མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཡེ་ཝན་དང་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་འདུག

ནི་ཌར་ལེན་ཌི་གྲོས་ཚོགས་ཁང་དུ་སྐྱོང་མཆོག་གིས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་མཇལ་འཕྲད་གནང་། སྲིད་སྐྱོང་གི་ངོ་དེབ་ཀྱི་པར།

ཕྱི་ཟླ་ ༡༠ ཚེས་ ༦ ནས་ ༡༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་དང་། ནི་ཐར་ལེན་ཌི།   ལུ་ཛམ་བྷོར་གྷ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར།  ཁ་སང་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་མཆོག་གིས་ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་མི་སྣ་དང་། པོ་ཏ་ལ་ཧི་མ་ལ་ཡ་ལྟེ་གནས་ཁང་གི་ལྕམ་ཛུ་རྫ་ནཱ་(Zuzana)ལགས།  རླུང་རྟ་ཚོགས་པའི་ལྕམ་ཨེ་ཌི་ཏ་(Edita Kleckerová) ལགས་བཅས་སུ་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ལཱིམ་སི་ཁོ་ཌི་དང་ཇེ་སི་ཁཱ་ཇེ་རི་ཌི་གཉིས་ཀྱི་ལྷན་དུ་རྒྱ་ནག་གིས་རྒྱལ་ཁོངས་ལས་བརྒལ་བའི་དྲག་གནོན་དང་། བོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྐོར་ལ་བཅར་འདྲི་གནང་ཡོད་འདུག

ཕྱི་དྲོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིས་སྟོང་ཞི་བདེ་གླེང་སྟེགས་ཐེངས་ ༢༨ པའི་གཟེངས་རྟགས་མཛད་སྒོ་འཚོགས་ཡོད་ཅིང་།  ཚོགས་ཐོག་ཏུ་སྲིད་སྐྱོང་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཡེ་ཝན་མཆོག་དང་། ཨར་ཇེན་ཌི་ནའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧྥར་ནན་ཌོ་ཨེ་གྷི་ལེ་སི་ (Fernando Iglesias) ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཨར་ཇེན་ཌི་ནའི་གཞུང་ཚབ་ཁི་་ལོ་ཌོ་ཇ་བིར་ (Claudio Javier Rozencwaig) ལགས་སོགས་དང་མཇལ་འཕྲད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལུ་ཛམ་བྷོར་གྷ་རྒྱལ་ཁབ་དུ་སྲིད་སྐྱོང་མཆོག་གིས་ཁྲིམས་དོན་བློན་ཆེན་ཟུར་བ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་སཱམ་ཌིན་སིན་ལགས། གྲོས་ཚོགས་འཐུས་མི་ཌེ་ཇུ་ནཱ་བྷེར་ནཱར་ཌི་ལགས་གཉིས་ལ་མཇལ་འཕྲད་གནང་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལུ་ཛམ་བྷོར་གྷ་གནམ་ཐང་དུ་སྲིད་སྐྱོང་མཆོག་ཕེབས་འབྱོར་བྱུང་བར་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་། ཉིན་གུང་ཡུ་རོབ་གྲོས་ཚོགས་འཐུས་མི་ཟུར་པ་དང་ཡུ་རོབ་རྩིས་ཞིབ་ཚོགས་པའི་ཚོགས་མི་ལྕམ་ལཱི་མ་ཨན་ཌི་ཀེ་ནེ་(Laima Andrikiene) ལགས་ཀྱིས་སྲིད་སྐྱོང་མཆོག་ལ་གུང་ཚིགས་མགྲོན་འབོད་ཞུས་པ་དང་།  སྐབས་དེར་ལྕམ་ལའི་མ་ལགས་ཀྱིས་ལི་ཐུ་ནེ་ཡཱའི་ལོ་རྒྱུས་དང་སྦྲགས་ནས། མ་འོངས་བར་བོད་མི་རྣམས་ལའང་བདེ་སྐྱིད་ཀྱི་ཉི་མ་འཆར་ངེས་པ་དང་། ཁོང་མོས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག  དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་སྐུ་ལས་བསྐྱོན་པར་བསྔགས་བརྗོད་དང་བསྟུན། ༧གོང་ས་མཆོག་གི་སྐུའི་གོ་སྟོན་ལ་ཁོང་མོར་མགྲོན་འབོད་གནང་ཡོད་འདུག

ཉིན་དེའི་དགོང་མོ་ལུ་ཛམ་བྷོར་གྷ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Les Amis du Tibet) ཚོགས་པའི་ཚོགས་གཙོ་ཕི་རི་བྷུ་མན་ (Pierre Baumann) ལགས་གཙོས་ཚོགས་མི་རྣམས་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཚོགས་པ་དེའི་གོ་སྒྲིག་འོག  སྲིད་སྐྱོང་མཆོག་གི་བོད་དོན་འཐབ་རྩོད་སྐོར་གྱི་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་ཀྱི་མཐོ་སྒང་གི་ཁོར་ཡུག་དང་། ས་ཁམས་ཆབ་སྲིད་ཀྱི་གལ་གནད་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་དང་། རྒྱ་གཞུང་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་དྲག་གནོན་བྱེད་བཞིན་ཡོད་པས། གནད་དོན་དེ་རིགས་དོ་ནན་བྱ་དགོས་པའི་གལ་གནད་སྐོར་ནས་གསུངས་ཡོད་པ་མ་ཟད། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ནི་ཌར་ལེན་ཌི་གྲོས་ཚོགས་ཁང་དུ།  སྲིད་སྐྱོང་མཆོག་གིས་ནི་ཌར་ལེན་ཌི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྐུ་ཞབས་ཇེ་སི་ཀ་ལ་ཝེར་ (Jesse Klaver) ལགས་གཙོས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད་ཅིང་། དེ་ནས་ནི་ཌར་ལེན་ཌི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་སྐུ་ཞབས་ཝིམ་གྷི་རིཊ་ (Wim Geert) ལགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་ཁམས་སྡེ་དགེ་ཁུལ་ནས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་ཡོང་ཐབས་ཐད་ཞུ་གཏུག་གནང་འདུག བསམ་མཛོད་བསྟི་གནས་ཁང་གི་ཆབ་སྲིད་ངེས་སྟོན་པ་ཧན་ཊེན་བྲོག་ (Han ten Broek) ལགས་དང་། ལས་འཆར་འགན་འཛིན་གཞོན་པ་བྷི་རེན་ཌི་ཀྭག་ (Berend Kwak) ལགས། སློབ་གཉེར་བ་སོགས་ཀྱི་མཉམ་དུ་འཛམ་གླིང་གི་ཡང་རྩེ་བོད་མཐོ་སྒང་གི་གལ་གནད་སྐོར་བགྲོ་གླེང་གནང་འདུག དེ་བཞིན་ནི་ཌར་ལེན་ཌིའི་གྲོང་ཁྱེར་ཧེག་ཏུ་ཡོད་པའི་ཡུ་གུར་དང་། ལྷོ་སོག ཧོང་ཀོང་བཅས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རིགས་ཚོགས་པའི་ཚོགས་མི་དང་ལྷན་མཇལ་མོལ་གནང་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༨ ཉིན་སུད་སུ་ཛུ་རིག་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་ཛུ་རིག་གློག་བརྙན་དུས་སྟོན་འཚོགས་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཞེས་པ་ཐོག་མར་གཟིགས་འབུལ་ཞུས་ཡོད་པ་དང་།  དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག ཨ་རིའི་ཧོ་ལི་ཝིར་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་(Richard Gere) ལགས་དང་། སུད་སིའི་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་( Barbara Miller)ལགས་སོགས་མཉམ་ཞུགས་གནང་ཡོད་འདུག སྲིད་སྐྱོང་མཆོག་ནས་སེམས་ཀྱི་རང་དབང་དང་འགྲོ་བ་མིའི་གཅིག་གྱུར་ཡིན་པའི་སྐོར་གསུངས་བཤད་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese