མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བླ་ཆེན་རྣམ་པས་ས་ཡོམ་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོས་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་བསམ་བློ་ཞིག་བཏང་བ་ཡིན་ན་ཕན་ཐོགས་ཡོད་པ་རེད་ལ། རྐྱེན་ངན་བྱུང་སྐབས་སེམས་ཤུགས་ཆག་ནས་མ་བསྡད་པར་སེམས་ཤུགས་སྐྱེད་དགོས་རེད་ཅེས་བོད་ནང་ས་ཡོམ་གོད་ཆག་ཆེན་པོ་བྱུང་བར་ཐུགས་སྨོན་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བླ་ཆེན་རྣམ་པས་ས་ཡོམ་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དགོན་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་མཆོད་འབུལ་སྨོན་ལམ་འཚོགས་གནང་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་གི་བླ་ཆེན་རྣམ་པ་ཁག་ཅིག་དང་དགོན་པ་གྲྭ་ཚང་ཁག་ནས་ཐུགས་སྨོན་དང་མཆོད་འབུལ་གནང་བཞིན་འདུག་ལ། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་སོགས་ནས་ཀྱང་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག

དེ་རིང་མཆོད་འབུལ་སྨོན་ལམ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་གནང་བའི་ནང་། ཆོས་དད་མེད་མཁན་ཞིག་ལ་ལས་ངན་འཁོར་དུས། སེམས་ཕམ་ནས་བསྡད་རྒྱུ་མ་གཏོགས་བྱེད་ཡ་ཡོད་མ་རེད། ང་ཚོ་ཆོས་ལ་དད་པ་ཡོད་མཁན་ཞིག་གི་ངོས་ནས་ལས་ངན་སྨིན་ཡོང་དུས། དེ་སྔོན་ཆད་ཀྱི་སྡིག་པ་དག་རྒྱུ་དང་། ཕྱིན་ཆད་དངོས་གནས་དྲང་གནས་དགེ་བའི་ལས་གོང་ནས་གོང་དུ་འཕེལ་རྒྱུའི་མཐུན་པའི་རྐྱེན་ཞིག་ཏུ་ཆགས་རྒྱུ་འདུག དཔེར་ན། ང་ཚོར་རྐྱེན་འདས་ཞེ་དྲགས་ཡོང་དུས་རྐྱེན་ངན་དེ་དག་རྒྱུ་མཚན་དུ་བྱས་ཏེ།  སོ་སོའི་ངོས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་དག་གཟབ་གཟབ་བྱས་ནས་བསྒོམ་རྒྱུ་ཞིག་ཡོང་གི་འདུག བྱས་ཙང་། ད་ལྟ་བོད་ནང་ས་ཡོམ་གྱི་རྐྱེན་པས་རྐྱེན་ངན་མང་པོ་ཞིག་ཡོང་བསྡད་པ་དེ། བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཐུབ་རྒྱུ་དེ་སོ་སོའི་ལག་པར་ཡོད་རེད་ལ། དེ་བསམ་བློ་གཏོང་གི་ཡོད་ན། དངོས་གནས་དྲང་གནས་འབྲས་བུ་ངན་པ་ཞིག་སྨིན་པ་རེད་དེ། དེས་རྐྱེན་བྱས་ནས་དགེ་བའི་བློ་སྐྱེས་ཡ་དང་སེམས་བྱུང་སྐྱེས་རྒྱུར་ཕན་ཐོགས་ཡོང་བསྡད་པ་ཞིག་རེད་འདུག དཔེར་ན། ངོས་རང་གིས་བོད་ལ་ས་ཡོམ་བརྒྱབ་ནས་རྐྱེན་ངན་མང་པོ་ཞིག་ལ་འཕྲད་པ་པར་ནང་མཐོང་ཡོང་དུས། དེས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་རྒྱུའི་སེམས་བྱུང་གོང་ནས་གོང་དུ་འཕེལ་ཡོང་གི་འདུག ཅེས་གསུངས་འདུག

ཡང་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ད་ལྟ་ལྷག་བསྡད་པ་རྣམས་ཀྱིས་སེམས་ཤུགས་སྐྱེད་ནས། བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས། སོ་སོའི་རྐྱེན་ངན་མང་པོ་ཞིག་ལས་དབང་གིས་བྱུང་བ་རེད་དེ། དེ་དག་གི་རྐྱེན་ངན་གྲོགས་སུ་ཤར་རྒྱུ་ཞིག་གི་སེམས་ཤུགས་སྐྱེད་ནས། དད་པའི་བློ་ཡག་པོ་ཞིག་མུ་མཐུད་ནས་སྦྱང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ལ་ས་ཡོམ་བརྒྱབ་ནས་ཁང་པ་མང་པོ་ཞིག་རལ་དུ་གྱུར་བ་མཐོང་སོང་། སེམས་སྐྱོ་བ་ཞིག་འདུག་སྟེ། རྐྱེན་ངན་ལས་ངན་ཟློག་ཏུ་མེད་པ་ཆགས་ཀྱི་ཡོད་དུས། ང་ཚོས་རྐྱེན་ངན་གྲོགས་སུ་ཤར་རྒྱུའི་བསམ་བློ་ཞིག་བཏང་བ་ཡིན་ན་ཕན་ཐོགས་ཡོད་རེད། ཅེས་དང་། རྐྱེན་ངན་བྱུང་སྐབས་སེམས་ཤུགས་ཆག་ནས་མ་བསྡད་པར་སེམས་ཤུགས་སྐྱེད་དགོས་རེད། དེ་ཡང་འབྱུང་བ་འཁྲུག་པ་ཡིན་དུས་མི་ལའང་ཁག་བཞག་ས་ཞིག་མེད་པས། ས་ཡོམ་གྱི་རིགས་རྣམས་རྐྱེན་ངན་གྱིས་ཡོང་བ་ཞིག་རེད་མ་གཏོགས། མིའི་ཆབ་སྲིད་ཀྱི་སྲིད་ཇུས་ཤིག་མིན་པ་ཡིན་དུས། དེའང་བསམ་བློ་གཏོང་སྟངས་ཀྱི་ཐད་ནས་དགེ་མཚན་འདུག ཅེས་གསུངས་འདུག

༧དཔལ་རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བརྙན་ལམ་ནས་ཐུགས་སྨོན་གནང་བའི་ནང་། བོད་ལྗོངས་གཞིས་ཀ་རྩེའི་ཁོངས་ཀྱི་དིང་རི་རྫོང་ཁོངས་ལ་ས་ཡོམ་གྱི་འཇིགས་པ་ཆེན་པོ་བྱུང་ནས། རང་རིགས་སྤུན་ཟླ་མང་པོ་འདས་གྲོངས་སུ་གྱུར་བ་དང་། རྨས་སྐྱོན་བྱུང་བ་དེ་འདྲའང་མང་པོ་ཞིག་འདུག དེ་འདྲ་བའི་གནས་ཚུལ་སྐྱོ་བོ་དེ་གོ་ཡོང་དུས་སེམས་ལ་མ་བཟོད་པ་ཆེན་པོ་ཡོང་གི་འདུག ང་ལྟ་བུའི་བོད་ཀྱི་ཕྱི་ལོགས་སུ་ཡོད་པའི་སྤུན་ཟླ་མང་པོ་ཞིག་གིས་གནས་ཚུལ་དེའི་ཐད་ལ་སེམས་ཁུར་དང་བསྔོ་བ་སྨོན་ལམ་རྒྱག་གི་ཡོད། ངས་སྤྱི་ཚོགས་དྲ་ལམ་ནས་སྤུན་ཟླ་མང་པོ་ཞིག་གིས་དིང་རི་ས་ཁུལ་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། རོགས་རམ་བྱེད་མུས་ཡིན་པའི་གནས་ཚུལ་མང་པོ་ཞིག་མཐོང་བྱུང་། ང་ཚོ་ཤ་རུས་གཅིག་ལས་མཆེད་པའི་མི་རིགས་ཤིག་ཡིན་དུས། དངོས་གནས་སེམས་འགུལ་བ་ཞིག་འདུག་ལ། སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་གནས་སྟངས་དེ་མངོན་སུམ་དུ་མཐོང་ཡོང་དུས། དངོས་གནས་སེམས་ནང་ཚོར་སྣང་མི་འདྲ་བ་ཞིག་བྱུང་གི་འདུག དེ་འདྲ་ཡིན་དུས་སྤྱིར་ད་ལན་གྱི་གནས་སྟངས་དེ་ཛ་དྲག་དང་ཐབས་སྐྱོ་བོ་ཞིག་ཆགས་ཀྱི་ཡོད་རེད་དེ། ད་ལན་སྤུན་ཟླ་ཚང་མས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་། ཁྱིམ་ཚང་གཅིག་དང་ནང་མི་གཅིག་ཡིན་པའི་ཚོར་སྣང་ཞིག་སྤྲད་བྱུང་བས།  དེ་ནི་སེམས་འགུལ་ཐེབས་པ་ཞིག་བྱུང་། ངས་འདས་གྲོངས་སུ་གྱུར་བའི་སྤུན་ཟླ་ཚོའི་ཆེད་དུ་བསྔོ་སྨོན་དང་། རྨས་སྐྱོན་ཕོག་པ་རྣམས་རྨས་སྐྱོན་ལས་མྱུར་དུ་གྲོལ་རྒྱུ། དེ་བཞིན་མུ་མཐུད་ས་གནས་སྲིད་གཞུང་དང་རིམ་པ་ཁག་གི་དབུ་ཁྲིད། བོད་རིགས་སྤུན་ཟླ་ཚང་མས་་དིང་རི་ས་ཁུལ་དུ་རྒྱབ་སྐྱོར་དང་རོགས་རམ་གནང་རོགས་ཞུ་ཡི་ཡོད། ཅེས་གསུངས་འདུག

༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བརྙན་ལམ་ནས་ཐུགས་སྨོན་གསུང་འཕྲིན་བསྩལ་བའི་ནང་། བློ་ཕམ་ཆེ་བའི་གནས་ཚུལ་ཞིག་ལ་ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་སྟོད་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ལ་གློ་བུར་དུ་ས་ཡོམ་བརྒྱབ་ནས་མི་མང་པོ་ལ་སྲོག་སྐྱོན་དང་་གོད་ཆག་ཆེན་པོ་དེ་འདྲ་བྱུང་ཡོད་ས་རེད། དེ་ཚོ་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ་བ་དང་ཆབས་ཅིག་ཏུ་ཁ་སང་གནས་ཚུལ་གོ་མ་ཐག་ཏུ་ཤི་བོ་རྣམས་ལ་འཕོ་བ་དང་། ཤུལ་ལུས་གསོན་པོ་ཚོར་སེམས་གསོ་ལམ་སེང་བྱས་པ་ཡིན། ཞེས་དང་། ཚང་མ་བློ་ཕམ་ཡོང་བ་དེ་སྨྲོས་མི་དགོས་པ་ཞིག་རེད་དེ། བློ་ཕམ་བྱས་ནས་ཕན་པ་མེད་པས་ཚང་མ་སེམས་ཤུགས་སྐྱེད་པས། སོ་སོའི་ལས་ལ་བཟོ་ཐབས་མེད་ལ། ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ལ་མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་འཐོབ་པ་དང་། རབ་བྱུང་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དང་། ཤུལ་ལུས་རྣམས་ལ་བགེགས་བར་ཆད་སེལ་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་མཛད་འདུག

དེ་བཞིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་གསུང་འཕྲིན་བསྩལ་བའི་ནང་། ཁ་སང་ཕྱི་ཟླ་དང་པོའི་ཚེས་བདུན་གྱི་ཞོགས་པར་བོད་ནང་དུ་ས་ཡོམ་གྱི་འབྱུང་བའི་གནོད་པ་ཤུགས་ཆེན་བྱུང་བའི་དབང་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་འདུག་པར་བརྟེན། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་སྨོན་ལམ་ཆེན་མོ་འདིའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་བ་དང་ཆབས་ཅིག ཕྱི་མའི་ལྔ་ལམ་དུ་གྱུར་པ་རྣམས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱི་ནད་གཞི་མྱུར་དྭངས། སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་མྱུར་དུ་སེལ་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་དང་འབྲེལ། བདེན་ཚིག་སྨོན་ལམ་ཚད་མེད་ཡོན་ཏན་མ་དམིགས་བསལ་གསུང་གནང་ཡོང་བར་མཁྱེན། ཞེས་གསུངས་འདུག

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གིས་ཐུགས་སྨོན་གསུང་འཕྲིན་བསྩལ་བའི་ནང་། རང་བྱུང་འབྱུང་བའི་འཇིག་པ་ནི་སུ་ཞིག་གིས་ཀྱང་སྔོན་དཔག་མི་ཐུབ་ཅིང་བཟློག་པར་ནུས་པ་ཞིག་མིན། དེས་ན་འཇིག་རྟེན་གྱི་ཁམས་འདིར་ཆེས་འཇིགས་སུ་རུང་པའི་གོད་ཆག་ཚབས་ཆེ་ཤོས་ནི་འབྱུང་བའི་འཇིག་པ་དག་ལས་འབྱུང་བར་ངེས། དེ་ལྟར་ན་ད་ལམ་བོད་གངས་ཅན་ལྗོངས་ཀྱི་སའི་ཆར་ལ་སྟོད་དིང་རི་རྫོང་གཙོས་པའི་དེའི་ཉེ་འཁོར་གྱི་ས་གནས་མང་པོ་ཞིག་ལ་ཕྱི་ལོ་༢༠༢༥ ཟླ་ ༠༡ ཚེས་ ༧ ཉིན་ས་ཡོམ་ཆེན་པོ་ཞིག་བྱུང་བའི་འོག རང་རིགས་སྤུན་ཟླ་བརྒྱ་ཕྲག་ལྷག་འདས་གྲོངས་དང་བཅུ་ཕྲག་མང་པོར་རྨས་སྐྱོན། མཁར་ཁང་བརྒྱ་ཕྲག་བརྒལ་བ་གཏོར་བཤིག མདོར་ན་མི་རྒྱུ་ཟོག་གསུམ་ལ་ཤིན་ཏུ་ནས་ཡིད་སྐྱོ་བའི་གནོད་འཚེ་ཚབས་ཆེན་བྱུང་བར། འདི་ག་གཡུང་དྲུང་བོན་གྱི་༧གདན་ས་སྨན་རིའི་དགོན་དང་། བཙུན་དགོན་རཏྣ་སྨན་གླིང་བཅས་དགེ་བཙུན་མང་ཚོགས་ནས་འདས་གསོན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་ཞུས་དང་ཞུ་བཞིན་པར་མ་ཟད། ངོས་ནས་ཀྱང་ཚེ་འདས་རྣམས་བར་དོའི་འཇིགས་པ་ལས་བྲལ་ཏེ། མངོན་མཐོ་ལྷ་མིའི་དལ་རྟེན་རིམ་བརྒྱུད། མཐར་ཐུག་རྫོགས་བྱང་རིན་པོ་ཆེ་མྱུར་དུ་ཐོབ་པའི་ཐེག་པ་ཆེན་པོའི་བསྔོ་སྨོན་ཞུ་བ་དང་འབྲེལ། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་དང་། རྗེས་ལུས་ནང་མི་གཉེན་ཉེ་བཅས་ལ་ཐུགས་གསོའི་འཚམས་འདྲི་དང་། ལུས་སེམས་སྡུག་བསྔལ་གྱིས་མནར་བ་ཁྱེད་རྣམས་མྱུར་ནས་མྱུར་དུ། སྔར་བཞིན་ཞི་བདེ་དང་ཚེ་རིང་ནད་མེད། བར་ཆད་མཐའ་དག་ཞི་ཕྱིར། སྐྱབས་དང་མགོན་དུ་གྱུར་བའི་ཡུལ་མཆོག་དམ་པ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད། ཅེས་གསུངས་འདུག

ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་གསུང་འཕྲིན་བསྩལ་བའི་ནང་། བོད་གངས་རིའི་ལྗོངས་ཀྱི་སྟོད་དིང་རི་སོགས་ཀྱི་ས་གནས་ཁ་ཤས་ལ་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་འདུག་པར་ཐུགས་གསོ་ཞུ་ཡི་ཡོད། དེ་ལྟ་བུའི་གོད་ཆག་བྱུང་བ་དེར་ཧ་ཅང་གིས་བློ་ཕམ་དང་ཡིད་སྐྱོ་བོ་བྱུང་། ཡིན་ནའང་། ང་རང་ཚོ་ནང་པ་སངས་རྒྱས་པས་གསུངས་པ་ནང་བཞིན་སྔོན་གྱི་ལས་ལ་ཟློག་པ་མེད་པ་རེད། དེ་འདྲ་ཡིན་དུས་ས་ཡོམ་གོད་ཆག་བྱུང་བ་དེ་ལས་ཀྱིས་འཁོར་བ་ཞིག་ཡིན་པ་རེད། མདོར་ན་ཤི་བོ་རྣམས་ལ་བསྔོ་སྨོན་དང་ཤུལ་ལྷག་རྣམས་ལ་མ་འོངས་པར་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ནས་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་དང་། དེ་རིང་ཞོགས་པར་རིན་པོ་ཆེ་མཆོག་ནས་བལ་ཡུལ་གྱི་གནས་ཁྱད་པར་བ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ལ་སྐོར་བ་གནང་སྟེ་མཆོད་མེ་བསྒྲོན། ཐུགས་སྨོན་མཛད་འདུག་ལ། གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་པའི་ཇོ་ནང་སྨོན་ལམ་ཆེན་མོའི་ཐོག་ལའང་ས་ཡོམ་གོད་ཆག་བྱུང་བར་བསྔོ་སྨོན་སྐྱབས་འཇུག་གནང་ཡོད་འདུག་ལ། མ་འོངས་པར་བོད་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ནང་འདི་ལྟ་བུའི་གོད་ཆག་མི་ཡོང་བར་ཐུགས་སྨོན་མཛད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese