མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་མཇུག་སྒྲིལ་སོང་། 

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་རིགས་ཚགས་ཚུད་གྲུབ་ནས་ཚོགས་དུས་མཇུག་སྒྲིལ་སོང་། 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས། བོད་ཀྱི་སྒྲ་བརྙན་ཐད་གཏོང་ནས་བླངས། ༢༠༢༤།༩།༡༩

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་ཚོགས་དུས་བརྒྱད་པ་དེ་དངོས་སུ་མཇུག་བསྒྲིལ་ཡོད་ཅིང་། ད་ལན་གྱི་ཚོགས་དུས་ཐོག་འདས་པའི་མི་ལོ་གསུམ་ཙམ་རིང་འགག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅའ་ཁྲིམས་དེ་བསྐྱར་བཅོས་ཐུབ་པ་ནི། བོད་མི་རྣམས་ལ་དགའ་དགོས་པའི་གནད་དོན་དམིགས་བསལ་ཞིག་ཡིན་པའི་ཁར། ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་སྐོར་དང་། ཚོགས་ཐུན་འདིའི་རིང་སྤྱི་འཐུས་རྣམས་ཀྱིས་ལུས་ངག་གཉིས་ཀྱི་ཐོག་ནས་གང་གཟབ་གཟབ་གནང་སྟེ་བོད་སྤྱི་པའི་ལས་དོན་ཐད་ཧུར་ཐག་གནང་ཡོད་སྐོར་སོགས་གསུངས་སོང་། 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས། ད་རེས་ཁྲིམས་བཟོ་ལས་དོན་ནང་བཀའ་ཤག་གི་བཅའ་ཁྲིམས་བསྐྱར་བཅོས་གཅིག་དང་སྤྱི་འཐུས་རྒྱུན་ལས་ནས་གཞུང་འབྲེལ་བཅའ་ཁྲིམས་གཅིག་འཁུར་ཡོད་པ་རེད། བཅའ་ཁྲིམས་དེ་གཉིས་བརྒྱུད་ནས་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་པ་དེ་དག་གཙང་མ་ཆགས་ཡོད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་གིས་མཉམ་རུབ་ཀྱིས་འགན་ཆེན་པོ་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེའི་ཐད་ལས་རིམ་རྣམ་གཞག་བཏོན་པའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་གསེང་ཞུ་དགོས་པ་དེ་གོ་སྐབས་ཤིག་ཞུས་ནས་ཞུ་ཆོག ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བཞུགས་སླད་ཐུགས་སྨོན་གནང་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག་ལ། དེ་རིང་གི་ལས་དོན་དེ་རླབས་ཆེན་པོ་རེད་བསམ་གྱི་ཡོད། གནད་དོན་དེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་སོང་བས། ཉམས་མྱོང་དེ་གཞིར་བཞག་ནས་མ་འོངས་པར་གནད་དོན་དེ་འདྲ་མི་ཡོང་རྒྱུའི་འགན་ཁུར་དགོས་གལ་ཆེ་བ་དང་། དམངས་གཙོ་གོང་འཕེལ་དང་ཚགས་ཚུད་ཡོང་བར་ཚང་མས་དགོངས་པ་ཆེན་པོ་བཞེས་དགོས། ཞེས་གསུངས་སོང་།

 ཡང་ཁོང་གིས། དེ་སྔ་ཚོགས་ཆུང་གིས་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཤིག་བསྣམས་པ་རེད། དེར་ཚོགས་ཆུང་ལ་བསྐྱར་དུ་བཏང་ནས་ད་ལྟ་སྙན་ཐོ་དང་འཆར་ཟིན་བསླེབས་ཡོད་པ་རེད། ད་ལན་གྲོས་ཚོགས་ཀྱི་དུས་ཚོད་འདི་དོག་པོ་ཞེ་དྲགས་ཆགས་ནས། དེའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་དེ་དག་ཚོགས་གཙོར་འདོད་བློ་ཁེངས་པ་མ་བྱུང་ཞུས་པ་ཡིན་ན་ཏག་ཏག་སྡོད་ཀྱི་མི་འདུག འདོད་བློ་ཁེངས་པ་ཞིག་མ་བྱུང་བར་བརྟེན་ཐབས་ལམ་ཞིག་བཙལ་ནས་བསྐྱར་དུ་ཚོགས་ཆུང་ལ་གཏང་རྒྱུ་བྱས་པ་ཡིན། མ་འོངས་པར་ཚོགས་ཆུང་ནང་ལོགས་ལ་ཕྱག་ལས་གནང་མཁན་རྣམ་པས་ཕྱག་ལས་འདི་ལ་ཏན་ཏན་གྲུབ་འབྲས་ཐོན་ཐུབ་ཀྱི་རེད་བསམ་ནས་བསྐོ་གཞག་བྱེད་དུས་ཡིན་ཅིག་མིན་ཅིག་ཞལ་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། དེས་གྲོས་ཚོགས་ནང་ལས་དོན་ཚགས་ཚུད་པོ་དང་ཚད་ལྡན་ཡོང་བར་ཕན་ཐོགས་འདུག གཞན་ཡང་། སྤྱི་འཐུས་རྒྱུན་ལས་ཀྱི་ཕོགས་ཀྱི་ཚད་རིམ་གྱི་སྒྲིག་གཞི་དེ་གཏན་འབེབས་བྱས་ཏེ། དེ་རིང་གྲོས་ཚོགས་ལ་སྙན་གསེང་བཀའ་འཁྲོལ་ཞུས་ནས་ལག་ལེན་བསྟར་བཞིན་པའི་གནས་སྟངས་ཆགས་ཡོད། ད་ལན་གྲོས་ཚོགས་ནང་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འདེམས་ལྷན་ཚོགས་མི་གཉིས་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པར་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། 

ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་སྐོར་ལ་བགྲོ་གླེང་མང་པོ་བྱུང་ཡོད་ཅིང་། འཛིན་སྐྱོང་ནས་འགན་ཁུར་བཞེས་རྒྱུ་གལ་ཆེན་པོ་རེད། ༧གོང་ས་མཆོག་ནི་བོད་པ་ཙམ་མ་ཟད་འཛམ་གླིང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཆགས་ཡོད་པས། བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཀའ་དྲིན་དྲིན་བཟོ་བྱ་ཤེས་རྒྱུ་གལ་ཆེན་པོ་རེད། ལོ་རྗེས་མར་ཕྱི་ལུགས་ལྟར་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་པས་བཀའ་ཤག་གི་ངོས་ནས་ལས་འཆར་མང་པོ་ཡོད་པ་མ་ཟད། གྲོས་ཚོགས་ཀྱིས་ཀྱང་དེའི་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་རེད། ཅེས་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་གལ་གནད་དུ་བརྩི་དགོས། རྒྱ་གཞུང་གིས་༧སྐུའི་ཡང་སྲིད་སྐོར་ལ་སྲིད་ཇུས་མང་པོ་ལག་བསྟར་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་འདུག དཔལ་ལྡན་ལྷ་མོའི་བཀའ་ལུང་ཕེབས་ཡོད་པ་བཞིན་བོད་པའི་སྤྱི་ཚོགས་ནང་དུ་མ་འོངས་བའི་ལས་དོན་བྱེད་ཕྱོགས་ཐོག་ཁ་གསལ་ཚད་ལྡན་ཞིག་བཟོ་དགོས་ཀྱི་འདུག ཅེས་གསུངས་སོང་།

མཇུག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེང་གི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ལྷག་པར་དེང་གི་ཆར་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་མུས་ཡིན་པའི་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་པ་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་སྟབས། བོད་མི་རྣམས་ལ་བོད་དོན་འཐབ་རྩོད་ཀྱི་ཐད་ནས་གོ་སྐབས་ཤིག་ཡོང་ངེས་ཡིན་པས། བོད་མི་རྣམས་ཀྱིས་མཐུན་ལམ་ལྡན་པའི་ཐོག་ནས་མཉམ་རུབ་ཀྱི་ནུས་པ་བསྟན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། ཚང་མས་མཉམ་རུབ་ཀྱིས་བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས་ཀྱི་གནད་དོན་ཐད་འགན་འཁྲི་དང་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། འདི་ལོའི་ཕྱི་ཟླ་ ༡༠ ནང་སྤྱི་འཐུས་རྣམས་ལ་ཡུ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་གཞི་ཞིག་བསྒྲིགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་རྒྱལ་ས་ལྡི་ལི་རུ་སྤྱི་འཐུས་ཆ་ཚང་ཚང་འཛོམས་ཀྱིས་ཐབས་ཇུས་ཚོགས་འདུ་དང་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་བསྒྲིགས་ཡོད་སྐོར་སོགས་གསུངས་སོང་། 

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese