མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཅེས་པ་དེ་བོད་རང་སྐྱོང་ལྗོངས་ལ་མི་གོ་བར་མདོ་དབུས་ཁམས་གསུམ་ཆ་ཚང་ལ་གོ་དགོས་ཞེས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སེ་ལ་ཕུག་ལམ་ (Sela Tunnel) དུ་ཕེབས་འབྱོར་བྱུང་བའི་སྐབས། བོད་མིའི་རང་དབང་གི་པར། ༢༠༢༤།༡༡།༠༥

ཟླ་འདིའི་ཕྱི་ཚེས་ ༢ ནས་ ༡༡ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་། འབུམ་སྡེ་ལ། རྟ་དབང་། དྷི་མ་པུར་ (Dimapur) ཤིས་ལོང་། སྒང་ཏོག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སེ་ལ་ཕུག་ལམ་ (Sela Tunnel) དུ་ཕེབས་འབྱོར་སྐབས། རྟ་དབང་ཐུབ་བསྟན་ཤེས་སྒྲུབ་གླིང་གི་སྤྲུལ་སྐུ་བསྟན་འགྱུར་རིན་པོ་ཆེ་མཆོག་དང་། རྟ་དབང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་གཙོས་པའི་བོད་མི་ཁག་ཅིག་ནས་ཕེབས་བསུ་ཞུས་ཡོད་འདུག་ལ། འབུམ་སྡེ་ལ་ནས་རྟ་དབང་བར་དུ་ཕེབས་ཐོན་སྐབས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་གི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ལྷན་བཅར་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབུམ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གི་འདུ་ཁང་གསར་པའི་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་གནང་ཡོད་འདུག་ལ། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཐུབ་མཆོག་དགའ་ཚལ་གླིང་གི་ངོ་དེབ་བརྒྱུད་དགོན་པའི་འདུ་ཁང་གསར་བཞེས་ཐོག་ཉེ་འཁོར་གྱི་གྲོང་སྡེ་དང་ཚོགས་པ། སློབ་མ་མང་པོ་ཞིག་གིས་དང་བླངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཐོག་རོགས་རམ་ཞུ་བཞིན་པ་མཐོང་བས། མོན་ཡུལ་འདིར་ནང་པའི་བྱམས་བརྩེའི་རིག་གཞུང་རྨང་མཐུག་པོ་ཞིག་ཡོད་པ་ཚོར་གྱི་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདུ་ཁང་འདིའི་རྨང་རྡོ་འཇོག་གནང་མཛད་པས། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བ་སྨོས་མ་དགོས་ལ། བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་སོགས་གསུངས་སོང་།

ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབུམ་སྡེ་ལར་ཆགས་པའི་འབུམ་ལ་བསྟན་འཛིན་སྒང་ས་གནས་མགོ་འཛིན་ཁྱབ་ཁོངས་ཁ་འཐོར་ས་གནས་འབུམ་སྡེ་ལ་དང་། དགའ་འཆམ། རྡི་རང་། རྟ་དབང་བཅས་ཀྱི་ས་གནས་མགོ་འཛིན་ལས་ཁུངས་གཅིག་ལྕོགས་སུ་ཆེད་ཕེབས་གནང་བ་དང་། སྲིད་སྐྱོང་མཆོག་གིས། ངས་རྒྱུན་དུ་ནས་བོད་པའི་ས་གནས་ཁག་ཏུ་ཐེངས་གཉིས་རེ་བཅར་རྒྱུའི་འབད་བརྩོན་ཞུ་ཡི་ཡིན་ཞེས་བརྗོད་པ་ལྟར། ༢༠༢༢ ལོར་ས་གནས་འདི་ལ་ཐེངས་དང་པོ་བཅར་ཡོད་ལ། ད་རེས་འབུམ་སྡེ་ལར་གུ་རུ་རིན་པོ་ཆེའི་དགོན་པའི་འདུ་ཁང་གི་དབུ་འབྱེད་དང་བསྟུན། བསྟན་འཛིན་སྒང་དང་འབུམ་སྡེ་ལ་སོགས་སུ་ཐེངས་གཉིས་པ་བཅར་རྒྱུའི་གོ་སྐབས་བྱུང་། རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་ས་གནས་ཁག་ ༣༧ ཡོད་པའི་ཐོག ཕྱི་རྒྱལ་དང་ལྷག་པར་ཨ་རི་ལྟ་བུར་མཚོན་ན། བོད་མི་གནས་སྡོད་བྱ་ཡུལ་གྱི་མངའ་སྡེ་ ༢༩ ཙམ་ཡོད་པའི་ས་གནས་དེ་དག་ལ་སྐོར་སྐྱོད་བྱེད་མུས་ཡིན་ཡང་། བོད་མི་རྣམས་དང་ཐུག་འཕྲད་བྱེད་པ་ཙམ་མིན་པར་ཕྱིའི་མི་སྣ་མང་དག་ཅིག་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་བྱེད་དགོས་ཀྱི་ཡོད་པ་རེད། ཅེས་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་བོད་པའི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༡༡།༣

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁྱེད་རྣམ་པས་རེ་བ་ཞིག་བཅངས་ནས་ངར་སྲིད་སྐྱོང་དུ་བཀོད་ཡོད་པས། ཁྱེད་ཚོའི་རེ་འདོད་དང་། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་ཐོག་ནས་དགོངས་གཞི་གང་ཡོད་ལྟར་ང་ཚོས་སྒྲུབ་དགོས་ཀྱི་ཡོད་པ་རེད། ངས་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་ཕྱིན་པ་རྣམས་མི་མང་དང་འབྲེལ་བ་དམ་གཟབ་ཡོང་སླད་ཡིན་པས། མི་མང་རྣམས་ནས་ཀྱང་མཉམ་རུབ་བྱ་རྒྱུ་དང་། ལྷག་པར་བོད་པའི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་སོགས་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་ལྟ་ཀློག་དང་གོ་རྟོགས་དགོས་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་རེད། ཅེས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་འབྱུང་འགྱུར་སྤྱི་ཚོགས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཐད་ལ་ལས་འཆར་དང་འཆར་གཞི་བཀོད་སྒྲིག་བྱེད་མུས་ཡིན་པ་མ་ཟད། འཛམ་གླིང་འདིའི་སྟེང་དུའང་རྒྱུ་མཚན་དང་ལྡན་པའི་ཐོག་ནས་བོད་དོན་སྐོར་འགྲེལ་བརྗོད་རྒྱག་བཞིན་ཡོད་ལ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐབས་ལམ་ལས་ཐབས་ལམ་གཞན་མེད་པའི་སྐོར་དང་། རྒྱ་ནག་གིས་བོད་ནང་དུ་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་པའི་ངོ་བོ་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་ཐུབས་སུ་རྒྱ་སྒྱུར་སློབ་གསོ་སྤྲོད་མུས་ཡིན་པ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐེར་འདོན་བྱས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་གཏུག་བྱས་དང་བྱེད་མུས་ཡིན་སྐོར་སོགས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མགོ་བཙུགས་ནས། ཕྱི་ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྟེ། ས་གནས་མགོ་འཛིན་རབ་བརྟན་ཚེ་རིང་ལགས་དང་། ས་འཐུས་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་དང་ལྷན་དུ་གཞིས་ཆགས་དང་འབྲེལ་བའི་གནད་དོན་ཐོག་བཀའ་མོལ་གནང་གྲུབ་མཚམས། མི་མང་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་ཇུས་ངོ་སྤྲོད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་ཕྱག་ལས་གནང་གི་ཡོད་སྐོར་དང་། འཛམ་གླིང་སྟེང་བོད་མཐོ་སྒང་གི་གལ་གནད་དང་། ས་ཁམས་ཆབ་སྲིད་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། ཉེ་ལམ་ཨ་རིིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེས་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་ད་ལྟ་སེལ་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་དང་། དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སེལ་དགོས་སྐོར་དང་། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་ངོས་ལེན་མེད་པ་མ་ཟད། བོད་ཅེས་པ་དེ་བོད་རང་སྐྱོང་ལྗོངས་ལ་མི་གོ་བར་མདོ་དབུས་ཁམས་གསུམ་ཆ་ཚང་ལ་གོ་དགོས་པའི་གནད་དོན་སོགས་གསལ་སྟོན་དང་། བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་མང་ལ་བོད་དོན་གོ་རྟོགས་སྤེལ་དགོས་གལ་ཆེ་སྐོར། བསྟན་འཛིན་སྒང་གི་མི་འབོར་གྲངས་ཐོ་དང་སློབ་གྲྭའི་སློབ་ཕྲུག་གི་གྲངས་ཐོ་ཚད་ལྡན་ཞིག་དགོས་པའི་ནན་སྐུལ་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese