མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་རེ་སྐུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཨིན་ཌོ་ནེ་ཤི་ཡ་གཞུང་ནས་གསར་འགོད་པ་དང་སློབ་མ་ཚུད་པའི་མི་དམངས་རྣམས་ཀྱི་གཞི་རྩའི་སྨྲ་བརྗོད་རང་དབང་དང་ཞི་བདེའི་འདུ་འཛོམས་ཀྱི་རང་དབང་ལ་བརྩི་འཇོག་དགོས་པའི་རེ་སྐུལ་ཞུས་འདུག

RSF condemns police violence against several journalists covering a protest in Indonesia. Photo:BAY ISMOYO/AFP

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ལྷོ་ཤར་ཨེ་ཤ་ཡའི་མཚོ་རྒྱུད་དུ་ཆགས་པའི་ཨིན་ཌི་ནེ་ཤི་ཡའི་གྲོས་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་སྲིད་ཇུས་སོགས་འགྱུར་བ་གཏང་རྒྱུའི་ཐད་གླེང་སློང་བྱས་རྗེས། ཡུལ་དེའི་གྲོང་ཁྱེར་ཆེ་ཁག་གི་སློབ་མ་ཚུད་པའི་མི་དམངས་རྣམས་སྲང་ལམ་དུ་བུད་ནས་ངོ་རྒོལ་བྱས་རྐྱེན། ཉེན་རྟོག་པ་དང་འགོག་སྲུང་བས་གསར་འགོད་པ་ ༡༡ ཚུད་པའི་མི་དམངས་རྣམས་ལ་དོན་མེད་གཅར་རྡུང་བྱས་ཡོད་པ་ལྟར། ཁ་སང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། གསར་འགོད་པ་དེ་དག་གི་གནད་དོན་ཐད་མངོན་གསལ་དོད་པོ་དང་དྲང་བདེན་གྱི་ཐོག་ནས་ཚད་མཐོའི་ཞིབ་འཇུག་བྱ་དགོས་པའི་རེ་སྐུལ་ཞུས་འདུག

ཧྥ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོ་ཁུལ་གྱི་ཚོགས་གཙོ་ཨེལ་ཝ་ནི་(Cédric Alviani) ལགས་ཀྱིས། ཉེན་རྟོག་པ་དེ་དག་གིས་གསར་འགོད་པ་དེ་དག་ལ་གཅར་རྡུང་དྲག་པོ་དང་ཅ་དངོས་ཆག་སྐྱོམ་དུ་བཏང་བར་གསལ་བཤད་གང་ཡང་བྱས་མེད། ང་ཚོས་ཨིན་ཌོ་ནེ་ཤི་ཡ་རྒྱལ་ཁབ་ཀྱི་གཞུང་འཛིན་ཚོགས་པའི་མགོ་ཁྲིད་ཚོས། མངོན་གསལ་དོད་པོ་དང་རང་དབང་གི་ཐོག་ནས་གསར་འགོད་པར་གཅར་རྡུང་བྱས་པའི་དྲག་སྤྱོད་ཀྱི་དོན་རྐྱེན་ཐད་ལ་ཞིབ་འཇུག་དང་། གསར་འགོད་པའི་ལས་རིགས་གཙོ་དམིགས་ཀྱིས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱ་དགོས། ཞེས་བརྗོད་འདུག

ཨིན་ཌོ་ནེ་ཤི་ཡའི་ཉེན་རྟོག་པས། མག་ན་(Makna Talks) ཞེས་པའི་གསར་ཁང་གི་གསར་འགོད་པ་ཨི་ཌོ་(Edo) དང་། ཌོ་རི་(Dory) ། ན་ས་རི་གློག་བརྙན་འཕྲིན་ (Narasi TV) གསར་ཁང་གི་གསར་འགོད་པ་ཇེན་རོ་བྷིན་(Robin) དང་། ཝ་ཧིབ་ (Achmad Wahib) ། ཌིམ་དུག་ཀ་ཧྥི་(media Deduktif) གསར་ཁང་གི་གསར་འགོད་པ་པར་མ་ན་(Angga Permana) སོགས་མི་དམངས་ཀྱི་ངོ་རྒོལ་བྱ་སའི་ཡུལ་དངོས་ཀྱི་བགྲོད་ལམ་བཀག་སྟེ་དོན་མེད་གཅར་རྡུང་བྱས་ནས་པར་ཆས་སོགས་བཅག་ཡོད་པ་མ་ཟད། པི་ཀི་རིན་གསར་ཁང་ (Pikiran-Rakyat) གི་བུད་མེད་གསར་འགོད་པ་ཨལ་ཛ་ (Alza Ahdira) ཟེར་བ་དང་། ཨ་ཌི་ཨན་དུས་བབ་གསར་ཁང་(IDN Times) དང་ཊེམ་པོ (Tempo) གསར་ཁང་གི་གསར་འགོད་པ་ཚུད་པའི་གསར་འགོད་པ་ ༡༡ ལ་དོན་མེད་གཅར་རྡུང་དང་པར་ཆས་སོགས་བཅག་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཨིན་ཌོ་ནེ་ཤི་ཡའི་གཞུང་འཛིན་ཚོགས་པས་སློབ་མ་དང་གསར་འགོད་པ། ངོ་རྒོལ་བ་སོགས་ལ་ཁྲིམས་མཐུན་མིན་པའི་ཐོག་ནས་གཅར་རྡུང་བྱས་ཏེ། སྨྲ་བརྗོད་རང་དབང་བཀག་འགོག་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་བྱས་པ་དང་འབྲེལ། ཨིན་ཌོ་ནེ་ཤི་ཡའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་གཙོ་ཧཱ་མིད་(Usman Hamid) ལགས་ཀྱིས། ངོ་རྒོལ་དེ་ནི་ཞི་བའི་ཡོ་ལང་ཞིག་ཡིན་ཡང་། རྒྱལ་སའི་ཁུལ་དུ་དམག་མི་འབོར་ཆེན་བཀྲམ་ནས། མི་དམངས་ཀྱི་ཞི་རྒོལ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག་པས། དེ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་སྨྲ་བརྗོད་རང་དབང་དང་ཞི་བདེ་ལྡན་པའི་འདུ་འཛོམས་ཀྱི་རང་དབང་ལ་བརྩི་འཇོག་མ་བྱས་པ་ཡིན། ཞེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་བཏོན་ཡོད་པའི་ཁྲོད། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་  ༡༨༠ ཡི་གསར་འགོད་རང་དབང་གི་གནས་བབ་སྐོར་ལ་ཞིབ་འཇུག་བྱས་ཏེ། རྒྱ་ནག་ནི་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་གསལ་སྟོན་བྱས་འདུག་ལ། གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་བཅུའི་ཁྲོད། ཨེ་ཊི་རེ་ཡ། སི་རེ་ཡ་དང་ཨབ་གྷ་ནེ་སི་ཐན། བྱང་ཀོ་རི་ཡ། ཨི་རན། ཊར་ཀེ་མན་སི་ཐན། ཝི་ཏི་ནམ། རྒྱ་ནག་དང་འབར་མ་ཨི་ཇབ་ཊི་བཅས་དང་། ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གི་གསར་འགོད་རང་དབང་ལེགས་ཤོས་ཀྱི་རྒྱལ་ཁབ་ལྔ་ནི་ནོར་ཝེ་དང་ཌེན་མག སུ་ཝེ་ཌན། ནེ་ཐར་ལན་ཌི། ཧྥི་ལན་ཌི་བཅས་ཡིན་ཞིང་། ཨི་ཌོ་ནེ་ཤི་ཡ་དེ་འཛམ་གླིང་གསར་འགོད་རང་དབང་གི་ཨང་རིམ་ ༡༡༡ པ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese