མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲེའུའི་འབྲུམ་ནད་ལ་སྔོན་འགོག་བྱེད་དགོས་པའི་ཛ་དྲག་ཉེན་བརྡ་བཏང་། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨ་ཧྥེ་རི་ཁ་སོགས་ཀྱི་ནང་སྤྲེའུའི་འབྲུམ་ནད་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པས་ཚང་མས་ནུས་པ་མཉམ་དུ་སྤུངས་ཏེ་སྔོན་འགོག་གི་ལས་ལ་འབད་དགོས་པའི་ཛ་དྲག་འབོད་སྐུལ་བྱས་འདུག

WHO declares mpox a global public health emergency for second time in two years. photograph: Panos

འདས་པའི་ལོ་ཤས་གོང་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་བསམ་ཡུལ་ལས་འདས་པའི་གནོད་འཚེ་དང་གྱོང་གུད་ཆེན་པོ་བཟོས་པར་བརྟེན། འཛམ་གླིང་ཁྱོན་ཡོངས་ནས་རིམས་ནད་ཀྱི་རིགས་ལ་སྔོན་འགོག་བྱེད་པར་དོ་འཁུར་སྔར་ལྷག་བྱེད་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨ་ཧྥེ་རི་ཁའི་ནང་སྤྲེའུའི་འབྲུམ་ནད་ཀྱིས་དཀའ་ངལ་ཆེན་མོ་འཕྲད་མུས་ཡིན་པའི་ཁར། ཉེ་ལམ་འཛམ་གླིང་ས་གནས་གང་སར་རིམས་ནད་དེ་ཁྱབ་གདལ་འགྲོ་མུས་ཡིན་པས། ཕྱོགས་ཡོངས་ནས་སྔོན་འགོག་བྱ་དགོས་པའི་ཛ་དྲག་གི་ཉེན་བརྡ་ཞིག་བཏང་འདུག

དེའི་ཐད་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌོ་སུ་ (Tedros Adhanom Ghebreyesus) ལགས་ཀྱིས། ཉེ་ལམ་ཨ་ཧྥེ་རི་ཁའི་ཁོན་གྷོ་རྒྱལ་ཁབ་ཀྱི་ཤར་རྒྱུད་དུ་འགོས་ཁྱབ་ཆེན་པོ་འགྲོ་མུས་ཡིན་པའི་སྤྲེའུའི་འབྲུམ་ནད་དེ། དེ་སྔ་བྱུང་མེད་སའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་ཨ་ཧྥེ་རི་ཁའི་གླིང་ཆེན་དང་། རྒྱལ་ཁབ་གཞན་དག་ཏུ་འགོས་ཁྱབ་ཆེན་པོ་འགྲོ་ཉེན་ཡོད་པ་ནི་སེམས་ཁྲལ་བྱ་དགོས་པའི་གནད་དོན་ཞིག་ཡིན་པས། འཛམ་གླིང་ཁྱོན་ཡོངས་ནས་འབྲུམ་ནད་དེར་འགོག་སྲུང་དང་མིའི་རིགས་ཀྱི་ཚེ་སྲོག་བསྐྱབ་དགོས། ཞེས་བརྗོད་འདུག་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཨ་ཧྥེ་རི་ཁའི་འགན་འཛིན་སྨན་པ་མེ་ཌི་ཤི་ཌི་སོ་ (Matshidiso Moeti) ལགས་ཀྱིས། སྨན་པ་དང་། འཕྲོད་བསྟེན་མདུན་རྒོལ་བ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཚོགས་ཁག་མཉམ་རུབ་ཀྱི་ཐོག་ནས་སྤྲེའུ་འབྲུམ་ནད་སྔོན་འགོག་གི་ལས་དོན་ཚགས་ཚུད་གཉེར་མུས་ཡིན། འབྲུམ་ནད་འདི་རྩ་མེད་བཟོ་སླད་འཛམ་གླིང་ཁྱོན་ཡོངས་ནས་མཉམ་རུབ་ཀྱི་ནུས་པ་སྤུངས་འཇོག་བྱ་དགོས། ཞེས་བརྗོད་འདུག

ཨ་ཧྥེ་རི་ཁའི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ལོ་མགོ་ཙམ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅུ་གསུམ་ནང་། སྤྲེའུ་འབྲུམ་ནད་འགོས་པའི་ནད་པ་མི་གྲངས་ ༡༧༠༠༠ བྱུང་བའི་ཁྲོད། མི་གྲངས་ ༥༠༠ ལྷག་གིས་ཚེ་སྲོག་ཤོར་ཡོད་པ་དང་།  ལྷག་པར་དུ་ཨ་ཧྥེ་རི་ཁའི་དབུས་སུ་ཆགས་པའི་ཁོན་གྷོ་རྒྱལ་ཁབ་ཏུ་འབྲུམ་ནད་དེ་འགོས་ཁྱབ་ཆེན་པོ་འགྲོ་མུས་ཡིན་པ་མ་ཟད། ཟླ་སྔ་མའི་ནང་ནད་པ་བརྒྱ་ཆ་ ༩༦ ཙམ་རྒྱལ་ཁབ་དེ་ནས་བྱུང་ཡོད་སྐོར་དང་། སྤྱིར་སྤྲེའུ་འབྲུམ་ནད་དེ་ཏོག་དབྱིབས་གཉན་རིམས་སོགས་དང་བསྡུར་ན་འཆི་སྐྱོན་བྱུང་བའི་གྲངས་ཉུང་བ་སྟེ། ནད་པའི་བརྒྱ་ཆ་ ༡༠ ཙམ་ལས་ཤི་ཡི་མེད་ཀྱང་། བུད་མེད་སྦྲུམ་མ་དང་ཟུངས་ཤུགས་ཞན་པོ་དག་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་ཡོད་སྐོར་སོགས་གསལ་འདུག

ཕྱི་ལོ་ ༢༠༢༢ ལོར་འཛམ་གླིང་རྒྱལ་ཁབ་ ༡༨ ཀྱི་ནང་དུ་ནད་འབུ་དེ་གསར་དུ་འགོས་ཁྱབ་བྱུང་སྟེ། འདས་པའི་མི་ལོ་གཉིས་ཙམ་གྱི་ནང་ཚུད་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྲུམ་ནད་དེར་འགོག་སྲུང་དགོས་པའི་ཉེན་བརྡ་ཐེངས་གཉིས་བཏང་ཡོད་འདུག འདས་པའི་ཉིན་གྲངས་གཉིས་ཙམ་གྱི་ནང་ཡུ་རོབ་ཀྱི་སུ་ཝེ་ཌན་དང་པ་ཀི་སི་ཐན་གཉིས་སུ་སྤྲེའུ་འབྲུམ་ནད་འགོས་པའི་ནད་པ་དང་པོ་དེ་བྱུང་ཡོད་པས། ད་ལྟ་ཨེ་ཤ་ཡ་དང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་མང་པོས་རིམས་ནད་དེ་འགོག་སྲུང་བྱེད་མུས་ཡིན་འདུག་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་འབྲུམ་ནད་དེའི་སྔོན་འགོག་སྨན་ཁབ་རྒྱག་མུས་ཡིན་འདུག

ད་ལྟ་འཛམ་གླིང་གི་ཡུལ་གྲུ་མང་པོར་འགོས་ཁྱབ་འབྱུང་བཞིན་པའི་སྤྲེའུ་འབྲུམ་ནད་དེ་ནི། ཕྱི་ལོ་ ༡༩༥༨ ལོར་ཡུ་རོབ་རྒྱལ་ཁབ་ཌན་མག་ནང་ཐོག་མར་ངོས་འཛིན་བྱུང་སྟེ།  ཕྱི་ལོ་ ༡༩༧༠ ལོར་དབུས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁོན་གྷོ་ནང་ཐོག་མར་མི་ལ་འགོས་ཁྱབ་བྱུང་བ་ནས་ད་བར་ཉུང་མཐར་རྒྱལ་ཁབ་ ༡༡༦ ནང་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག་ལ།  འབྲུམ་ནད་དེ་མི་དང་མིའི་བར་གྱི་ཐུག་རེག་དང་། འབུ་སོགས་སེམས་ཅན་གྱིས་སོ་བརྒྱབ་པ། ཟུངས་ཁྲག་འགོས་པ་བརྒྱུད་འགོས་ཀྱི་ཡོད་འདུག་ལ། འབྲུམ་ནད་དེའི་ནད་རྟགས་ནི་གཟུགས་པོའི་རུས་ཚིགས་སོགས་ལ་ཟུག་གཟེར་རྒྱག་པ་དང་། གཟུགས་པོར་འབྲུམ་འབུར་ཐོན་པ་དང་ཟ་འཕྲུག་ལངས་བ། ཚ་བ་རྒྱས་པ། མགོ་ན་བ་དང་ཐང་ཆད་པ། པགས་མདོག་འགྱུར་བ་སོགས་ཡོང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese