མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ཟུར་བར་མི་ལོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ཟུར་བ་ལི་ཐའེ་ཟེར་བས་ཨ་སྒོར་ས་ཡ་ ༡༠ ལྷག་གཡོ་ལེན་བྱས་པའི་ཉེས་མིང་འོག་མི་ལོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

© Wang Haizhou/Xinhua News Agency/picture alliance

དེ་རིང་རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་ཤན་ནིང་གྲོང་ཁྱེར་གྱི་མི་དམངས་ཆེས་མཐོའི་ཁྲིམས་ཁང་(People’s Court of Xianning) གིས་རྒྱ་ནག་རྐང་སྤོལ་རུ་ཁག་གི་ཆེས་མཐོའི་སློབ་སྟོན་པ་ལི་ཐའེ་( Li Tie) ཡིས་ཨ་སྒོར་ས་ཡ་ ༡༠ ལྷག་ལྐོག་ལེན་བྱས་ཡོད་པའི་ནག་ཉེས་གཡོགས་ནས། ཁོ་ལ་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཆད་དང་། ཆབ་སྲིད་ཀྱི་ཁེ་དབང་ཟེར་བ་སོགས་འཕྲོག་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁོས་ཨ་སྒོར་ས་ཡ་བཅུ་ལྷག་ལས་གཡོ་ལེན་བྱས་མེད་པའི་གནས་ཚུལ་ལས་ཐོན་མེད་ནའང་། རྒྱ་ནག་གོ་ལའི་དུས་བབ་ཀྱིས་རྒྱ་ནག་གི་རྐང་སྤོལ་རྩེད་འགྲན་པ་དང་རྐང་སྤོལ་སློབ་སྟོན་པ་ལི་ཐའེ་ཟེར་བས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༡ བར་རྒྱ་ནག་སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་བྱེད་སྐབས་ཉུང་མཐར་ཡང་ཨ་སྒོར་ས་ཡ་ ༧།༠༤ གཡོ་ལེན་དང་། པེ་ཅིན་ཉིན་རེའི་གསར་ཤོག་གིས། ཁོས་ཕྱི་ལོ་  ༢༠༡༩ ནས་ ༢༠༢༡ བར་རྒྱ་ནག་གི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སློབ་སྟོན་པའི་གོ་གནས་བེད་སྤྱད་ནས་ཁྲིམས་འགལ་ཐོག་ཨ་སྒོར་ས་ཡ་ ༥༠།༨༩ ལྷག་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ བར་ཧི་པེ་ཧྭ་ཞ་ཧྥོ་ཅུན་(Hebei Huaxia Fortune Soccer Club) རྐང་རྩེད་སྤོ་ལོའི་རུ་ཁག་དང་ཝུའུ་ཧན་ཛཱ་ལིལ་(Wuhan Zall Club) རྐང་རྩེད་སྤོ་ལོའི་རུ་ཁག་ནང་ལས་ཀ་བྱེད་སྐབས་ཀྱང་རྩེད་འགྲན་ལ་རྒྱལ་ཁ་ཐོབ་ཆེད་ཨ་སྒོར་ས་ཡ་ ༣༩།༠༥ ལྷག་བླངས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་ཝུའུ་ཧན་( Wuhan club) རུ་ཁག་གི་སློབ་སྟོན་པ་བྱེད་སྐབས། ཧུའུ་པེ་རུ་ཁག་ནས་རྩེད་མོ་བ་བརྗེ་ལེན (player transfers) ཆེད་ཨ་སྒོར་ས་ཡ་ ༢༦།༧༥ ལྷག་བླངས་ཡོད་སྐོར་སོགས་བསྒྲགས་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་  ༣ ནང་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ (Chinese Football Association) ཀྱི་འགན་འཛིན་ཟུར་པ་ཁྲིན་ཞེ་ཡོན་ (Chen Xuyuan) གྱིས་རྒྱ་སྒོར་ས་ཡ་ ༨༡།༠༣ གྱི་ལྐོག་རྔན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ། མི་ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་ཡོད་འདུག་ལ། དེ་བཞིན་བདུན་སྔ་མའི་ནང་རྒྱ་ནག་ཧུའུ་པེ་ཁྲིམས་ཁང་གིས་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་དྲུང་ཆེ་ལེའུ་ཡེ་ (Liu Yi) ཡིས་དངུལ་སྒོར་གཡོ་ལེན་དང་ལྐོག་བཟའ་བྱས་པའི་ཉེས་མིང་གཡོགས་ནས་མི་ལོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ས་ཡ་ ༣།༦ གི་ཉེས་ཆད་བཅད་ཡོད། རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་གཟུ་དཔང་དོ་དམ་(CFA’s referees management office) ཚན་པའི་འགན་འཛིན་ཟུར་བ་ཁྲན་ཧཱ་ (Tan Hai) ཡིས་དངུལ་སྒོར་ལྐོག་བཟའ་བྱས་པའི་ཉེས་མིང་འོག་མི་ལོ་དྲུག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་དང་། ཨ་སྒོར་འབུམ་ཉི་ཤུ་ལྷག་གི་དངུལ་ཆད་བཅད་འདུག

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བ་ཞིག་གི་འོག་ནས། རྒྱ་ནག་གཞུང་ལ་ལྟ་བ་དང་ལངས་ཕྱོགས་འཛིན་མཁན་མཐོ་རིམ་དཔོན་རིགས་མང་དག་ཅིག་ལ་ནག་ཉེས་འདྲ་མིན་གཡོགས་ནས་བཙོན་འཇུག་ཁྲིམས་ཐག་དང་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་གཏོང་གིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་དམག་ཇུས་ཚན་པའི་འགན་འཛིན་མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་གཡོགས་ཏེ་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་མུས་དང་། འོད་སྣང་ཉིན་རེའི་ཚགས་པར་ཁང་(Guangming Daily) གི་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་དོང་ཡུ་ཡུ་ལགས་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད། དེ་བཞིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཟུར་པ་དང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཛིན་གཞོན་པ་ཧྲི་ཁུ་པེ་ཡིས། སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མུས་ཡིན་པ་སོགས། འདས་པའི་ཟླ་གཉིས་མ་ཟིན་ཙམ་གྱི་ནང་རྒྱ་ནག་གཞུང་གིས་ཉུང་མཐར་རྒྱ་ནག་གི་དཔོན་རིགས་བདུན་ལ་ཞིབ་དཔྱོད་དང་ཁྲིམས་ཐག་བཅད་ཡོད་པ་རེད།

ལི་ཐའེ་ཟེར་བ་ནི་རྒྱ་ནག་ཧྲན་ཡང་ཁུལ་གྱི་རྒྱ་རིགས་དཀྱུས་མའི་ཁྱིམ་ཚང་ཞིག་གི་བུར་སྐྱེས། ཆུང་དུས་རྐང་སྤོལ་ལ་དགའ་ཞེན་ཆེ་བས་རྒྱ་ནག་ལེའུ་ཉིང་(Liaoning Football Academy)རྐང་སྤོལ་སློབ་གྲྭར་ཞུགས་ནས། སློབ་གྲྭ་དེའི་རྐང་སྤོལ་རུ་ཁག་ནས་ཆེས་ཐོག་མའི་ཆེད་ལས་རང་བཞིན་ཅན་གྱི་རྐང་སྤོལ་རྩེད་འགྲན་གྱི་སྟེགས་བུར་བསྙེགས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༦ བར་དབྱིན་ཡུལ་གྱི་ཨེ་ཝིར་ཊོན་ (Everton) རུ་ཁག་ཏུ་ཞུགས་ནས་ལྒང་ལི་ ༣༤ ལྡུག ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་དབྱིན་ཡུལ་གྱི་ཤེ་ཧྥུ་ཊི་མཉམ་འབྲེལ་རུ་ཁག་(Sheffield United) དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཁྲིན་འདུ་རུ་ཁག་ཏུ་ཞུགས། ཁོང་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་གཞོན་པ་ཟུར་བ་དང་། རྒྱ་ནག་གི་རྐང་སྤོལ་རུ་ཁག་ཅིག་གི་སློབ་སྟོན་པ་ཟུར་བའང་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༨ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese