མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་རྟ་དབང་ནས་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་མོན་རྟ་དབང་ནས་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་འདུག

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ལྔ་པ་དེ་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་བར་ལས་འགུལ་མགོ་ཚུགས་ཡོད་འདུག

ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། མོན་རྟ་དབང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་གཙོས་རྒྱ་གར་བ་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་གནད་དོན་གལ་གནད་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ་ཡིན། དེ་ཡང་གཙོ་བོ་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གི་ཤེས་རིག་སློབ་གཉེར་ཁང་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙན་ཐབས་ཀྱིས་སྒོ་བརྒྱབ་ཏུ་བཅུགས་ཏེ་བོད་ཀྱི་ངོ་བོ་མཚོན་པའི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་ཐབས་ཀྱི་ཛ་དྲག་གི་གནས་སྟངས་གཙོས། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཧིན་བོད་གཉིས་ཀྱི་ས་མཚམས་ཀྱི་ཡུལ་མིང་རྣམས་བརྗེ་བསྒྱུར་ཐོག་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཀྱིས་རྒྱ་གར་གྱི་མཐའ་མཚམས་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་བཞིན་པའི་ཛ་དྲག་གི་དཀའ་ངལ་སེལ་རྒྱུར་བོད་ཀྱི་གནད་དོན་གལ་ཆེན་པོ་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། རང་མི་རིགས་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་འཐབ་རྩོད་ཐད་བློ་དཀར་ཞུམ་མེད་ཀྱིས་ཞབས་ཞུ་སྒྲུབ་དགོས་གལ་སོགས་ཀྱི་བློ་སྐྱེད་དང་སེམས་ཤུགས་སྤར་རྒྱུ་མ་ཟད། ལས་འགུལ་འདི་བཞིན་ཁོང་རྣམ་པར་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆག་རྒྱུར་རེ་བ་ཞུ་བཞིན་ཡོད། ཅེས་གསལ་འདུག

དེ་བཞིན་ཁོང་གི་ལས་འགུལ་ནང་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ནང་། གཅིག དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་བྱས་པའི་བོད་རྒྱལ་ཁབ་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་བོད་མིར་ཚུར་སྤྲད་དགོས་པའི་བརྡ་ལེན། གཉིས། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་སྒེར་བཙུགས་སློབ་གཉེར་ཁང་རྣམས་བཙན་ཐབས་ཀྱིས་སྒོ་བརྒྱབ་ཏུ་བཅུགས་ཏེ་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་མཚམས་འཇོག་དགོས། གསུམ། རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་གལ་ཆེར་འཛིན་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུར་རེ་བ་ཞུ་རྒྱུ་ཡིན།

རང་ལོ་ ༦༤ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་།  ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་ཡོད་པ དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་ནས་ཨུ་ཊར་ཁན་ཌི་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད། རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་སྤྱི་ལེ་ ༢༥༠ རྐང་འཁོར་སྐོར་སྐྱོད། དེ་བཞིན་ལ་དྭགས་མཁར་གདོང་ལ་ནས་དྷ་རམ་ས་ལའི་བར་སྤྱི་ལེ་ ༨༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་བཅས་སྤེལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese