མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་ནང་འབར་རྫས་དོན་རྐྱེན་གྱིས་རྒྱ་མི་གཉིས་བསད་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་གྱི་བྷེ་ལོ་ཆི་སི་ཊན་བཅིངས་གྲོལ་དམག་སྡེའི་ཁོངས་ཀྱི་མི་ཞིག་གིས་འབར་རྫས་བཀོལ་སྤྱོད་ཀྱིས་རང་ཤི་བརྒྱབ་ནས་རྒྱ་མི་གཉིས་བསད་འདུག

A massive blast rocked a road near the airport of Karachi, Pakistan’s largest city

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་ར་ཆི་ (Karachi) རུ་རྟེན་གཞི་བྱས་པའི་ཇིན་ནཱ་རྒྱལ་སྤྱིའི་གནམ་ཐང་ (Jinnah International Airport) གི་ཉེ་འགྲམ་དུ་འབར་གས་དོན་རྐྱེན་གྱིས་རྒྱ་མི་གཉིས་བསད་ཡོད་པ་མ་ཟད། ཉུང་མཐར་མི་གྲངས་ ༡༠ ལ་རྨས་སྐྱོན་ཕོག་ཡོད་འདུག དེ་འབྲེལ་པ་ཀི་སི་ཐན་གྱི་བྷེ་ལོ་ཆི་སི་ཊན་བཅིངས་གྲོལ་དམག་སྡེ་ (Balochistan Liberation Army) ཟེར་བས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་མི་འཆར་འགོད་པ་དང་མ་འཛུགས་བྱེད་མཁན་གཉིས་ལ་དམིགས་ཏེ་འབར་རྫས་བེད་སྤྱོད་བྱས་ཡོད། ཅེས་དང་། རྒྱ་མི་གཉིས་ཀྱིས་རླངས་འཁོར་ནང་དུ་འབར་རྫས་ཤིག་འཁྱེར་ཡོད་པའི་དོགས་གཞིའི་འོག ཁ་སང་ཕྱི་ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ སྟེང་བྷེ་ལོ་ཆི་སི་ཊན་བཅིངས་གྲོལ་དམག་སྡེ་དེའི་ཁོངས་ཀྱི་མ་ཇི་ཏི་བྷི་རི་གྷེ་ཊེ་ (Majeed Brigade) ཟེར་བའི་ཚོགས་པའི་དམག་མི་ཤཱ་ཧྥ་ཧ་ཌི་ (Shah Fahad) ཟེར་བའི་ཉེས་ཅན་པས་འབར་རྫས་བཀོལ་སྤྱོད་ཀྱིས་རང་ཤི་བརྒྱབ་སྟེ་རྒྱ་མི་གཉིས་བསད་ཡོད་ཚུལ་བརྗོད་འདུག

པ་ཀི་སི་ཐན་གྱི་སྲིད་བློན་ཤེ་བྷ་སི་ཤཱ་རི་ཧྥི་ (Shehbaz Sharif) ཡི་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཨེག་སི་ (X) སྟེང་། འབར་གས་ཀྱི་དོན་རྐྱེན་དེ་ནི་ཚབས་ཆེན་ཞིག་ཡིན་པ་མ་ཟད། རྒྱ་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། རྒྱ་ནག་ནི་པ་ཀི་སི་ཐན་གྱི་བློ་མཐུན་གྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། ང་ཚོས་རྒྱ་མི་རྣམས་ཀྱི་བདེ་འཇགས་ལ་ལྟ་རྟོག་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་བརྗོད་འདུག་ལ། རྒྱལ་ཁབ་དེའི་ཕྱི་སྲིད་ལྷན་ཁང་གིས། དོན་རྐྱེན་དེ་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་དང་འབྲེལ་བ་བྱས་དང་བྱེད་མུས་ཡིན་པ་མ་ཟད། བྱ་སྤྱོད་དེ་འདྲ་སྤེལ་བའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་པར་བརྟེན། གཞུང་གིས་ནག་ཉེས་ཅན་དེ་བློས་གཏོང་བྱེད་ཀྱི་མེད་པ་མ་ཟད་ཁྲིམས་ཐོག་ནས་ཉེས་ཆད་གཏང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་འབྲེལ་ས་གནས་གསར་ཁང་ཁག་ཅིག་ཏུ་གནས་ཚུལ་ཐོན་པའི་ནང་། གནམ་ཐང་གི་ཉེ་འགྲམ་དུ་འབར་གས་ཀྱི་དོན་རྐྱེན་བྱུང་བ་དང་འབྲེལ་ནས་རྨས་སྐྱོན་ཕོག་པའི་མི་གྲངས་ཉུང་མཐར་ ༡༠ ཙམ་ཡོད་ཚུལ་བརྗོད་ཀྱང་། དོན་དངོས་སུ་མི་གྲངས་ཇི་ཙམ་ལ་གནོད་འཚེ་ཕོག་ཡོད་མེད་ཁ་གསལ་མེད་པ་མ་ཟད། ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་མི་དེ་དག་གནམ་ཐང་གི་ཉེ་འགྲམ་དུ་སྨན་བཅོས་བྱས་དང་བྱེད་མུས་ཡིན་འདུག འབར་གས་ཀྱི་དོན་རྐྱེན་འབྱུང་ཡུལ་གྱི་གཞུང་ལམ་དུ་འགྲོ་སྐྱོད་བཀག་སྡོམ་བྱས་པ་ལས། གནམ་ཐང་བརྒྱུད་འཕུར་སྐྱོད་ཀྱི་འགྲིམ་འགྲུལ་མུ་མཐུད་བྱེད་ཆོག་གི་ཡོད་སྐོར་སོགས་གསལ་འདུག

འབར་གས་ཀྱི་དོན་རྐྱེན་དང་འབྲེལ་ནས་པ་ཀི་སི་ཐན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཁ་སང་ཕྱི་ཚེས་ ༦ ཉིན་འབར་གས་ཀྱི་དོན་རྐྱེན་བྱུང་ནས་རྒྱ་མི་གཉིས་བསད་ཡོད་སྐོར་དང་། རྒྱ་མི་འཆར་འགོད་པ་གཉིས་པོ་ནི་ཀ་ར་ཆི་རུ་རྟེན་གཞི་བྱས་པའི་རྒྱ་ནག་གིས་དཔལ་འབྱོར་མཐུན་འགྱུར་འོག་ཡོད་པའི་ཁཱ་སིམ་རྒྱ་མཚོའི་གྲུ་ཁའི་གློག་ཤུགས་སྐྱེད་སྤེལ་གྱི་བཟོ་གྲྭའི་ (Port Qasim Power Generation Co Ltd) ནང་རྡོ་སོལ་གློག་ཤུགས་བཟོ་གྲྭ་གཉིས་འཛུགས་སྐྲུན་གྱི་ལས་གཞིའི་འཆར་འགོད་པ་ཞིག་ཡིན་ཚུལ་བརྗོད་འདུག་ལ། རྒྱ་ནག་གཞུང་ཚབ་ཁང་གིས་པ་ཀི་སི་ཐན་དུ་ཡོད་པའི་རྒྱ་མི་དང་རྒྱ་རིགས་འཆར་འགོད་པ་རྣམས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཐེངས་འདིའི་དོན་རྐྱེན་དང་འབྲེལ་བའི་ལས་དོན་ལ་ཞིབ་འཇུག་ཞིབ་ཚགས་བྱེད་དགོས་སྐོར་སོགས་བསྒྲགས་འདུག གཞན་ཡང་། པ་ཀི་ས་ཐན་གྱི་བྷེ་ལོ་ཆི་སི་ཊན་ཞིང་ཆེན་དུ་སྣུམ་དང་གཏེར་རིགས་ཚུད་པའི་རང་བྱུང་ཐོན་ཁུངས་ཀྱི་ས་ཁུལ་དེར་རྒྱ་ནག་གིས་དཔལ་འབྱོར་མཐུན་རྐྱེན་སྦྱར་བའི་ཐོག པ་ཀི་སི་ཐན་ནང་གློག་ཤུགས་འཛུགས་སྐྲུན་གྱི་ལས་འཆར་དང་འབྲེལ་ནས་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་ལས་དོན་བྱས་དང་བྱེད་མུས་ཡིན་ཚུལ་སོགས་ཀྱང་བཀོད་འདུག

ཉེ་བའི་ལོ་ཤས་ནང་པ་ཀི་སི་ཐན་ནང་གི་རྒྱ་རིགས་མི་སེར་རྣམས་ལ་འཇབ་རྒོལ་གྱི་དོན་རྐྱེན་མང་པོ་འབྱུང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ པའི་ནང་པ་ཀི་སི་ཐན་གྱི་བྷེ་ལོ་ཆི་སི་ཊན་བཅིངས་གྲོལ་དམག་སྡེས་གྷོ་ཝ་ཌར་གྲུ་ཁའི་ (Gwadar Port) འགྲམ་དུ་ཡོད་པའི་པ་ཀི་སི་ཐན་གྱི་མཚོ་དམག་དང་གནམ་དམག་གི་དམག་སྒར་ཞིག་ལ་མེ་མདའ་གང་བྱུང་འཕངས་པ་དང་འབར་རྫས་མང་པོ་གཡུགས་པའི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་ཅིང་། དོན་རྐྱེན་དེ་ནི་པ་ཀི་སི་ཐན་གྱི་མཚོ་དམག་དང་གནམ་དམག་ལྟེ་གནས་ཤིག་ལ་འཇབ་རྒོལ་གྱི་དོན་རྐྱེན་ཆེ་ཤོས་ཐེངས་གཉིས་པ་བྱུང་བར་ངོས་འཛིན་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༢༢ ལོར་ཚོགས་པ་ཞིག་གིས་ཀ་ར་ཆིའི་མཐོ་རིམ་སློབ་གཉེར་ཁང་གི་ཁུང་ཙི་སློབ་གསོའི་ལྟེ་གནས་ཀྱི་ཉེ་འགྲམ་དུ་འབར་རྫས་བཀོལ་སྤྱོད་ཀྱིས་རང་ཤི་བརྒྱབ་སྟེ། རྒྱ་རིགས་སློབ་སྟོན་པ་ ༣ དང་པ་ཀི་སི་ཐན་གྱི་རླངས་འཁོར་ཁ་ལོ་བ་གཅིག་བསད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese