མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་དམག་དོན་མཉམ་ལས་བྱས་ཏེ་རྒྱ་ནག་གིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་དབང་ཤུགས་སྐྱེད་པར་འགོག་རྒོལ་ནན་མོ་བྱ་རྒྱུ་ཡིན་འདུག

Defence Minister Rajnath Singh and External Affairs Minister S. Jaishankar with Japanese Defence Minister Minoru Kihara and Foreign Minister Yoko Kamikawa . photo :ARGUS

ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇའེ་ཤང་ཁར (Subrahmanyam Jaishankar) ལགས་དང་བདེ་སྲུང་བློན་ཆེན་ར་ཇི་ན་ཐི་ (Rajnath Singh) གཉིས་ཀྱིས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཡོ་གོ (Kamikawa Yoko)དང་རྒྱལ་སྲུང་བློན་ཆེན་ཀི་ཧ་རཱ་ (kihara minoru)གཉིས་དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་དཔལ་འབྱོར་དང་དམག་དོན་གྱི་ནུས་པ་རྒྱ་སྐྱེད་བྱེད་བཞིན་པ་འགོག་རྒོལ་སླད། ཕྱོགས་གཉིས་ཀྱིས་ཐབས་ཇུས་ལྡན་པའི་མཉམ་ལས་ཀྱི་ནུས་པ་སྔར་ལས་གོང་མཐོར་གཏོང་དགོས་པའི་ཐད་ལ་གྲོས་མཐུན་བྱུང་འདུག་ལ། ཉི་ཧོང་གི་བློན་ཆེན་གཉིས་ཀྱིས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལའང་མཇལ་འཕྲད་བྱས་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་འདུག

གནད་དོན་དེའི་ཐད་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉི་ཧོང་གི་མཐའ་སྲུང་དམག་མི་དང་རྒྱ་གར་གྱི་མཚོ་དམག་གཉིས་མཉམ་འབྲེལ་གྱི་ཐོག་ནས། མ་འོངས་པར་ཕྱོགས་གཉིས་ཀྱི་ས་ཁུལ་དུ་དམག་དོན་མཚོ་གྲུ་ཞིག་གསོ་བྱེད་རེས་དང་། དམག་འབྲེལ་དམག་དོན་སྤེལ་རྒྱུ། དེ་བཞིན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་དང་མཐུན་སྒྲིལ་གྱི་ཐོག་ནས་རྒྱ་ནག་གི་སུན་གཙེར་ལ་འགོག་རྒོལ་དང་ས་མཐའ་བརྟན་སྲུང་། ལྷག་པར་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་བརླིང་ཡོང་བར་མཉམ་ལས་བྱ་རྒྱུ་ཡིན་སྐོར་དང་། རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་ཐབས་ཇུས་རང་བཞིན་ལྡན་པའི་མཉམ་ལས་ཀྱི་ཐོག་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་གུ་ཡངས་དང་ཞི་བདེ། བདེ་འཇགས་ཡོང་ཐབས་ལ་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་པའི་གྲོས་མཐུན་བྱུང་བ་དང་འབྲེལ། རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇའེ་ཤང་ཀར་ལགས་ཀྱིས། ཕྱོགས་གཉིས་ཀྱིས་ངེས་གཏན་དང་ཚོད་དཔག་དཀའ་བའི་དེང་གི་འཇིག་རྟེན་དུ་མདུན་སྐྱོད་བྱས་ཡོད་སྟབས། བློ་བཀལ་ཆོག་པའི་འཐབ་གྲོགས་སྟེ་གཅིག་མཐུན་གྱི་ལྟ་ཚུལ་ཅན་ཞིག་དགོས་པ་ནི་ཆེས་གནད་འགག་ཅིག་རེད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡ ནང་ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་སླད། ཟླ་དེའི་ཕྱི་ཚེས་ ༡༦ ནས་ ༢༦ བར་ཉིན་གྲངས་བཅུ་གཅིག་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་བྱང་ཤར་ཁུལ་དུ་ཡོད་པའི་ (Ibaraki) ས་ཁུལ་གྱི་མཁའ་དམག་ལྟེ་གནས་སུ་ (Hyakuri Air Base) མཁའ་ལམ་དམག་སྦྱོང་ཐེངས་དང་པོ་དེ་སྤེལ་ཡོད་ཅིང་། སྤྱིར་བཏང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་ཀྱིས་རྒྱལ་སྲུང་སྐོར་ལ་ཚོགས་འདུ་འཚོགས་ཏེ། ཉི་ཧོང་དང་རྒྱ་གར་གཉིས་ཟུང་འབྲེལ་གྱིས་དམག་སྦྱོང་བྱ་འཆར་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འགྲོ་འོང་བཀག་སྡོམ་དང་ཁྱིམ་སྡོད་སྒོ་རྒྱ་བསྡམས་པར་བརྟེན། དམག་སྦྱོང་བྱེད་མ་ཐུབ་པར་ཕྱིར་འགྱངས་བཏང་ཡོད་འདུག

འདས་པའི་ལོ་ཤས་གོང་ཉི་ཧོང་དུ་ཨ་རི་དང་ཨོ་གླིང་། ཉི་ཧོང་། རྒྱ་གར་བཅས་ལས་གྲུབ་པའི་རྒྱལ་ཁབ་བཞིའི་ལྷན་ཚོགས་ (Quad Summit) དེ་བསྡུས་ཡོད་ཅིང་། ལྷན་ཚོགས་ཐོག་ཨ་རིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཚོང་འབྲེལ་ལས་འཆར་ (Indo-Pacific Economic Framework for Prosperity) ཟེར་བ་ཞིག་མགོ་འཛུགས་བྱས་ཏེ། ད་ལྟའི་ཆར་ཚོང་དོན་མཉམ་ལས་དེའི་ནང་རྒྱ་གར་དང་། ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་གླིང་། ཝི་ཐི་ནམ། ཐའེ་ལེན་ཌི། སིང་གྷ་པུར་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ ༡༣ མཉམ་ཞུགས་བྱས་ཏེ། ཕྱོགས་ཡོངས་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་ཚོང་དོན་དང་དམག་དོན་གྱི་ནུས་པ་སྐྱེད་པར་འགོག་རྒོལ་བྱེད་མུས་ཡིན་ཡང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆགས་པའི་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་མང་དག་ཅིག་ཏུ་ཚོང་དོན་འབྲེལ་ལམ་དང་ཨ་སྒོར་ཐེར་འབུམ་མང་པོ་མ་འཇོག་བྱས་ཏེ། ཨེ་ཤ་ཡའི་མཚོ་འགག་ཁུལ་དུ་དམག་དོན་དང་ཚོང་གི་དབང་ཤུགས་སྐྱེད་ཐབས་བྱེད་མུས་ཡིན་པ་རེད།

འདས་པའི་མི་ལོ་བཅུ་ཕྲག་འགའ་ཡི་གོང་ནས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་བདག་བཟུང་ཆེད་རྣོ་ངར་རང་བཞིན་གྱི་འཐབ་འཛིང་དང་ཁུལ་དེར་སྲིད་འབྱོར་གཉིས་ཀྱི་ཐོག་ནས་དབང་ཤུགས་སྐྱེད་ཐབས་ལ་འབད་འབུངས་བྱས་ཡོད་དེ། རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་(Indo-Pacific region) ནི་འཛམ་གླིང་གི་མི་འབོར་མང་ཤོས་དང་ཨེ་ཤ་ཡ། ཨ་ཧྥེ་རི་ཁ། ཨོ་གླིང་། ཨ་རི་བཅས་ཀྱི་ཚོང་དོན་གྱི་ལྟེ་གནས་ཆེ་ཤོས་ཡིན་ཞིང་། དེས་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་ ༦༠ དང་འཛམ་གླིང་གི་ཐོན་ཁུངས་བརྒྱ་ཆ་གསུམ་ནས་གཉིས་ཟིན་ཡོད་པ་མ་ཟད།  ཁུལ་དེ་ནི་འཛམ་གླིང་གི་མི་འབོར་དང་ཚོང་གི་འདུ་འཛི་རྒོད་པའི་རྒྱ་གར་དང་། རྒྱ་ནག ཉི་ཧོང་། ཨོ་གླིང་། ཨིན་ཌོ་ནེ་ཤི་ཡ་བཅས་ཀྱི་གཞིས་ཁྱིམ་དུ་གྱུར་ཡོད། རྒྱ་ནག་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་དོན་དང་ཚོང་གི་དབང་ཤུགས་སྐྱེད་ཐུབ་ཚེ། དེས་འཛམ་གླིང་གི་ཚོང་གི་རྒྱལ་ཁབ་ཆེ་ཤོས་ཁག་དང་། ལྷག་པར་ཨ་རི་དང་ཨ་ཧྥེ་རི་ཁ་གླིང་ཕྲན་བཅས་སུ་སྲིད་འབྱོར་གཉིས་ཀྱི་དབང་ཤུགས་སྐྱེད་ཧ་ཅང་སླ་བས། ད་བར་རྒྱ་གར་དང་། ཉི་ཧོང་གཙོས་རྒྱལ་ཁབ་ཁག་གིས་རྒྱ་གར་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་ནན་མོ་བྱེད་མུས་ཡིན།

རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་གར་བདག་བཟུང་བྱེད་སྐབས། ལོ་རྒྱུས་དང་དམག་དོན་གཉིས་ཀྱི་ཐོག་ནས་རྩོད་གཞི་ཧ་ཅང་ཆེ་བའི་ས་ཚིགས་ཤིག་ཡིན་འདུག་ལ། དུས་དེར་དབྱིན་ཇི་བཙན་རྒྱལ་རིང་ལུགས་དང་ཌ་ཆི་(Dutch) ཕྱོགས་ཁག་གཉིས་ཀྱིས་བདག་བཟུང་བྱས། ཕྱི་ལོ་ ༢༠༡༥ ཙམ་ནས་ཁུལ་དེར་རྒྱ་གར་ཞི་བདེ་རྒྱ་མཚོ་བཏགས་ཏེ་བརྟན་བརླིང་དང་བདེ་འཇགས་སྲུང་སྐྱོབ་བྱེད་མགོ་བཙུགས།  ཉེ་ལམ་ཁུལ་དེར་རྒྱ་གར་དང་། ཨ་རི། ཉི་ཧོང་། ཨོ་གླིང་། དེ་བཞིན་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་གི་མཐུན་ཚོགས་(ASEAN) སོགས་ཀྱིས་འགེབ་སྲུང་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese