མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་ལྡན་པའི་ཤེས་རབ་ཞེས་པའི་༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་ཞིག་འགྲེམས་སྤེལ་བྱ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལི་ཕི་ཌེ་ལཱ་ཁི་སི་ལགས་ཀྱིས་བདེ་སྐྱིད་ལྡན་པའི་ཤེས་རབ་ཞེས་པའི་དངོས་བྱུང་གློག་བརྙན་ནང་༧གོང་ས་མཆོག་གིས་དམག་འཁྲུག་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལའི་དཀའ་ངལ་གདོང་ལེན་བྱེད་ཕྱོགས་སོགས་གསལ་སྟོན་བྱས་སྐོར་བརྗོད་འདུག

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་གྱི་བཟོ་བསྐྲུན་པ་དག པར་དྲ་ལམ་ནས་བླངས།

 ཉེ་ལམ་ཡུ་རོབ་སུད་སིའི་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་( Barbara Miller)ལགས་དང་། ཧྥི་ལི་ཕི་ཌེ་ལཱ་ཁི་སི་(Philip Delaquis) ལགས་གཉིས་ཀྱིས་༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ལྡན་པའི་ཤེས་རབ་ཞེས་པའི་དངོས་བྱུང་གློག་བརྙན་གསར་བ་ཞིག་བཟོ་སྐྲུན་བྱས་ཡོད་ཅིང་། དེ་ནི་ཨ་རིའི་ཧོ་ལི་ཝིར་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་(Richard Gere) ལགས་དང་། གློག་བརྙན་འཁྲབ་ཁྲིད་པ་ཨོ་རེན་མོ་ཝར་མན་(Oren Moverman) ལགས་གཉིས་དང་མཉམ་ལས་བྱས་པ་ཞིག་ཡིན་འདུག་ལ། འདི་ལོའི་ཕྱི་ཟླ་ ༩ ནང་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

གློག་བརྙན་འཁྲབ་ཁྲིད་པ་ཨོ་རེན་མོ་ཝར་མན་ལགས་ཀྱིས། རང་ཉིད་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བྱམས་བརྩེའི་མཛེས་སྡུག་གིས་ཁེངས་བའི་ཁྱད་དུ་འཕགས་པའི་གློག་བརྙན་འདིའི་ནང་དུ་མགྲོན་འབོད་བྱས་ཏེ་མཉམ་ཞུགས་ཐུབ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། བདེ་སྐྱིད་ལྡན་པའི་ཤེས་རབ་ཞེས་པའི་གློག་བརྙན་གྱིས་ལྟད་མོ་བ་རྣམས་ལ་གཞན་དང་མི་འདྲ་བའི་གློག་བརྙན་གྱི་མྱོང་ཚོར་ཞིག་སྤྲོད་ཐུབ་པ་མ་ཟད། ང་ཚོ་འགྲོ་བ་མི་ཚང་མ་བློ་གྲོས་དང་སྤྲོ་སྣང་ལྡན་པ་གསལ་སྟོན་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། རི་ཆར་ཌི་གྷར་ལགས་ཀྱིས། གློག་བརྙན་ཐུང་ཐུང་འདིས་མ་འོངས་བར་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཐུབ་ཀྱི་རེད། ཅེས་བརྗོད་འདུག

གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་ལགས་ཀྱིས། བདེ་སྐྱིད་ལྡན་པའི་ཤེས་རབ་ཞེས་པའི་གློག་བརྙན་དེ་ནི་དགུང་ལོ་གྱ་དགུ་བཞེས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་དངོས་སུ་བརྙན་མིག་བརྒྱུད་འཛམ་གླིང་སྤྱི་ལ་ཁྱབ་པའི་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེའི་འཚོལ་སྙེག་གི་དགོས་འདུན་དང་། དུས་རབས་ཉེར་གཅིག་པར་བདེ་སྐྱིད་དང་ཞི་བདེ་ངང་གནས་ཐུབ་པའི་སྐོར་གསུངས་ཡོད་པ་མ་ཟད། འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་འཐོབ་མཁན་ཁྲོད་གློག་བརྙན་ནང་མི་སྒེར་གྱི་ལོ་རྒྱུས་ཞིབ་ཚགས་གསུང་མཁན་དེ་འདྲ་ཞིག་བྱུང་མེད།  ཅེས་བརྗོད་འདུག

 གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལི་ཕི་ཌེ་ལཱ་ཁི་སི་(Philip Delaquis) ལགས་ཀྱིས། དངོས་བྱུང་གློག་བརྙན་འདིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་རིང་གི་དམག་འཁྲུག་དང་གནམ་གཤིས་འགྱུར་ལྡོག་དང་། གོ་ལའི་དཀའ་ངལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་གསལ་སྟོན་བྱས་ཡོད། ང་ཚོས་གློག་བརྙན་འདི་བཟོ་སྐྲུན་བྱེད་དགོས་པའི་ཀུན་སློང་ཡང་འཛམ་གླིང་གི་མི་མང་གིས་དུས་རབས་ཀྱི་དཀའ་ངལ་དང་། འཇིགས་སྣང་། ལྷིང་འཇགས་མེད་པའི་ཚོར་བ་ལ་སེམས་བཟང་པོའི་ཐོག་གདོང་ལེན་བྱས་ཏེ་མཐུན་སྒྲིལ་དང་རེ་བ་གསལ་སྟོན་བྱ་རྒྱུ་དེ་ཡིན། ཅེས་བརྗོད་འདུག

 བདེ་སྐྱིད་ལྡན་པའི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་འདིའི་ནང་དུ་ད་ལྟ་བར་བོད་གཞུང་ནས་པར་སྐྲུན་བྱས་མེད་པའི་ཡིག་ཆ་དང་གསར་དུ་ཉར་ཚགས་བྱས་པའི་ཡིག་ཚགས་བཀོད་དེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་རྣམ་ཕབ་སྐྲུན་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་དགུ་བའི་ནང་ཤར་གཏོང་བྱ་འཆར་ཡོད་པས།  ཉེ་ལམ་ཡུ་རོབ་ཀྱི་ཨ་སི་ཁོ་ཌི་ཨེ་ལི་ཊི་དང་ཨེ་ཁི་སི་གློག་བརྙན་ཚོང་གཉེར་ཁང་གཉིས་ཀྱིས་འཇར་མན་སྐད་ཡིག་བེད་སྤྱོད་བྱེད་བཞིན་པའི་ས་གནས་ཁག་ཏུ་གློག་བརྙན་འགྲེམས་སྤེལ་གྱི་པར་དབང་ཐོབ་ཐང་བླངས་ཡོད་པ་མ་ཟད། གློག་བརྙན་དེ་ཨ་རི་ནང་དུའང་འགྲེམས་སྤེལ་བྱ་འཆར་ཡོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese