མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་གསལ་བསྒྲགས་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ་བཅོས་མའི་རིག་རྩལ་ལ་བརྟེན་ནས་འཕྲུལ་རིགས་བཀོལ་སྤྱོད་ཐུབ་པའི་གསར་གཏོད་པ་གཉིས་ལ་ཐོབ་འདུག

ཕྱི་ལོ་ ༢༠༢༤ ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་གསལ་བསྒྲགས་བྱས།

དེ་རིང་ཉིན་རྒྱབ་སུ་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། བཅོས་མའི་དབང་རྩའི་མ་ལག་ལ་བརྟེན་ནས་འཕྲུལ་རིགས་བཀོལ་སྤྱོད་ཐུབ་པའི་གསར་གཏོད་དང་རྨང་གཞི་ཞིབ་འཇུག་ཐུབ་པའི་ངོས་འཛིན་འོག འདི་ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ། ཨ་རིའི་པི་རིན་སི་ཊོན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྗོན་རྗོ་སེབ་ (John Joseph Hopfield) ལགས་དང་། ཁེ་ན་ཌའི་ཊོ་རོན་ཊོའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྗའེ་ཧྥི་རི་ཧན་ཊོན་ (Geoffrey Hinton) ལགས་རྣམ་གཉིས་ལ་ཕུལ་ཡོད་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། སྤྱིར་གློག་ཀླད་ཀྱིས་བསམ་བློ་གཏོང་མི་ཤེས་ཀྱང་། ད་ལྟ་འཕྲུལ་རིགས་ཀྱིས་དྲན་པ་ཉར་གསོག་དང་སློབ་སྦྱོང་ལ་ལད་ཟློས་བྱེད་ཐུབ་པས། འདི་ལོའི་དངོས་ཁམས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱིས་འཕྲུལ་རིགས་ལ་བརྟེན་ནས་བསམ་བློ་གཏོང་ཐུབ་པར་བཟོས་ཡོད། ཅེས་བརྗོད་འདུག་ལ། འདི་ལོའི་དངོས་ཁམས་གཟེངས་རྟགས་ཐོབ་མཁན་ལ་ཨ་སྒོར་ས་ཡ་གཅིག་གི་བྱ་དགའ་ཡོད་འདུག

འདི་ལོའི་དངོས་ཁམས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཧན་ཊོན་ལགས་ཀྱིས། འཕྲུལ་རིགས་བྱེད་ནུས་ཀྱིས་འཕྲོད་བསྟེན་དང་བཟང་ཕྱོགས་ཀྱི་འཕེལ་རྒྱས་ཤུགས་ཆེན་གཏོང་གི་རེད་ལ། བཅོས་མའི་རིག་རྩལ་ལ་བརྟེན་ནས་འཕྲུལ་རིགས་བཀོལ་སྤྱོད་བྱེད་ཐུབ་པ་དེ་བཟོ་ལས་གསར་བརྗེར་འགྲན་མཚུངས་བྱེད་ཐུབ་ཀྱང་། གསར་གཏོད་འདི་མི་མང་པོའི་ལུས་ཤུགས་ལས་ལྷག་པའི་བསམ་བློའི་ནུས་པ་ལས་བརྒལ་ཐུབ། ང་ཚོར་ད་སྔ་བར་ང་ཚོ་ལས་ལྷག་གིས་རིག་རྩལ་རྣོ་བའི་འཕྲུལ་རིགས་ཀྱི་ཉམས་མྱོང་མེད། འོན་ཀྱང་། ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པའི་མཇུག་འབྲས་འབྱུང་སྲིད་པའི་བསམ་བློ་གཏོང་དགོས། ཞེས་བརྗོད་འདུག

རྗོན་རྗོ་སེབ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་ཨ་རིའི་གྲོང་ཁྱེར་ཆི་གྷ་གྷོ་ (Chicago) རུ་སྐྱེས་ཤིང་། ༡༩༥༤ ལོར་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡ་ (Pennsylvania) རུ་ཡོད་པའི་སྒེར་གཉེར་གྱི་སྒྱུ་རྩལ་རིག་པའི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་ནས་ཕྱི་ལོ་ ༡༩༥༨ ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁོར་ནཱལ་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན། ཁོང་གིས་ཨ་རིའི་མངའ་སྡེ་ནེའུ་འཇར་སི་རུ་ཡོད་པའི་པི་རིན་སི་ཊོན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གནང་མུས་ཡིན་པ་རེད།

རྗའེ་ཧྥི་རི་ཧན་ཊོན་ལགས་ནི་ཕྱི་ལོ་ ༡༩༤༧ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་སྐྱེས་ཤིང་། ༡༩༧༠ ལོར་ཀིང་སི་མཐོ་སློབ་ (King’s College) ནས་སེམས་ཁམས་རིག་པའི་བརྟག་དཔྱད་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༧༨ ལོར་སི་ཀཱོ་ཊི་ལན་ཌི་ (Scotland) རུ་ཡོད་པའི་ཨི་ཌིན་བྷག་གཙུག་ལག་སློབ་ཆེན་ (University of Edinburgh) ནས་བཅོས་མའི་རིག་རྩལ་ཐོག་འབུམ་རམས་པའི་བསླབ་པ་མཐར་སོན། ད་ལྟའི་ཆར་ཁོང་གིས་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་དུ་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese