མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་མཚོན་པའི་བྱིས་པའི་རི་མོའི་སྒྱུ་རྩལ་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་དོག་སྒྱུ་རྩལ་ཚོགས་པས་བོད་སློབ་ཁག་ལྔའི་སློབ་ཕྲུག་རྣམས་ཀྱིས་བྲིས་པའི་བོད་ནང་གི་གནས་སྟངས་མཚོན་པའི་བྱིས་པའི་རི་མོ་གྲངས་ ༥༠ འགྲེམས་སྟོན་བྱེད་བཞིན་འདུག

དེ་རིང་ཕྱི་ཚེས་ ༡༣ ནས་ ༡༩ བར་ཉིན་གྲངས་བདུན་རིང་དྷ་ཤོད་ཀང་ར་སྒྱུ་རྩལ་འགྲེམས་སྟོན་ཁང་དུ། ཁ་དོག་བོད་པའི་སྒྱུ་རྩལ་ཚོགས་པའི་གོ་སྒྲིག་འོག  ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་བོད་སློབ་ཁག་ལྔའི་སློབ་ཕྲུག་གིས་བྲིས་པའི་བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་བྱེད་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཀང་ར་རྫོང་དཔོན་གཞོན་པ་མཆོག་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་ཆོས་ལགས། སྒྱུ་རྩལ་བ་བཀྲ་ཤིས་ཉི་མ་ལགས། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་མི་སྣ། དྷ་ས་ཁུལ་གྱི་བོད་སློབ་ཁག་གི་སློབ་ཕྲུག རྒྱ་གར་བ་སོགས་མཉམ་ཞུགས་གནང་སོང་།

འདི་གའི་གསར་འགོད་པར་བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་སྐོར་ལ་སྒྱུ་རྩལ་བ་བཀྲ་ཤིས་ཉི་མ་ལགས་ཀྱིས། བོད་པ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༥ ལྷག་འགྲོ་བཞིན་ཡོད་ཅིང་། བཙན་བྱོལ་དུ་བོད་པ་མང་པོ་འཚར་ལོངས་འབྱུང་བཞིན་ཡོད། མང་ཆེ་ཤོས་ནི་མི་ཐོག་གསར་བའི་བུ་ཕྲུག་ཆགས་ཡོད། ང་ཚོའི་ངོས་ནས་ཁོང་ཚོའི་སྐད་དང་སྒྱུ་རྩལ་ལ་སྡིངས་ཆ་ཞིག་སྤྲོད་པའི་ཐབས་ཤེས་བྱེད་ཀྱི་ཡོད། ཁོང་ཚོ་བོད་དུ་འགྲོ་མྱོང་མེད་ཀྱང་། གལ་སྲིད་ང་རང་བོད་དུ་ཡོད་ན་ཞེས་རང་ཉིད་ཀྱི་སྒྲུང་དང་། ཚོར་བ། རྨི་ལམ། ཉམས་མྱོང་སོགས་རི་མོའི་ཐོག་ནས་བཤད་སའི་སྡིངས་ཆ་ཞིག་བསྐྲུན་ཡོད། ཐེངས་འདིར་བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་ནི་ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་བོད་ཁྱིམ་སློབ་གྲྭ་བཞི་དང་མེས་དབོན་དཔེ་སྟོན་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་གྲངས་ ༢༠༠ ལྷག་གིས་རི་མོ་བྲིས་ནས་མཉམ་ཞུགས་བྱས་པའི་ཁྲོད། རྒྱ་གར་བ་དང་བོད་པ་དཔྱད་འདེམས་པ་ལྔས་བདམས་ཐོན་བྱུང་བའི་རི་མོ་གྲངས་ ༥༠ འགྲེམས་སྟོན་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

མ་འོངས་འགྲེམས་སྟོན་གྱི་འཆར་གཞིའི་སྐོར་ལ་ཁོང་གིས། ད་ལན་ལས་འགུལ་འདི་ནི་འགྲེམས་སྟོན་ཆུང་ཆུང་ཞིག་ཡིན། ང་ཚོའི་ཚོགས་པའི་ངོས་ནས་ལོ་ལྟར་འགྲེམས་སྟོན་རེ་བྱེད་བཞིན་ཡོད་ཅིང་། འདི་ལོ་ཕྱི་ཟླ་ ༡༡ ནང་བོད་པའི་ཆེད་ལས་བའི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ཞིག་བྱ་འཆར་ཡོད། དེའི་ནང་ཆེད་ལས་རི་མོ་སྒྱུ་རྩལ་བའི་བརྩམས་ཆོས་ ༢༠ ལྷག་འགྲེམས་སྟོན་བྱ་རྒྱུ་ཡིན། ང་ཚོའི་ལས་གཞི་ལ་ཕྱོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་ཡག་པོ་བྱུང་ཚེ་མུ་མཐུད་ལས་འགུལ་སྤེལ་རྩིས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་གྱི་གལ་གནད་སྐོར་ལ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ཀྱིས། བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་ཧ་ཅང་གལ་ཆེན་པོ་རེད། བོད་པ་མཚོན་ན་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་རེད། རི་མོ་འབྲི་མཁན་ནང་མཉམ་ཞུགས་བྱེད་མཁན་ཚང་མ་བཙན་བྱོལ་དུ་འཚར་ལོངས་བྱུང་བ་དང་བོད་མཐོང་མྱོང་མེད། ཁོང་ཚོར་བསམ་བློའི་འཆར་སྒོ་མང་པོ་ཡོད། བསམ་བློའི་འཆར་སྣང་དེ་སྒྱུ་རྩལ་གྱི་ལམ་ནས་ཕབ་རྒྱུ་དྲི་བ་ཆེན་པོ་ཞིག་རེད། འཛིན་རིམ་བདུན་པ་ཡན་གྱི་སློབ་ཕྲུག་རྣམས་ཀྱིས་རི་མོ་ཧ་ཅང་ཡག་པོ་བྲིས་འདུག དེ་ནི་ངས་གལ་ཆེན་པོ་མཐོང་གི་ཡོད། བསམ་བློའི་འཁོར་རྒྱ་དེ་སྒྱུ་རྩལ་གྱི་སྣེ་གཅིག་ལ་ཕབ་ཐུབ་པ་ཙམ་གྱིས་རྒྱལ་ཁ་ཆེན་པོ་ཞིག་རེད་བསམ་གྱི་འདུག ལྷག་པར་དུ་བོད་པར་མཚོན་ན་སྒྲུང་མང་པོ་ཡོད། ཡིན་ནའང་དེ་བརྒྱུད་ལམ་གང་དུ་བཤད་ན་འགྲིག་གི་རེད། ཐེངས་འདིའི་རི་མོར་བལྟས་ཚེ་དེའི་ནང་གི་ཁོར་ཡུག་དང་ཆབ་སྲིད་སོགས་གལ་སྲིད་ང་བོད་དུ་ཡོད་ན་ཞེས་པ་དེ་ཤོག་ལྷེ་གཅིག་གི་ཐོག་ཏུ་མཚོན་ཡོད། ཡིག་ཐོག་ཏུ་ཡིན་ཚེ་དེབ་མང་པོ་བཀླག་དགོས། རི་མོར་མཚོན་ན་ལམ་སེང་མཐོང་བ་དང་ཡིད་དུ་འཆར་ཐུབ་ཀྱི་འདུག བརྒྱུད་ལམ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བྱིས་པའི་སྒྱུ་རྩལ་འགྲེམས་སྟོན་སྐོར་ལ་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཐེངས་འདིའི་རི་མོ་སྒྱུ་རྩལ་འགྲེམས་སྟོན་ནང་གི་རི་མོ་འབྲི་སྟངས་དང་བསམ་བློ་ཧ་ཅང་ཕྱུག་པོ་རེད། ཧ་ཅང་ཡག་པོ་མཐོང་སོང་། གལ་གནད་ཆེན་པོ་ཞིག་ལ་རི་མོའི་ནང་དོན་མང་ཆེ་ཤོས་བོད་ནང་བོད་ཡིག་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་དང་། རྒྱ་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་དུས། བཙན་བྱོལ་དུ་རང་དབང་ཐོག་བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་དང་། བོད་ནང་དུ་འདི་འདྲའི་རང་དབང་མེད་པ་མངོན་གསལ་མཚོན་གྱི་འདུག རི་མོ་མང་པོའི་ནང་བོད་ནང་གི་སློབ་གྲྭ་ཁག་གི་གནས་སྟངས་མཚོན་པའི་རྣམ་པ་འདུག སློབ་ཕྲུག་མང་པོས་རི་མོ་བྲིས་ཏེ་འགྲེམས་སྟོན་བྱེད་པའི་གོ་སྐབས་ཐོབ་པ་གལ་གནད་ཆེན་པོ་རེད། འདི་འདྲའི་སྒྱུ་རྩལ་ལ་ཆེ་མཐོང་སྤྲོད་རྒྱུ་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ནང་འབྲི་ཀློག་གཅིག་པོའི་ཐོག་ནས་མདུན་ལམ་ལ་བསམ་བློ་གཏོང་བཞིན་འདུག རྩེད་མོ་དང་སྒྱུ་རྩལ་རིགས་འདྲ་མིན་ཐོག་ཤུགས་རྒྱག་རྒྱུ་ཡང་གལ་ཆེན་པོ་རེད། རི་མོའི་ཐོག་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་རེད། ཤོག་ལྷེ་གཅིག་གི་ཐོག་ཏུ་སྒྲུང་སོགས་ཀྱི་རྣམ་དཔྱོད་སྟོན་ཐུབ་པའི་ནུས་པ་ཡོད། ཧང་སངས་བ་དང་ཧོན་ཐོར་བ། ཡིད་མ་ཚིམས་པ་བཟོ་བའི་ནུས་པ་ཡོད་པས། རི་མོ་སྒྱུ་རྩལ་ལ་ཤུགས་རྒྱག་རྒྱུ་ཡང་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང།

ང་སུ་རེད་ཅེས་པའི་རི་མོ་འབྲི་མཁན་སུ་ཇཱ་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་ནོར་བསམ་སྐྱིད་ལགས་ཀྱིས་ཁོང་མོའི་རི་མོའི་སྐོར་འདི་གའི་གསར་འགོད་པར། རི་མོ་འདི་ནི་བུ་ཕྲུག་གིས་ཤེས་ཀྱི་མེད་པའི་གནས་སྟངས་ཤིག་ཡིན། ང་རང་བོད་པ་དང་རྒྱ་མི་རེད་བསམ་གྱི་ཡོད། བོད་ནང་དུ་ཕ་མ་རྣམས་ལ་རང་དབང་མེད་པར་སོ་སོའི་བུ་ཕྲུག་རྒྱ་མིའི་སློབ་གྲྭར་གཏོང་དགོས་ཀྱི་ཡོད། རྒྱ་མིའི་སློབ་གྲྭར་རྒྱ་ཡིག་མ་གཏོགས་བོད་ཡིག་སྦྱོང་ས་མེད། ཆུང་དུས་ཁྱིམ་ནས་ཤེས་པའི་བོད་ཀྱི་སྐད་ཡིག་ཀྱང་བརླག་འགྲོ་བའི་གནས་སྟངས་ཤིག་མཚོན་གྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་། ཡང་སུ་ཇཱ་བོད་ཁྱིམ་གྱི་སློབ་ཕྲུག་མུན་སེལ་ལགས་ཀྱིས་ཁོང་གི་རི་མོའི་སྐོར་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ཕྲུ་གུ་རྣམས་རྒྱ་མིའི་གཏན་འཇགས་སློབ་གྲྭར་བཏང་སྟེ་བོད་པ་རྣམས་རྒྱ་མིར་བསྒྱུར་བཞིན་ཡོད་པ་མ་ཟད། རྒྱ་ཡིག་སྦྱོང་བའི་ཆེད་དུ་བོད་ཀྱི་སློབ་ཕྲུག་རྣམས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད། སློབ་གྲྭའི་ནང་མའོ་ཙེ་ཏུང་སོགས་ཀྱི་སྐོར་ལས་བོད་ཀྱི་སྐོར་ཅི་ཡང་བཤད་ཀྱི་མེད། ངའི་རི་མོའི་མཐའ་རུ་དམར་པོ་ཡོད་པ་རྒྱ་མིའི་གནོན་ཤུགས་ཆེན་པོ་ཡོད་པ་མཚོན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་རི་མི་འབྲི་མཁན་དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་འོད་གསལ་ལགས་ཀྱིས། ངས་གལ་སྲིད་ང་རང་བོད་དུ་ཡོད་ན་ཞེས་པའི་བརྗོད་གཞིའི་ཐོག་རི་མོ་བྲིས་ཡོད། རི་མོའི་ནང་མི་གསུམ་གྱི་རྒྱལ་དར་གསུམ་ཉར་བའི་ཐོག་ནས་བོད་ཀྱི་གནས་སྟངས་མཚོན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese