མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་རཱ་མཐོ་སློབ་དབུ་བརྙེས་པ་དང་སློབ་ཐོན་གྱི་མཛད་སྒོ་གཉིས་ལྷན་གཅིག་ཏུ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ཉེར་དྲུག་འཁོར་བའི་མཛད་སྒོ་དང་བསྟུན་རྩོམ་རིག་དང་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་སློབ་མ་ ༡༢ འདུག

ས་རཱ་མཐོ་སློབ་དབུ་བརྙེས་པ་དང་སློབ་ཐོན་གྱི་མཛད་སྒོ་གཉིས་ལྷན་གཅིག་ཏུ་འཚོགས། པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༡༣།༠༨།༢༠༢༤

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་ཞིང་། མཐོ་སློབ་ཀྱི་སྐབས་ལྔ་བའི་ལོ་རྒྱུས་དང་སྐབས་བཞི་བའི་རྩོམ་རིག་གཙུག་ལག་རབ་འབྱམས་པ་སློབ་ཐོན་བཅས་ཀྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། རིག་སློབ་མ་ལུག་གཉིས་ཀྱི་དྲུང་ཆེ་བསྟན་འཛིན་སྟོབས་རྒྱས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱི་གཙོས་སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས། ལོ་རྒྱུས་དང་རྩོམ་རིག་སོགས་རིགས་ཚན་ཁག་གི་སློབ་དཔོན་བགྲེལ་གཞོན་རྣམ་པ་གཙོ་བྱས་པའི་དགེ་ལས་དང་སློབ་མ་བཅས་འཛོམས་འདུག

མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ནས། འདི་ལོར་ས་རཱ་མཐོ་སློབ་ཀྱི་སྐབས་ལྔ་བའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་མ་ ༧ དང་རྩོམ་རིག་གཙུག་ལག་རམ་འབྱམས་པའི་སློབ་མ་གྲངས་ ༥ བཅས་སློབ་མ་ཁྱོན་ ༡༢ ལ་བསླབ་པ་མཐར་སོན་གྱི་ངོས་འཛིན་ལག་འཁྱེར་གནང་སོང་ལ། སྐབས་དེར་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། ས་རཱ་མཐོ་སློབ་དེ་ཐོག་མར་ཕྱི་ལོ་ ༡༩༩༡ ལོར་ཐོག་མར་ས་ཆ་ཉོ་སྒྲུབ་བྱས་པ་ནས་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༨ ཚེས་ ༡༣ ཉིན་རིགས་སློབ་དངོས་སུ་དབུ་འཛུགས་གནང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་གྲུབ་མཚམས། ས་རཱ་མཐོ་རིམ་སློབ་གཉེར་ཁང་ནི་བོད་ཀྱི་སྐད་ཡིག་གཙོ་བོར་བྱས་པའི་རྒྱལ་རབས་ལོ་རྒྱུས་དང་། ཆོས་དང་རིག་གཞུང་ཉར་ཚགས་སྲུང་སྐྱོབ་དང་གོང་སྤེལ་གཏོང་སླད་བཙུགས་པའི་ཆེད་སྦྱོང་ཤེས་རིག་གི་ཞིང་ས་ཤིག་ཡིན་པ་ལྟར། ད་ལྟའི་ཆར་ས་རཱ་མཐོ་སློབ་ནང་དགེ་རྒན་གྲངས་ ༥༨ དང་སློབ་མ་ ༢༣༣ བཅས་ཁྱོན་དགེ་སློབ་གྲངས་ ༢༩༡ ཡོད་ཅིང་། ད་སྔ་བར་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་མ་ ༢༠ ལྷག་དང་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ ༢༠ བཅས་སློབ་མཐར་ཕྱིན་ཡོད་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཡུན་རིང་བོད་མིའི་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང་། རྣམ་རྒྱལ་གྲྭ་ཚང་གི་རིགས་སློབ་གཉིས་ནི་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་འོག་བྱུང་བ་ཞིག་ཡིན་པར་བརྟེན་མཐོ་སློབ་དེར་བྱིན་རླབས་ཆེ་བས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་༧ཁོང་གི་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་གལ་ཆེ་ཞིང་། ས་རཱ་མཐོ་སློབ་གསར་འཛུགས་གནང་མཁན་རྒན་བློ་བཟང་རྒྱ་མཚོ་མཆོག་དབུས་པའི་རྒན་རབས་པ་རྣམས་ཀྱི་བཀའ་དྲིན་དྲན་རྒྱུ་གལ་ཆེན་ཡིན་སྐོར་དང་། སློབ་སྦྱོང་གནང་བའི་བརྒྱུད་རིམ་ཁྲོད་མི་གཅིག་ཡག་པོ་བཟོ་ཐུབ་པ་ཡིན་ན། མི་དེ་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་སྤྱི་བའི་དོན་དུ་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་ཆགས་ཀྱི་ཡོད་པར་བརྟེན། ད་ལྟ་མི་གཞན་གྱིས་ས་རཱ་མཐོ་སློབ་ནས་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབས་པའི་ཆེ་མཐོང་ཤུགས་ཆེན་མངོན་ཡོང་གི་ཡོད་པ་དེ་མུ་མཐུད་གནང་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese