མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཧན་ཀང་ལགས་སུ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཧན་ཀང་ལགས་ཀྱིས་ལོ་རྒྱུས་ཀྱི་དཀའ་ངལ་ལ་གདོང་ལེན་དང་འགྲོ་བ་མིའི་ཚེ་སྲོག་གི་ཉམ་ཆུང་བའི་རྣམ་པ་མཚོན་པའི་བརྩམས་ཆོས་ལ་འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཕུལ་གཏན་ཁེལ་འདུག

EDINBURGH, SCOTLAND – AUGUST 17: South Korean writer Han Kang attends a photocall at Edinburgh International Book Festival at Charlotte Square Gardens on August 17, 2016 in Edinburgh, Scotland. (Photo by Roberto Ricciuti/Getty Images)

ཁ་སང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སུ་ཝེ་ཌན་གྱི་ཚན་རིག་སློབ་གླིང་དུ། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཧན་ཀང་ལགས་ལ་ཕུལ་འདུག་ཅིང་། རྩོམ་པ་པོ་ཧན་ཀང་ལགས་ལ་འདི་ལོའི་ནོ་སྦེལ་གཟེངས་རྟགས་འབུལ་དོན་ནི། ཁོང་མོས་ལོ་རྒྱུས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱས་ཡོད་པ་མ་ཟད། འགྲོ་བ་མིའི་ཚེ་སྲོག་གི་ཉམ་ཆུང་བའི་རྣམ་པ་གསལ་བར་མཚོན་པའི་སྙན་ངག་གི་ཉམས་འགྱུར་ལྡན་པའི་ལྷུག་རྩོམ་བརྩམས་ཆོས་བསྟོད་བསྔགས་གནང་ཡོད་འདུག

དེ་འབྲེལ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་། ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཧན་ཀང་ལགས་ཀྱི་བརྩམས་ཆོས་ལ་སྡུག་བསྔལ་གྱི་རྣམ་པ་གཉིས་ཕྱིར་འདོན་བྱས་པའི་ཁྱད་ཆོས་ལྡན་པ་མ་ཟད། ལུས་དང་སེམས་གཉིས་ཀྱི་སྡུག་བསྔལ་གྱི་བསླངས་བའི་འཛམ་གླིང་གི་ཤར་ཕྱོགས་པ་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་འབྲེལ་བ་ཟབ་མོ་ཡོད། ཧན་ཀང་གི་སྒྲུང་ཐུང་ཡོ་རོ་པ་ཞེས་པའི་ནང་དུ། སྒྲུང་བཤད་མཁན་སྐྱེས་པ་ཞིག་བུད་མེད་ཞིག་ཏུ་བརྫུས་ཏེ། གཉེན་སྒྲིག་ཞིག་ལ་འདོད་པ་མེད་པར་ཁ་ཐོར་བའི་བུད་མེད་ཞིག་དང་མཉམ་དུ་གསང་སྟབས་ཀྱིས་བརྩེ་དུང་ཆགས། ཁོང་གི་མཛའ་མོས་གལ་ཏེ་ཁྱོད་ཀྱི་བསམ་དོན་བཞིན་འཚོ་བ་བསྐྱལ་ཐུབ་ཚེ། ཁྱོད་ཀྱི་མི་ཚེ་ནང་ཅི་ཞིག་བྱེད་འདོད་ཡོད་དམ་ཞེས་འདྲི་སྐབས། སྒྲུང་བཤད་མཁན་ཁུ་སིམ་མེར་བསྡད་པ་རེད། དེ་ནི་འདོད་པ་ཁེངས་བ་དང་འགྱོད་བཤགས་བྱས་པ་གང་གི་ཆེད་དུའང་མ་རེད། ཅེས་བརྗོད་འདུག

ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཧན་ཀང་ལགས་ཀྱིས། མི་ཁ་ཤས་ཀྱིས་ང་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་སྐོར་བརྗོད་བྱུང་། དེ་དུས་ལྷོ་ཀོརི་ཡའི་དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་རེད། ངས་རང་ཉིད་ཀྱི་བུ་ཆུང་དང་མཉམ་དུ་དགོང་ཟས་ལ་རོལ་ཙམ་ཡིན། དེ་ནི་ཧ་ཅང་གི་ཞི་བདེའི་དགོང་མོ་ཞིག་རེད། ང་རང་དངོས་གནས་ཧང་སངས་བྱུང་། ང་རང་ལྷོ་ཀོ་རི་ཡ་རུ་ཆུང་དུས་ནས་དཔེ་ཆ་དང་མཉམ་དུ་འཚར་ལོངས་བྱུང་བ་ཡིན། ངའི་ཚོར་བ་ལྷོ་ཀོ་རི་ཡའི་རྩོམ་རིག་དང་མཉམ་དུ་འབྲེལ་བ་དམ་ཟབ་ཡོད་ཅེས་བཤད་ཐུབ། འདི་ནི་ལྷོ་ཀོ་རི་ཡའི་རྩོམ་ཡིག་ཀློག་པ་པོ་དང་། ངའི་གྲོགས་པོ། རྩོམ་པ་པོ་རྣམས་ལ་གསར་འགྱུར་ཡག་པོ་ཞིག་དུ་འགྱུར་བའི་རེ་བ་ཡོད། ཅེས་དང་། ང་ལ་མཚོན་ན་བྱིས་པའི་སྐབས་ནས་བཟུང་རྩོམ་པ་པོ་ཚང་མ་མཉམ་འབྲེལ་གྱི་ངོ་བོ་ཞིག་རེད། ཁོ་ཚོས་ཚེ་སྲོག་གི་དོན་སྙིང་འཚོལ་བཞིན་ཡོད་ཅིང་།  མཚམས་རེར་ཁོ་ཚོར་ཕམ་ཁ་བྱུང་བ་དང་། སྐབས་འགར་ཁོ་ཚོ་བློ་བརྟན་འགྱུར་མེད་ཡིན་པས། ཁོ་ཚོའི་འབད་བརྩོན་དང་སྟོབས་ཤུགས་ཀྱིས་ང་ལ་སྐུལ་མ་ཐེབས་བྱུང་། རྩོམ་པ་པོ་མང་པོའི་ཁྲོད་ཀྱི་ཤུགས་རྐྱེན་ཐེབས་མཁན་ཁ་ཤས་ཀྱི་མིང་འདེམས་དགོས་ཚེ། དེ་ནི་ང་ལ་མཚོན་ན་ཧ་ཅང་ཁག་པོ་ཞིག་རེད། ཅེས་བརྗོད་འདུག

རྩོམ་པ་པོ་ཧན་ཀང་ནི་ཕྱི་ལོ་ ༡༩༧༠ ལོར་ལྷོ་ཀོ་རི་ཡའི་ཝན་ཇུ་ (gwangju )གྲོང་ཁྱེར་དུ་སྐྱེས་ཅིང་། ཁོང་མོ་ལོ་ ༩ ཐོག་ཏུ་ཁྱིམ་མི་དང་མཉམ་དུ་རྒྱལ་ས་སོལ་(Seoul) དུ་གནས་སྤོ་བྱས། ཁོང་གི་པ་ལགས་ནི་སྙན་གྲགས་ཅན་གྱི་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། སྒྱུ་རྩལ་དང་རོལ་མོར་དམིགས་བསལ་གྱི་དོ་སྣང་ཡོད་མཁན་ཞིག་ཡིན་འདུག  ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་ཁོང་མོས་ལྷོ་ཀོ་རི་ཡའི་རྩོམ་རིག་དང་སྤྱི་ཚོགས་ཞེས་པའི་དུས་དེབ་ནང་སྙན་ངག་འབྲི་མགོ་བཙུགས། ཕྱི་ལོ་ ༡༩༩༥ ལོར་ཡོ་སུའི་བརྩེ་དུང་ཞེས་པའི་སྒྲུང་ཐུང་ཕྱོགས་སྒྲིག་ཞིག་བྱས།  དེའི་རྗེས་སུ་སྒྲུང་རིང་དང་སྒྲུང་ཐུང་ཁ་ཤས་ཤིག་ཀྱང་བརྩམས། དེའི་ཁྲོད་དུ་ཕྱི་ལོ་ ༢༠༠༢ ལོར་བརྩམས་པའི་ཁྱེད་ཀྱི་ལག་པ་གྲང་མོ་ཞེས་པའི་སྒྲུང་རིང་ནང་དུ། ཁོང་མོ་སྒྱུ་རྩལ་ལ་དོ་སྣང་ཡོད་པའི་རྣམ་པ་གསལ་པོར་མཐོང་ཐུབ་ཡོད།  དེབ་དེ་ནི་བུད་མེད་ཀྱི་གཟུགས་བརྙན་བཞེངས་སྐྲུན་བྱེད་རྒྱུར་དགའ་བའི་བརྐོས་རིགས་སྒྱུ་རྩལ་བ་ཞིག་གར་སོང་ཆ་མེད་དུ་གྱུར་ཞིང་། ཁོས་རྒྱབ་ཏུ་སྐྱུར་བའི་རོ་མོའི་བརྩམས་ཆོས་ནང་བརྐོས་རིགས་སྒྱུ་རྩལ་བ་ཞིག་གི་སྒྱུ་རྩལ་དང་དེའི་ཁྱད་ཆོས་གཉིས་བར་འགལ་ཟླ་བྱུང་བའི་བརྒྱུད་རིམ་གསལ་སྟོན་བྱས་ཡོད།  དེབ་དེའི་མཇུག་ཏུ་མི་ཚེ་ནི་རྒྱ་མཚོ་ངོགས་ཀྱི་ཤོག་བུ་ཞིག་ཡིན་ཞིང་།  ང་ཚོ་ཆུ་རྐྱལ་བར་བརྫུས་ཏེ་འཚོ་གནས་བྱེད་བཞིན་ཡོད་ཅེས་བཀོད་འདུག རྒྱལ་སྤྱིའི་ཐོག་ཏུ་ཁོང་མོའི་བརྩམས་ཆོས་དཀར་ཟས་མཁན་དང་། དཔེ་དེབ་དཀར་པོ། འགྲོ་བ་མིའི་སྒྱུ་རྩལ། ང་ཚོ་ཁ་མི་བྲལ་བཅས་ལ་སྔ་རྗེས་གཟེངས་རྟགས་ཐོབ་ཡོད་འདུག

སྤྱིར་ཕྱི་ལོ་ ༡༩༠༡ ནས་ད་བར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐེངས་ ༡༡༧ ལ་སྤྲད་དེ་གཟེངས་རྟགས་ཐོབ་མཁན་རྩོམ་པ་པོ་གྲངས་ ༡༢༡ བྱུང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་དེ་ཡུ་རོབ་ཨོ་སི་ཊི་ཡའི་རྩོམ་པ་པོ་པི་ཊར་(Peter Handke ) དང་། ཕྱི་ལོ་ ༢༠༢༠ དེ་ཨ་རིའི་སྙན་ངག་པ་ལུ་སི་ཡ་སུ་(Louise Glück ) ། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོར་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ (Abdulrazak Gurnah) དང་། ཧྥ་རན་སིའི་རྩོམ་པ་པོ་ཨེ་ནི་(Annie Ernaux ) བཅས་སུ་ཐོབ། ཕྱི་ལོ་ ༢༠༢༣ ལོར་ནོར་ཝེའི་བརྩམས་སྒྲུང་དང་འཁྲབ་གཞུང་རྩོམ་པ་པོ། སྙན་ངག་པ་སྐུ་ཞབས་ཇོན་ཧྥོ་སི་( Jon Fosse) ལགས་སུ་ཕུལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese