མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་བལ་ཡུལ་གྱི་ས་མཚམས་སུ་གནས་སྤོར་ཞིབ་བཤེར་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་གྱི་ས་མཚམས་ཀོ་ར་ལ་རུ་གནས་སྤོར་ཞིབ་བཤེར་ལས་ཁུངས་ཤིག་གསར་འཛུགས་བྱས་ཏེ་མི་འགྱངས་པར་དངོས་སུ་ལས་ཁུངས་སྒོ་འབྱེད་བྱ་རྒྱུ་ཡིན་འདུག

Chinese authorities have already constructed the necessary infrastructure in the Korala border point area Photo:Kathmandu Post

ཉེ་ལམ་ཀ་ཐི་མན་ཌུའི་ཆ་འཕྲིན་ (Kathmandu Post) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་ལས་གློ་སྨོན་ཐང་གི་ཀོ་ར་ལའི་ (Korala) ས་ཁུལ་དུ་གནས་སྤོར་ཞིབ་བཤེར་ལས་ཁུངས་ཤིག་གསར་འཛུགས་ཀྱིས་སྒོ་འབྱེད་བྱེད་ལ་ཉེ་ཞིང་། གློ་སྨོན་ཐང་རྫོང་འཛིན་སྐྱོང་ལས་ཁུངས་ཀྱིས། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བལ་ཡུལ་གཞུང་གིས་ཧིན་རྡུ་ཆོས་ལུགས་ཀྱི་དུས་ཆེན་ (Dashain) གོང་དུ་གནས་སྤོར་ཞིབ་བཤེར་ལས་ཁུངས་གསར་པ་དེ་སྒོ་འབྱེད་བྱ་འཆར་ཡོད་ལུགས་བསྒྲགས་འདུག

དེ་འབྲེལ་གློ་སྨོན་ཐང་གི་རྫོང་དཔོན་ཇཱ་ནག་ (Janak Raj Panta) གིས། ཀོ་ར་ལ་ས་མཚམས་སུ་འཛུགས་སྐྲུན་བྱེད་བཞིན་པའི་གནས་སྤོ་ལས་ཁུངས་ཀྱི་ལས་གཞི་མཇུག་སྒྲིལ་ཉེ་ཡོད་པ་མ་ཟད། ལས་ཁུངས་སུ་གློག་དང་དྲ་རྒྱ་སོགས་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་མུས་ཡིན་སྐོར་དང་། ལས་གཞི་དེར་འབྲེལ་ཡོད་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ལས་ཁུངས་ཀྱིས་མཐའ་མའི་རྟོག་ཞིབ་བྱས་རྗེས་ལས་དོན་དངོས་སུ་མགོ་འཛུགས་ཀྱི་ཡོད་པ་མ་ཟད། བལ་ཡུལ་མི་སེར་རྣམས་གནས་སྤོ་ལས་ཁུངས་ཀྱི་ཆོག་མཆན་འོག་འགྲིམ་འགྲུལ་བྱེད་ཆོག་གི་ཡོད་སྐོར། དེ་བཞིན། བལ་ཡུལ་མི་སེར་རྣམས་གནས་སྤོ་ལས་ཁུངས་དེ་ནས་འགྲོ་འོང་དང་ཚོང་འབྲེལ་གྱི་ཆོག་མཆན་ཡིག་ཆ་རག་རྗེས་རྒྱ་བལ་གཉིས་ནང་ཚོང་འབྲེལ་དང་འགྲོ་འོང་གི་རང་དབང་ཡོད་སྐོར་བརྗོད་འདུག རྒྱ་ནག་གིས་བོད་ཁུལ་དུ་ཡོད་པའི་ཀོ་ར་ལ་ས་མཚམས་ཁུལ་དུ་གནས་སྤོ་ལས་ཁུངས་གསར་འཛུགས་དང་འབྲེལ་ནས་རྨང་གཞིའི་འཛུགས་སྐྲུན་བྱས་ཟིན་འདུག་ལ། ད་ལྟའི་ཆར་ལས་ཁུངས་སུ་ལས་ཤག་དང་བདེ་འཇགས་ཞིབ་བཤེར་ས་ཚིགས། མཛོད་ཁང་། ཟུར་འཇོག་ཁང་སོགས་གསར་འཛུགས་བྱས་ཟིན་པའི་གནས་ཚུལ་འཐོན་བཞིན་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༡ པོའི་ནས་བཟུང་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་པར་བརྟེན། རྒྱ་ནག་གིས་བལ་བོད་ས་མཚམས་སྒོ་བརྒྱབ་པར་བརྟེན་ནས། བལ་ཡུལ་ལས་བོད་ཕྱོགས་སུ་བརྟེན་པའི་བལ་ཡུལ་གྱི་ཀོ་ར་ལའི་རི་ཁུལ་དུ་ཡོད་པའི་གྲོང་གསེབ་ཀྱི་མི་མང་གི་ཉིན་རེའི་འཚོ་བར་དོ་ཕོག་ཤུགས་ཆེན་ཐེབས་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༡ ནས་བཟུང་རྒྱ་བལ་གཉིས་མཉམ་འབྲེལ་གྱིས་ཀོ་ར་ལ་ས་མཚམས་བསྐྱར་དུ་སྒོ་ཕྱེས་ཏེ། ས་ཁུལ་དེར་གནས་སྡོད་མི་མང་དང་ཚོང་པ་ཁག་གི་འཚོ་བའི་མཐུན་རྐྱེན་ཉོ་སྒྲུབ་སོགས་སླ་རུ་ཕྱིན་ཡོད་འདུག

གློ་སྨོན་ཐང་ནི་དེ་སྔ་བོད་ཀྱི་ས་ཁོངས་ཡིན་པས་ས་ཁུལ་དེར་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་ཅིང་། ད་ལྟའི་ཆར་བལ་ཡུལ་གྱི་གྷན་དྷ་ཀི་ (Gandaki) མངའ་སྡེའི་ཁོངས་གཏོགས་ཡིན་པ་རེད། བལ་བོད་ས་མཚམས་ལས་ད་རེས་ཀོ་ར་ལ་ས་མཚམས་སུ་གནས་སྤོར་ཞིབ་བཤེར་ལས་ཁུངས་བཙུགས་པ་དེ་ནི། རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་རྗེས། བལ་བོད་མཐའ་མཚམས་བསྐྱར་དུ་སྒོ་འབྱེད་བྱས་པའི་ས་ཚིགས་བཞི་པ་ཆགས་ཀྱི་ཡོད་འདུག་ལ། ད་སྔ་རྒྱ་ནག་གིས་སྐྱིད་རོང་ནས་ར་སོ་ཝ་དང་། སྤུ་ཧྲང་ནས་ཧམ་ལ། གཏིང་སྐྱེས་རྫོང་གི་རི་བོ་ནས་ཝ་ལུང་། ལྷུ་རྩེ་ནས་གློ་སྨོན་ཐང་། འགྲམ་དང་འདྲེན་ཐང་སོགས་ས་མཚམས་ཁག་བདུན་འདུག

ཕྱི་ལོ་ ༢༠༡༦ ལོར་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཚོང་འབྲེལ་དང་ཐོངས་མཆན་གྱི་གྲོས་མཐུན་བཞག་ཡོད་འདུག་ལ། གྲོས་མཐུན་ལྟར་ན་མི་སུ་ཡིན་རུང་རྒྱ་ནག་དང་བལ་ཡུལ་ནང་འགྲོ་འོང་བྱེད་ཆོག་ཀྱང་། ད་ལྟའི་ཆར་གློ་སྨོན་ཐང་དུ་གནས་སྡོད་ཡུལ་མི་ཁོ་ན་བོད་དང་རྒྱ་ནག་ཏུ་འགྲོ་འོང་བྱས་པར་གློ་སྨོན་ཐང་རྫོང་ཁོངས་ཀྱི་འཛིན་སྐྱོང་ལས་ཁུངས་ནས་ཆོག་མཆན་ཡིག་ཆ་ངེས་པར་དུ་དགོས་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༢༠ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese