མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ནས་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་གནང་། ༢༠༢༤།༠༨།༡༥ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ ༣༠  ཙམ་ཐོག་གངས་ཅན་སྐྱིད་གཤོངས་ཀྱི་སྲི་ཟློག་མཆོད་རྟེན་མདུན་ཐང་དུ། རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་རང་བཙན་ཐོབ་ནས་ལོ་ངོ་ ༧༨ འཁོར་བའི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་དང་ཤེས་རིག་གི་བཀའ་བློན་རྣམ་པ་གཉིས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པའི་དབུས་དྲུང་ལས་ཡན་གྱི་ལས་བྱེད་རྣམ་པ་བཅས་འཛོམས་ཏེ། རྒྱ་གར་གྱི་རྒྱལ་གླུ་གྱེར་ཏེ་རྒྱལ་དར་སྒྲེང་འཛུགས་གནང་སོང་།

སྲིད་སྐྱིང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར། དེ་རིང་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༨ འཁོར་བའི་དུས་དྲན་དེ་རྒྱ་གར་རྒྱལ་ཡོངས་དང་རྒྱ་གར་གྱི་ཡུལ་མི་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ཏུ་སྲུང་གཙི་ཞུ་ཡི་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ཀྱི་ཉམས་དམའ་བའི་དུས་སྐབས་ཤིག་ལ་རྒྱ་གར་གཞུང་དང་མང་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་བཙན་བྱོལ་བོད་མི་ཚང་མར་སྡོད་ས་དང་།  ཟ་འཐུང་། སློབ་སྦྱོང་སྤྲོད་རྒྱུས་མཚོན་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་། ཆོས་རིག་སོགས་སློབ་སྦྱོང་བྱེད་པའི་གོ་སྐབས་དང་། བོད་ནང་གཏོར་བཅོམ་ཤུགས་ཆེན་བྱུང་ཟིན་པའི་དགོན་སྡེ་ཁག་དེ་དག་བཙན་བྱོལ་དུ་ཉམས་གསོ་བྱས་ཐུབ་པ་ནི་རྒྱ་གར་གཞུང་དང་མི་དམངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་ཙང་། རྒྱ་གར་ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འོག་ནས་ཐར་ཏེ་རང་བཙན་ཐོབ་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།  རྒྱ་གར་རང་བཙན་ཐོབ་ནས་ཆབ་སྲིད་ཚོགས་པ་སྣ་ཚོགས་ཀྱིས་དབུ་འཁྲིད་ནས་འགན་བཞེས་ཡོད་རེད། ད་ལྟའི་དུས་ཚོད་ལ་རྒྱ་གར་དེ་འཛམ་གླིང་སྟོབས་ཆེན་ལྔ་པ་ཆགས་ཡོད་པས། དེ་རིང་གི་ཉིན་མོ་དང་བསྟུན་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་ཚབ་བྱས་ཏེ། རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། རྒྱ་གར་རང་བཙན་ཐོབ་ནས་ལོ་གསུམ་གྱི་རྗེས། བོད་དེ་རྒྱ་ནག་དམར་གཞུང་གི་བཙན་འོག་ལ་ཚུད་ནས་བཙན་བྱོལ་དུ་གྱར་ཏེ་མི་ལོ་ ༦༥ ཙམ་འགོར་གྱི་ཡོད་པ་རེད། ལོ་རྒྱུས་ཀྱི་གནས་བབ་དང་དངོས་ཡོད་ཀྱི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་ནང་པ་སངས་རྒྱས་པ་ཡིན་དུས་རྟག་པ་དང་བརྟན་པ་ལ་ཁས་ལེན་བྱེད་ཀྱི་མེད་པས་འགྱུར་བ་འགྲོ་ཡི་རེད་ལ་འགྲོའང་དགོས་པའི་ཀུན་སློང་ཞིག་གི་འོག་ནས། དེང་སྐབས་རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་བོད་དོན་རྒྱབ་སྐྱོར་འཚོལ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་གནས་བབ་ཐད་གང་ཐུབ་ཐུབ་ཀྱིས་འབད་བརྩོན་ཞུ་ཡི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་བྱིན་རླབས་དང་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་སྐྱོན་བཞག་པ་དེ་དག་མུ་མཐུད་ནས་བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་འགྲོ་ཐུབ་སླད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རིག་པ་བསྒྲིམ་དགོས་པས། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་འཇོན་ཚོད་དཔང་ཚོད་ཀྱིས་ཤར་སྐྱོད་བྱ་རྒྱུར་འབད་བརྩོན་ཞུ་ཡི་ཡོད། ཚང་མས་མཉམ་རུབ་ཀྱིས་ཧུར་ཐག་འབད་ཐག་བྱས་ན་ནུས་པ་ཐོན་གྱི་རེད། ཅེས་གསུངས་སོང་།

རྒྱ་གར་རང་བཙན་ཉིན་མོ་ནི་ལོ་ལྟར་རྒྱ་གར་རྒྱལ་ཡོངས་སུ་ཟླ་བརྒྱད་པའི་ཚེས་བཅོ་ལྔར་སྲུང་གཙི་བྱེད་ཀྱི་ཡོད་ཅིང་། ལོ་ངོ་ཉིས་བརྒྱ་ལྷག་གི་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་བཙན་དབང་ལས་ཐར་བའི་དུས་རབས་གསར་པ་ཞིག་བཞད་པའི་ཉིན་མོར་གཙི།  ཕྱི་ལོ ༡༩༤༧ ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔར་རྒྱ་གར་ལ་རང་བཙན་ཐོབ་པ་ཡོངས་བསྒྲགས་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱི་དབང་ཆ་རྣམས་རྒྱ་གར་གྱི་དབུ་ཁྲིད་ཚོར་སྤྲད། དུས་དེ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རང་བཙན་འཐབ་རྩོད་སླད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་ཡི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese