མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྗེས་དྲན་ཉིན་མོ་ནི་འདས་པའི་ལོ་གྲངས་ནང་སྐྱོན་དང་ཡོན་ཏན་གཉིས་ལ་བསྐྱར་ཞིབ་བྱེད་པའི་དུས་ཚིགས་ཁྱད་པར་བ་ཞིག་ཆགས་ཡོད་ཅེས་གསུངས།

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་ཉིན་མོ་སྲུང་གཙི་ཞུ་བཞིན་པ། ༢༠༢༤།༡༠།༢༣ དུས་བབ་གསར་ཁང་གི་པར།

དེ་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་ཞུས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་ཆོས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། སློབ་ཕྲུག་དང་མི་མང་སོགས་འཛོམས་འདུག

ཐོག་མར་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་ཆོས་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ལས་སྡོམ་སྙན་སྒྲོན་གནང་གྲུབ་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་རྩ་མེད་ཀྱིས། བོད་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་དང་རྒྱ་སྒྱུར་གྱི་སྲིད་བྱུས་ངན་པ་སྤེལ་དང་སྤེལ་མུས་ཡིན་པས། བཙན་བྱོལ་དུ་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ནས་གནད་དོན་དེ་དག་དྲན་པའི་ཐོག་ནས་བོད་ཀྱི་སྐད་དང་རིག་གཞུང་ལ་སྦྱང་བརྩོན་གྱིས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐད་འབད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ལ། ལྷག་དོན་དུ་ལོ་མང་ནས་བུ་ཕྲུག་ཁྱིམ་སྡེའི་ནང་དུ་སྐུ་ལས་ཚད་མེད་བསྐྱོན་མཁན་གྱི་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་ཨ་མ་རྗེ་བཙུན་པདྨ་ལགས་གཙོས་པའི་དགེ་ལས་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ཅེས་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སློབ་གྲྭ་ནི་སློབ་མའི་སློབ་སྦྱོང་དང་རྣམ་དཔྱོད་གོང་འཕེལ་གཏོང་ས་ཞིག་ཡིན་པས། ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་ཤེས་བྱ་ཡར་ཐོན་ཡོད་པ་ཆགས་རྒྱུའི་རེ་བ་དང་འདུན་པ་བཅངས་ཏེ་ཕྲུ་གུ་སློབ་གྲྭ་གཏོང་བཞིན་ཡོད། དོན་དངོས་སུ་དེ་ལྟ་བུ་རེ་བའི་ས་བོན་ལ་འབྲས་བུ་བཟང་པོ་ཞིག་སྨིན་ནས་སློབ་མ་ཚོ་འདུན་ལམ་གསར་སྐྲུན་གནང་མཁན་དགེ་རྒན་རྣམ་པ་ཡིན། སྤྱིར་མི་རིགས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་རེག་ལས་ཞིང་། ང་ཚོས་དུས་རྒྱུན་དུ་ཕྲུ་གུ་ཚོར་མ་འོངས་བོད་ཀྱི་སོན་རྩ་ཁྱོད་ཚོ་རེད་ཅེས་བརྗོད་བཞིན་པ་ལྟར། སློབ་མ་ནི་མི་རིགས་ཤིག་གི་རེ་བ་བཅོལ་ས་ཞིག་ཡིན་པས། དགེ་རྒན་གྱི་ལས་གནས་དང་བྱ་བཞག་རང་ག་བ་ཞིག་མ་ཡིན་པར་ཀུན་གྱིས་བརྩེ་དུང་བྱ་ཡུལ་རླབས་ཆེན་ཞིག་ཡིན་པར་སོང་། དགེ་རྒན་ལ་གུས་འདུད་ཞུ་ཆེད་དགེ་རྒན་གྱི་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད། ལྷག་པར་དུ་བོད་མིའི་སྲོལ་རྒྱུན་གྱི་ལམ་སྲོལ་དུ་དགེ་རྒན་ལ་ཆེ་མཐོང་དང་གུས་བཀུར་བྱེད་བཞིན་ཡོདཔ་མ་ཟད། དགེ་རྒན་ལ་བསྟོད་པའི་ཆེ་བསྟོད་ཀྱི་སྙན་ཚིག་ཀྱང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན། དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་འགན་འཁྲི་དང་རླབས་ཆེན་བྱ་བཞག་བཅས་མཐོང་ཆུང་མ་བཏང་པར་བརྩི་མཐོང་དང་གདེང་འཇོག་ཆེན་པོས་སློབ་ཕྲུག་གི་བློ་རིག་ཆོག་དམན་ལ་གཞི་སྟེ། གང་ལ་གང་འདོད་ཀྱིས་ཐབས་ཤེས་སྣ་ཚོགས་ཐོག་ནས་ཉེ་རིང་མེད་པར་ཕ་མ་གཅིག་གི་བུ་ཕྲུག་ལྟར། སློབ་ཕྲུག་གི་ཡར་ཐོན་འཇགས་ཐབས་སུ་ཤེས་ཡོན་ལ་སྤྲོ་སྣང་ཡོང་བའི་འཛིན་སྐྱོང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། ཞེས་གསུངས་སོང་།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། མི་སུ་ཞིག་ཡིན་ཡང་སོ་སོའི་སྐྱེས་ཚེས་དེ་རྗེས་དྲན་བྱེད་བཞིན་ཡོད། སྒྲིག་འཛུགས་དང་ཚོགས་སྡེ་ཁག་གི་ནང་དུ་དབུ་འཛུགས་ཀྱི་དུས་ཆེན་དེ་ལོ་གྲངས་རེ་རེ་བཞིན་རྗེས་དྲན་གནང་བཞིན་ཡོད། ལྷག་པར་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཚོད་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་འཁེལ་ཡོད་དུས། འདས་བའི་ལོ་མང་པོའི་རིང་ལོ་ལྟར་རྗེས་དྲན་གནང་བཞིན་ཡོད་པ་དང་། རྗེས་དྲན་ཉིན་མོར་ཕུན་སུམ་ཚོགས་པའི་མཛད་སྒོ་ཞིག་འཚོག་བཞིན་ཡོད་པ་ཡོངས་གྲགས་རེད། ང་ཚོས་ངེས་པར་དུ་བསམ་ཤེས་བྱེད་དགོས་པ་ཞིག་ལ་མགོ་བཙུགས་བྱེད་པའི་ཉིན་མོར་རྗེས་དྲན་བྱེད་དགོས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ག་རེ་ཡིན་པ་མཁྱེན་དགོས་པ་གལ་ཆེན་པོ་རེད། དེའི་དགོས་པ་དང་དམིགས་ཡུལ་གཙོ་བོ་དེ་གཞུང་ལུགས་ཀྱི་སྐད་བཞིན་བཤད་ན་དབུ་བརྙེས་པའི་ཉིན་མོ་ནས་བཟུང་ད་ལྟ་བར་འདས་བའི་ལོ་གྲངས་ནང་དུ་གྲུབ་འབྲས་གང་ཐོན་ཡོད་མེད་དང་། དཀའ་ངལ་གང་འཕྲད་ཡོད་མེད། གྲུབ་འབྲས་མ་ཐོན་པ་དང་ནོར་འཁྲུལ་གང་བྱུང་ཡོད་མེད། སྐྱོན་དང་ཡོན་ཏན་གཉིས་ལ་བསྐྱར་ཞིབ་བྱེད་པའི་དུས་ཚིགས་ཁྱད་པ་ཞིག་འཁེལ་གྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese