མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༡༥ ཡིས་བོད་དོན་དང་འབྲེལ་བའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས་རྒྱ་ནག་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག

James Martin Larsen, Australia’s Ambassador and Permanent Representative to the United Nations, delivers a joint statement on human rights abuses in Tibet and East Turkistan. Photo source: UN Web TV

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་སེམས་འཚབ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཡོད་པ་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨོ་གླིང་གཙོ་བྱས་པའི་རྒྱལ་ཁབ་དེ་དག་ལ་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ནས་ཕྱི་ཟླ་ ༡༡ ཚེས་ ༢༢ བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཆེན་ཐེངས་ ༧༩ པ་འཚོག་མུས་ཡིན་པ་ལྟར། ཕྱི་ཚེས་ ༢༢ ཉིན་ཚོགས་ཆེན་སྟེང་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཐོག་བསྐྱར་ཞིབ་གནང་ཡོད་ཅིང་། སྐབས་དེར་ཨ་རི་དང་ཨོ་གླིང་། ཉི་ཧོང་། ཁེ་ན་ཌ། དབྱིན་ཡུལ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་སེམས་འཚབ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག

ཨོ་གླིང་གི་སྐུ་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཇེམ་སི་ (James Larsen) ལགས་ཀྱིས་ཚོགས་མི་རྒྱལ་ཁབ་ ༡༥ ཡི་ཚབ་བྱས་ཏེ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རྒྱ་ནག་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མི་དང་ཡུ་གུར་ཁ་ཆེ་བ་རྣམས་ཀྱི་ཆོས་དད་རང་དབང་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་བློ་འཚབ་ཡོད་པ་གསལ་འདོན་དང་། རྒྱ་ནག་གིས་ཁུལ་དེའི་མི་མང་བཙན་གྱིས་འཛིན་བཟུང་བཀག་ཉར་བྱེད་པ། འགྲོ་སྐྱོད་རང་དབང་ལ་ཚོད་འཛིན་དང་། བཙན་དབང་གིས་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་པ། བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཅུག་པ་སོགས་ཀྱི་གནས་སྟངས་ཐེར་འདོན་བྱས་ཏེ། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་མཚམས་འཇོག་དགོས་པ་དང་། རྒྱལ་ཚོགས་ཀྱི་ཁྲིམས་དང་རྩ་འཛིན་ཁག་ལག་བསྟར་བྱེད་པའི་ཐོག་ནས་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པའི་བོད་མི་དང་ཡུ་གུར་བ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲད་པ་བརྒྱུད་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཡོད་པ་གསལ་སྟོན་དང་། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་དང་རྩ་ཁྲིམས་ལ་བརྩི་བཀུར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་དབུས་པའི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང་གསར་འགོད་པ་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་བོད་དང་ཤར་ཊུར་ཀི་སི་ཐན་ནང་དུ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ལ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་གནས་སྟངས་དང་འབྲེལ་བའི་ལམ་སྟོན་རྣམས་ལག་བསྟར་བྱ་དགོས་པའི་ནན་སྐུལ་ཞུས་འདུག

སྐབས་དེར་རྒྱ་ནག་གཞུང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ ༡༥ ཡིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་གནད་དོན་ལ་ངོས་ལེན་རྩ་བ་ནས་མེད་པ་དང་། གནད་དོན་དེ་དག་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཡིན་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་ངོ་བོར་བསྒྱུར་ན་འགྲིག་གི་མེད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅེན་ (Lin Jian) གྱིས། བོད་དང་ཤར་ཊུར་ཀི་སི་ཐན་དང་འབྲེལ་བའི་གནད་དོན་དེ་དག་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་ཚུལ་དང་། ཨོ་གླིང་ནི་དུས་ཡུན་རིང་པོའི་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་དང་ཞེ་སྡང་ལྡན་པའི་ལམ་ལུགས་ཀྱིས་བཙན་བྱོལ་བ་དང་གནས་སྤོ་བ་རྣམས་ཀྱི་ཐོབ་ཐང་གཏོར་བཤིག་ཚབས་ཆེན་བཏང་ཡོད་ལ། གདོད་མའི་མི་མང་གི་འཚོ་བའི་གནས་སྟངས་ཉེན་ཚབས་ཅན་དུ་བསྒྱུར་ཡོད། ཅེས་དང་། ཨོ་གླིང་གི་དམག་མིས་མཚོ་ཐོག་ནས་དམག་དོན་ལས་འགུལ་སྤེལ་སྐབས་ཨབ་གྷ་ནི་སི་ཐན་དང་རྒྱལ་ཁབ་གཞན་གྱི་ནང་དུ་ནག་ཉེས་བསགས་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་སོ་སོའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་འབྱུང་མུས་ཡིན་པའི་ཐད་སྣང་མེད་གཏོང་སྟེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༣ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese