར་བསྡུས། གནད་ཚིག གླེང་གཞི། དཔྱད་རྩོམ་དངོས། མཇུག་བསྡུའི་གཏམ། དཔྱད་གཞི་ཡིག་ཆ། སོགས་གཅིག་གྱུར་བཟོས་ཡོད། དེ་ནི་བོད་རིག་པ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་ཡར་རྒྱས་དང་ཐོད་བརྒལ་གྱི་རྣམ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

སྐབས་དེར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས། ཐེངས་འདིའི་བོད་རིག་པ་དུས་དེབ་འདོན་ཐེངས་གསུམ་པའི་ནང་དུ་དཔྱད་རྩོམ་མི་འདྲ་བ་གྲངས་ ༡༦ འདུག དཔྱད་རྩོམ་དག་གི་ཉམས་ཞིབ་དང་། ཁུངས་ལུང་། འགྲེལ་བཤད་སོགས་སྤུས་ཚད་དག་པོ་རེད། བཙན་བྱོལ་ནང་དུ་ད་ལྟ་བར་འདི་འདྲའི་མཚན་ཉིད་རིག་པའི་གཞུང་དང་མཐུན་པའི་དཔྱད་རྩོམ་ཕྱོགས་སྒྲིག་ཉུང་ཉུང་རེད་བསམ་གྱི་འདུག མ་འོངས་བར་བཙན་བྱོལ་ནང་གི་མཐོ་རིམ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བོད་རིག་པའི་དུས་དེབ་ལ་རྒྱབ་སྐྱོར་གནང་རོགས། ཞེས་དང་། བཙན་བྱོལ་ནང་གི་བོད་རིག་པ་ཞིབ་འཇུག་དེ་ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་དང་། ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་དུ་དུས་མཚམས་གསུམ་ལ་དབྱེ་དགོས་ཤིང་། དུས་རབས་ ༢༠ པའི་ལོ་རབས་ ༧༠ པའི་ནང་དུ་བཙན་བྱོལ་གྱི་རྒན་རབས་པ་ཁ་ཤས་ཀྱི་བཀའ་དྲིན་འོག་ཏུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྐོར་མགོ་ཚུགས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་རིག་པའི་ངོ་སྤྲོད་བྱེད་ཐུབ་པ་དེ་ཧ་ཅང་གལ་གནད་ཆེ་བའི་གོ་སྐབས་ཡག་པོ་ཞིག་རེད། ཅེས་བརྗོད་སོང་།

འབུམ་རམས་པའི་ཆེད་རྩོམ་གྱི་གནས་བབ་དང་གལ་གནད་སྐོར་ལ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས། བོད་ནང་དུས་འགྱུར་བྱུང་བ་ནས་བཟུང་རང་དབང་ལྡན་པའི་ཤེས་ཡོན་གྱི་ལམ་སྲོལ་ཆ་ཚང་ཞིག་ཆགས་མེད་པ་མ་ཟད། ད་ལྟ་ཡང་དཀའ་ངལ་དང་ཉེན་ཁའི་འོག་ཏུ་གནས་ཡོད་ཀྱང་། བཙན་བྱོལ་དུ་གཞི་རིམ་གྱི་སློབ་གསོ་ཙམ་མིན་པར་མཐོ་རིམ་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་འཚམ་བྱུང་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དོ་སྣང་གལ་ཆེན་བྱེད་དགོས་པའི་གནད་དོན་ཞིག་རེད་བསམ་ཡོད་ལ། དེའང་མཐོ་རིམ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཞིབ་འཇུག་དང་འབྲེལ་ཡོད་པ་ཞིག་རེད། བཙན་བྱོལ་དུ་འབུམ་རམས་པ་ ༨༠ ཙམ་བྱུང་དང་འབྱུང་བཞིན་པའི་ཁྲོད། བཙན་བྱོལ་དང་རྒྱལ་སྤྱིའི་བོད་རིག་པའི་སྡེ་ཁག་དང་། མཐོ་རིམ་སློབ་གྲྭ་ཁག ཤེས་ཡོན་གྱི་སྡེ་ཁག་མང་པོའི་ནང་རྐང་འགན་བཞེས་ཏེ་མི་སྣ་བསྐྱེད་བསྲིངས་དང་རིག་གཞུང་རྒྱུན་འཛིན་ཐོག་གལ་ཆེན་ཆགས་ཡོད། ལྷག་པར་ཤེས་ཡོན་ནི་རྒྱུད་འཛིན་དང་གསར་གཏོད་ཀྱི་གནད་འགག་ཅིག་ཡིན། འབུམ་རམས་པའི་མཐོ་རིམ་གྱི་ཞིབ་འཇུག་དེ་རིག་གཞུང་ཞིབ་འཇུག་དང་རྒྱུད་འཛིན་ཁྲོད་དེང་རབས་ཅན་ལ་འགྱུར་བའི་ལག་སྐྱེས་གལ་ཆེན་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

ནུབ་ཕྱོགས་ཀྱི་བོད་རིག་པ་བའི་ཞིབ་འཇུག་སྐོར་ལ་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ཀྱིས། ནུབ་ཕྱོགས་སུ་བོད་རིག་པའི་སྐོར་ལ་ཉམས་ཞིབ་བྱས་ཏེ་ལོ་ ༢༠༠ ཙམ་འགྲོ་བཞིན་ཡོད། དུས་རབས་ཉི་ཤུའི་མགོ་སྟོད་ཙམ་ལ་ཉམས་ཞིབ་པ་མང་ཤོས་ཀྱིས་ནང་ཆོས་ཐོག་དོ་སྣང་བྱས་ཡོད་ཅིང་། རིམ་བཞིན་ལོ་རྒྱུས་ཐོག་ཉམས་ཞིབ་བྱེད་མཁན་བྱུང་། དེ་ནས་ག་ལེར་འགྱུར་བ་ཐེབས་ཏེ་ད་ལྟའི་ཆར་དེང་རབས་བོད་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐོག་ཉམས་ཞིབ་བྱེད་མཁན་འབྱུང་གིན་ཡོད། ཉམས་ཞིབ་བྱེད་མཁན་གྱི་བརྗོད་བྱའི་ཆ་ནས་ཀྱང་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། ནུབ་ཕྱོགས་ཀྱི་བོད་རིག་པའི་ཉམས་ཞིབ་བྱེད་མཁན་གྱི་གྲངས་འབོར་ཆ་ནས་ནང་ཆོས་ཀྱི་བརྗོད་གཞི་ཡིན་པའི་སྡེ་ཚན་ཁག་ཏུ་ཉམས་ཞིབ་བྱེད་མཁན་ཤུགས་ཆེན་པོ་རེད། ཅེས་བརྗོད་སོང་།

བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་གི་གལ་གནད་སྐོར་ལ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཁྱོན་ཡོངས་ནས་ཞིབ་འཇུག་བྱས་པ་ཉུང་ཤོས་དེ་ཡིན་ཞིང་། ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ཐོག་གསལ་ཁ་མེད་པ་དང་། བོད་རྒྱ་གཉིས་ཀྱི་བར་དུ་རྙོག་གྲ་དང་དཀའ་ངལ་ཆེ་བ་ཞིག་ཡིན་པས། ངེས་པར་དུ་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་དོ་སྣང་བྱས་ཏེ། དེའི་ཐོག་འགྲེལ་བཤད་ཡང་དག་དང་དངོས་ཡོད་ཀྱི་གནས་སྟངས་ཀྱི་བདེན་པ་ར་སྤྲོད་བྱ་དགོས། བོད་ནང་ཡོད་པའི་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་སྔ་རབས་ལོ་རྒྱུས་དང་རིག་གཞུང་སོགས་ཀྱི་ཐོག་ཚད་མཐོ་བའི་ཐོག་ནས་སྐུ་ལས་བསྐྱོན་འདུག བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ལག་པ་མ་འཆང་ཚེ། བོད་ཀྱི་ལོ་རྒྱུས་ཀྱི་དཀའ་ངལ་ཞིག་ཆགས་རྒྱུ་རེད་ལ། བོད་རྒྱ་གཉིས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་བོད་ཀྱི་བདེན་པའི་ལོ་རྒྱུས་ནག་གསུབ་ཏུ་འགྲོ་བའི་ཉེན་ཁ་ཞིག་མཐོང་གི་འདུག ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༠ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese