མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ས་གནས་མགོ་འཛིན་ལགས་སུ་ཆེ་བསྟོད་གཟེངས་རྟགས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་རྩེད་འགྲན་ཚོགས་ཆེན་སྐབས་ ༥༢ པའི་ཐོག་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཤིག་གནང་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་རྩེད་འགྲན་ཚོགས་ཆེན་སྐབས་ ༥༢ པའི་ཐོག་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཤིག་གནང་།

ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ཧི་མ་ཅལ་མངའ་སྡེའི་ཀངྒ་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་ཟུར་པ་དང་རྒྱ་གར་གྱི་དམག་སྡེ་གཉིས་པའི་དམག་དཔོན་གཞོན་པ་སྐུ་ཞབས་ཀུ་ཤཱལ་ཤཱར་མ་མཆོག་གི་མཚན་ཐོག་ནས་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཤིག་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་གཟེངས་རྟགས་དེའི་སྐོར་དྲིས་པར་ཁོང་གིས། སྐུ་ཞབས་ཀུ་ཤཱལ་ཤཱར་མ་མཆོག་ཀངྒ་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་ཡིན་པའི་སྐབས་སུ་ང་ཚོ་དང་འབྲེལ་ལམ་ཡག་པོ་བྱུང་སྟེ། ལས་དོན་མང་པོ་ཞིག་མཉམ་ལས་བྱ་རྒྱུ་བྱུང་། ལོ་ལྟར་ཧི་མ་ཅལ་མངའ་སྡེ་ཡོངས་ཀྱི་ཉེན་རྟོག་པའི་རྩེད་འགྲན་གྱི་ཚོགས་ཆེན་ཞིག་འཚོག་བཞིན་ཡོད་པར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་རོགས་རམ་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་བཞིན་མི་མང་གི་བདེ་འཇགས་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་མཉམ་དུ་བྱེད་བཞིན་ཡོད་དུས། ཉེ་ཆར་ཁོང་གིས་ང་ལ་འབྲེལ་བ་བྱས་ཏེ་གཟེངས་རྟགས་ཆ་རྐྱེན་ཞིག་བསྐྲུན་རྒྱུ་ཡིན་པའི་འབྲེལ་བ་བྱུང་ཞིང་། ཁ་སྔོན་ང་མེད་པའི་སྐབས་སུ་གཟེངས་རྟགས་དེ་ས་གནས་མགོ་འཛིན་ལས་ཁུངས་སུ་ཕུལ་འདུག གཟེངས་རྟགས་ཀྱི་ནང་དོན་གཙོ་བོ་དྷ་སའི་ས་གནས་མགོ་འཛིན་ལས་ཁུངས་དང་ཉེན་རྟོག་པ་མཉམ་ལས་ཀྱི་ཐོག་མ་འོངས་པར་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཁོང་གིས། སྤྱིར་ས་གནས་མགོ་འཛིན་གཅིག་པོ་མ་རེད། བོད་པ་སུ་རུང་ཞིག་ལ་སྤྱི་པའི་འགན་འཁུར་ནས་གཟེངས་རྟགས་ཐོབ་ན་ཡག་པོ་རེད་བསམ་གྱི་འདུག ལས་ཀ་བྱེད་པའི་སྐབས་གཙོ་བོ་ང་ཚོ་ཚང་མའི་ཤེས་རྟོགས་བྱུང་བ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལས་ང་ཚོས་ཞབས་ཞུ་སྒྲུབ་པའི་གོ་སྐབས་ཤིག་བྱུང་ཡོད་པ་རེད། ང་ལ་མཚོན་པ་ཡིན་ནའང་ཕྱི་ལོ་ ༡༩༩༧ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བའི་ཕྲུ་གུ་ཞིག་ཡིན། བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་སྦྱོར་འོག་མི་མང་གིས་འོས་བླུགས་ཏེ་ཞབས་སྟེགས་འདི་འདྲ་ཞིག་ལ་བསྐྱལ་ཡོད་པས།  མི་མང་གི་ཆེད་དུ་ཧུར་ཐག་འབད་ཐག་གིས་ལས་ཀ་བྱེད་རྒྱུ་རང་ཉིད་ཀྱི་ལས་འགན་ཡིན་པ་མ་ཟད། མ་འོངས་བའི་ལས་དོན་བྱེད་ཕྱོགས་ལ་འཆར་གཞི་སྒྲིག་གི་ཡོད་པའི་ཐོག རྒྱ་གར་གྱི་སྤྱི་ཚོགས་དང་གནད་ཡོད་མི་སྣ་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པའི་ཚོར་བ་བྱུང་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

བོད་པ་དང་རྒྱ་གར་ཡུལ་མིའི་མཉམ་ལས་ཀྱི་གལ་གནད་སྐོར་ལ་ཁོང་གིས། སྤྱིར་ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་འོག་བསྡད་ཡོད་དུས། རྒྱ་གར་གྱི་ཡུལ་ཁྲིམས་འཁུར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལས་དོན་མང་པོ་ཞིག་རྒྱ་གར་ཡུལ་མི་དང་འཛིན་སྐྱོང་མཉམ་དུ་བྱེད་དགོས་ཀྱི་ཡོད་པར་བརྟེན། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ད་ལྟ་བར་ལས་དོན་ཁག་ལ་འབད་བརྩོན་བྱེད་མུས་ཡིན་པ་ཟད། མ་འོངས་བའང་བོད་པའི་སྤྱི་ཚོགས་དང་རྒྱ་གར་གྱི་སྤྱི་ཚོགས་གཉིས་མཐུན་ལམ་ཡག་པོ་ཡོང་བའི་ཆེད་དུ་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

ཆེ་བསྟོད་གཟེངས་རྟགས་ཀྱི་འཚམས་འཕྲིན་ནང་། ཁྱེད་ཀྱིས་རིན་ཐང་བྲལ་བའི་རོགས་རམ་མང་པོ་གནང་བར་ངེད་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་ལྷག་བསམ་རྣམ་དག་ཐོག་ནས་མཉམ་ལས་བྱེད་རྒྱུ་བྱུང་བར་བསྔགས་བརྗོད་བྱ་འོས་པ་ཞིག་རེད། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་རྩེད་འགྲན་ཚོགས་ཆེན་སྐབས་ ༥༢ པའི་རིག་གཞུང་མཛད་སྒོའི་ཐོག་ཁྱེད་ཀྱི་མཉམ་ལས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉེན་རྟོག་པ་དང་བོད་མིའི་སྒྲིག་འཛུགས་གཉིས་འདི་ལྟ་བུའི་མཉམ་ལས་ཀྱིས་སྤྱི་ཚོགས་ཀྱི་ལས་དོན་ཡར་རྒྱས་གཏོང་བ་དང་། མི་མང་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་ཚགས་ཚུད་ཡོང་བར་ཕན་ཐོགས་ཆེ་བའི་ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་ཀྱིས་མུ་མཐུད་དུ་མཉམ་ལས་ཀྱི་ལས་དོན་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་པའི་རེ་འདུན་བྱེད་ཀྱི་ཡོད་ཅིང་། མ་འོངས་པར་ང་ཚོས་མུ་མཐུད་དུ་སེམས་ཤུགས་ཀྱི་ཐོག་ནས་མཉམ་ལས་བྱ་ཐུབ་པའི་རེ་འདུན་ཡོད། ཅེས་འཁོད་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese