མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཐོག་རྒྱ་གར་དབུས་རིག་གཞུང་ལྷན་ཁང་གི་བློན་ཆེན་མཆོག་ནས་རྒྱ་གར་གཞུང་གི་ངོས་ནས་ནང་ཆོས་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པར་ངོས་འཛིན་གྱིས་ནང་པའི་གནས་ཆེན་ཁག་ལ་སྲུང་སྐྱོབ་དང་བསྐྱར་གསོ་ཡི་ལས་དོན་སྣ་མང་སྤེལ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གར་གྱི་རིག་གཞུང་ལྷན་ཁང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་པར། ༢༠༢༤།༡༡།༠༥

ཁ་སང་ཕྱི་ཚེས་ ༥ དང་ ༦ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་ཨ་ཤོཀ་ (Ashok) མགྲོན་ཁང་དུ། རྒྱ་གར་དབུས་རིག་གཞུང་ལྷན་ཁང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (International Buddhist Confederation) གཉིས་ཀྱི་གོ་སྒྲིག་འོག ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་ཡོད་པ་དང་། ནང་པའི་ལྷན་ཚོགས་འདི་རྒྱ་གར་གྱི་སྲིད་འཛིན་ལྕམ་ཌོ་རོ་པཱ་ཏི་མཆོག་གིས་དབུ་འབྱེད་གནང་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ལྷན་ཚོགས་དེའི་ཐོག་དམིགས་བསལ་གྱི་གསུང་འཕྲིན་ཞིག་ཀྱང་བསྩལ་གནང་འདུག

ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་འཛིན་ལྕམ་ཌོ་རོ་པཱ་ཏི་མུར་མུ་ (Droupadi Murmu) མཆོག་གི་དབུས་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་རིག་གཞུང་ལྷན་ཁང་གི་བློན་ཆེན་གྷ་རྗེན་ཌི་ར་སིང་ (Gajendra Singh Shekhawat) མཆོག་དང་། གྲངས་ཉུང་མི་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་ཀི་རན་རི་ཇི་ཇུ་ (Kiren Rijiju) མཆོག་མཉམ་ཞུགས་གནང་ཡོད་པ་མ་ཟད། ༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཀུན་བདེ་གླིང་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོགདབུས་པའི་མཁན་པོ་དང་དགེ་བཤེས། སློབ་དཔོན་སོགས་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ནང་བསྟན་ཆོས་བརྒྱུད་ཀྱི་བླ་ཆེན་དང་མཁས་དབང་སོགས་ཚོགས་བཅར་བ་ཁྱོན་ ༥༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། ད་ལན་གྱི་ལྷན་ཚོགས་ཐོག་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་ཁག་ཅིག་གིས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་བགྲོ་གླེང་གནང་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་བསྩལ་བའི་ནང་། ལོ་ངོ་ ༢༥༠༠ ལྷག་ཙམ་གྱི་རིང་ལ་མི་རྣམས་ཀྱིས་ནང་ཆོས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་གཞན་དག་ལ་བརྟེན་ནས་སེམས་དང་ཕྱི་དངོས་པོའི་དཀའ་ངལ་ཐམས་ཅད་སེལ་ཐབས་བྱས་ཡོད། ཚན་རིག་དང་འཕྲུལ་རིག་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། མི་རྣམས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་ཕྱི་དངོས་པོའི་དཀའ་ངལ་སེལ་བའི་ཐབས་ལམ་འགའ་རྙེད་ཡོད། ད་ལྟ་འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བརྒྱད་ལྷག་ཡོད་པའི་ཁྲོད་ཕྱེད་ཀ་ལྷག་ཨེ་ཤ་ཡའི་ནང་དུ་ཡོད་པ་རེད། ཨེཤ་ཡའི་མི་འབོར་འགའ་ཤས་ཆོས་ལ་དད་པ་ཡོད་ལ། འགའ་ཤས་ཆོས་ལ་དད་པ་མེད་པ་རེད། འོན་ཀྱང་། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ཡོངས་གྲགས་སུ་ཨེ་ཤ་ཡའི་འོད་སྣང་དུ་ངོས་འཛིན་བྱེད་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ཚེའི་དགོས་དམིགས་གཙོ་བོ་ནི་བདེ་བའི་ངང་འཚོ་རྒྱུ་དེ་ཡིན་པར་གཟིགས་ཤིང་། ཁོང་གིས་ད་དུང་མ་རིག་པའི་དབང་གིས་སྐྱེ་བོ་རྣམས་སྡུག་བསྔལ་གྱིས་འཆིང་ཡང་། ཤེས་རབ་ཀྱིས་ཐར་པ་འཐོབ་བྱེད་ཀྱི་ལམ་སྟོན་གནང་ཡོད་པ་རེད། ནང་པའི་རྗེས་འཇུག་པའི་གྲངས་འབོར་ཆེས་མང་པོ་ཞིག་ཨེ་ཤ་ཡའི་ནང་དུ་ཡོད། འོན་ཀྱང་། ང་ཚོ་ཚང་མས་བདེ་བ་འདོད་པ་གཅིག་མཚུངས་ཡིན་པར་བརྟེན། ང་ཚོར་འགྲོ་བ་མི་རྣམས་ལ་སོ་སོའི་མི་ཚེའི་ཁ་ཕྱོགས་དེ་སྙིང་རྗེ་དང་འཚེ་མེད་ཞི་བའི་ལམ་དུ་འཁྲིད་པར་སྐུལ་འདེད་བྱ་རྒྱུའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡོད་རེད་སྙམ་གྱི་འདུག ངོས་རང་སློབ་མ་དང་སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་མཁན་ཡིན་པའི་ཆ་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཤིག་འཚོག་བཞིན་པ་ཤེས་རྟོགས་བྱུང་བར་དགའ་པོ་བྱུང་། ངོས་ཀྱིས་ཚོགས་འདུ་དེར་ཨེ་ཤ་ཡ་དང་འཛམ་གླིང་ཡར་རྒྱས་གོང་འཕེལ་གཏོང་བའི་ནུས་པ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་གསུངས་འདུག

དབུ་འབྱེད་མཛད་སྒོའི་ཐོག་སྲིད་འཛིན་མུར་མུ་མཆོག་གིས། རྒྱལ་ཁབ་དང་སྐད་ཡིག རིག་གཞུང་སོགས་འདྲ་མིན་ལ་མ་ལྟོས་པར་ད་རེས་སྟོན་པ་གཅིག་གི་རྗེས་འཇུག་པ་མང་པོ་ཞིག་འདུ་འཛོམས་བྱུང་བར་འཚམས་འདྲི་ཞུ་ཡི་ཡོད། རྒྱ་གར་ནི་ཆོས་ལུགས་འདྲ་མིན་གྱི་བྱིན་གྱིས་རླབས་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་གར་ནི་ནང་པའི་ཆོས་ཀྱི་འབྱུང་ཁུངས་ཤིག་ཡིན་པའི་ཆ་ནས། ཨེ་ཤ་ཡའི་གཙོས་འཛམ་གླིང་ཀུན་ལ་ནང་ཆོས་གོང་འཕེལ་ཡོང་ཐབས་སུ་མི་མང་ལ་གོ་རྟོགས་གང་མང་སྤེལ་དགོས་སྐོར་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་རྗེས་སུ་དྲན་དགོས་སྐོར་སོགས་གསུངས་སོང་།

རྒྱ་གར་གྱི་རིག་གཞུང་ལྷན་ཁང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཨེ་ཤ་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་པར། ༢༠༢༤།༡༡།༠༥

རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་གྷ་རྗེན་ཌི་ར་མཆོག་གིས། སྟོན་པ་བཅོམ་ལྡན་འདས་ཀྱི་ལམ་སྟོན་གཞིར་བཟུང་རྒྱ་གར་གཞུང་གི་ངོས་ནས་འཛམ་གླིང་ནང་ཞི་བདེ་མཉམ་གནས་ཡོང་ཐུབས་སུ་འབད་བརྩོན་ལྷོད་མེད་ཞུ་རྒྱུ་དང་། ནང་པའི་ལྟ་གྲུབ་ཕན་ཚུན་དབར་བགྲོ་གླེང་ལྷུག་པོ་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་གསུངས། གཞན་ཡང་། མཛད་སྒོའི་ཐོག་གྲངས་ཉུང་མི་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་ཀི་རན་མཆོག་གིས། སྲིད་བློན་མོ་དྷི་མཆོག་དང་རྒྱ་གར་གཞུང་གི་ངོས་ནས་ནང་ཆོས་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པར་ངོས་འཛིན་དང་། ཉེ་བའི་ཆར་པཱ་ལིའི་སྐད་ཡིག་དེ་གཞུང་འབྲེལ་གྱི་སྲོལ་རྒྱུན་སྐད་ཡིག་ཅིག་ཏུ་ངོས་འཛིན་གནང་ཡོད་ལ། རྒྱ་གར་ནང་ཡོད་པའི་ནང་པའི་གནས་ཆེན་ཁག་སྲུང་སྐྱོབ་དང་བསྐྱར་གསོ་ཡོང་ཐབས་སུ་ལས་དོན་སྣ་མང་སྤེལ་གྱི་ཡོད། ཅེས་སོགས་གསུངས་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་ལ་ལྷན་ཚོགས་དེའི་གལ་ཆེའི་རང་བཞིན་སྐོར་བཀའ་འདྲི་ཞུས་པར་རིན་པོ་ཆེ་ལགས་ཀྱིས། ལྷན་ཚོགས་འདི་གལ་ཆེན་པོ་ཡིན་དང་ཡིན། འཛམ་གླིང་ནང་དུ་ནང་པ་ཡོད་ཚད་ཀྱི་ཕལ་ཆེར་བརྒྱ་ཆ་ ༩༠ ཨེ་ཤ་ཡའི་ནང་ཡོད་ལབ་ཆོག་གི་ཡོད་པ་རེད། ནང་པའི་ཆོས་འདི་དག་ཨེ་ཤ་ཡའི་རིག་གཞུང་དང་ཆོས། དེ་བཞིན་མི་ཚེའི་ནང་ལོགས་ལ་ནང་པའི་ཤན་ཞུགས་ཆེན་པོ་ཡོད་པར་བརྟེན། ང་ཚོས་འདིའི་ཐོག་ལ་གནས་ཚུལ་ཤེས་ཐབས་བྱེད་པར་གནས་ཚུལ་ཕན་ཚུན་བགྲོ་གླེང་བྱེད་ཀྱི་ཡོད་ལ། སྤྱི་ཚོགས་ལ་ཕན་ཐོགས་རྒྱུ་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ལས་དོན་ཐོག་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ལྷན་ཚོགས་འདི་གལ་ཆེན་པོ་ཞེ་དྲགས་རེད། ཅེས་དང་། ལོ་ལྟར་ལྷན་ཚོགས་དེ་ཚོགས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཀྱང་ད་ལྟའི་ཆར་ངེས་གཏན་མེད་སྐོར་སོགས་གསུངས་བྱུང་།

ལྷན་ཚོགས་འདི་ནི་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་བར་ལ་མཐུན་འབྲེལ་གཏིང་ཟབ་ཏུ་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་འདུག་ལ། ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་ཨེ་ཤ་ཡའི་ནང་པའི་ཆོས་ལུགས་ཕན་ཚུན་གྱི་དགེ་འདུན་པ་དང་དབུ་ཁྲིད་རྣམ་པ། མཁས་དབང་། ཉམས་ལེན་པ་སོགས་ལྷན་འཛོམས་ཀྱིས་ནང་ཆོས་སྐོར་བགྲོ་གླེང་དང་། གོ་རྟོགས་སྤེལ་རེས་བྱས་པ་བརྒྱུད། སྤྱི་ཚོགས་ནང་འཕྲད་བཞིན་པའི་དེང་སྐབས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཐབས་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་དར་སྲོལ་ཆེ་བའི་སྲོལ་རྒྱུན་དང་ལག་ལེན། ཡིད་ཆེས་འདྲ་མིན་ཡོད་པའི་བར་ལ་མཐུན་སྦྱོར་གྱི་འབྲེལ་བ་འཛུགས་ཐབས་སོགས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese