མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་ནང་༧གོང་ས་མཆོག་གི་མཚན་ཐོག་ནས་ལས་གཞི་གཉིས་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་རྗེས་དྲན་ཞུ་བའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤུལ་བཞག་ཕེབས་ལམ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཏུ་དམིགས་པའི་༧གོང་ས་ཏཱ་ལའི་བླ་མ་སྐྱེ་དངོས་སྣ་མང་སྤྱི་གླིང་ཞེས་པའི་ལས་གཞི་གཉིས་ཀྱི་རྨང་རྡོ་དབུ་འབྱེད་གནང་འདུག

Arunachal minister unveils Dalai Lama Heritage Trekking Trail, Biodiversity Park in West Kameng

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནུབ་ཁ་མིང་ (Kameng) རྫོང་ནང་གི་ (Khellong) ཁུལ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་གནས་རྗེས་དྲན་ཞུ་ཆེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤུལ་བཞག་ཕེབས་ལམ་ (His Holiness the Dalai Lama Heritage Trekking Trail) ཞེས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་སྐྱེ་དངོས་སྣ་མང་སྤྱི་གླིང་ (His Holiness the Dalai Lama Biodiversity Park) ཞེས་པའི་ལས་གཞི་གཉིས་ཀྱི་རྨང་རྡོ་དབུ་འབྱེད་གནང་ཡོད་འདུག

སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་ཤིང་ནགས་དང་ཁོར་ཡུག་བློན་ཆེན་ (Wangki Lowang) ལགས་དང་། གྲོས་ཚོགས་འཐུས་མི་བསྟན་འཛིན་ཉི་མ་ (Tenzin Nyima Glow) ལགས། གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ (Tseten Chombay) ལགས། དེ་བཞིན་ནུབ་ཁ་མིང་རྫོང་གི་ (ZPZ Zilla Parishad) ཚོགས་གཙོ་ཀརྨ་རྡོ་རྗེ་ (Karma Dorjee Thongdok) ལགས་དང་། ཤིང་ནགས་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་རིགས་ཀྱི་སྲུང་སྐྱོབ་པ་དྷ་མོ་དྷར་ (Dr. Damodar) ལགས་སོགས་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག

དེ་འབྲེལ་ཨ་རུ་ན་ཅལ་མངའ་སྡེའི་ཤིང་ནགས་དང་ཁོར་ཡུག་གི་བློན་ཆེན་ (Wangki Lowang) ལགས་ཀྱིས་གསར་འགོད་པར། གྲོས་ཚོགས་འོག་མའི་འཐུས་མི་ (Tseten Chombay) ལགས་དང་། གྲོས་ཚོགས་འཐུས་མི་བསྟན་འཛིན་ཉི་མ་ལགས་སོགས་དང་མཉམ་དུ་དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་ཀྱི་ཤུལ་བཞག་ཕེབས་ལམ་དང་། ༧གོང་ས་ཏཱ་ལའི་བླ་མ་སྐྱེ་དངོས་སྣ་མང་སྤྱི་གླིང་གི་ལས་གཞི་གཉིས་ཀྱི་རྨང་རྡོ་དབུ་འབྱེད་ཞུ་ཐུབ་པ་བྱུང་བ་སྐལ་བ་བཟང་པོ་བྱུང་། ལས་གཞི་འདིས་ཨ་རུ་ན་ཅལ་གྱི་ལོ་རྒྱུས་ཀྱི་ཤུལ་བཞག་ལ་གུས་བརྩི་དང་། ཐུན་མོང་མ་ཡིན་པའི་སྐྱེ་དངོས་རིགས་སྲུང་སྐྱོབ་ཡོང་ཐབས་བྱ་རྒྱུར་དམིགས་ཡོད་ལ། ཚང་མས་མཉམ་རུབ་ཀྱིས་ནུབ་ཁ་མིང་དུ་ཁོར་ཡུག་སྲུང་སྐྱོབ་དང་། ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། ཞེས་སོགས་གསུངས་འདུག གཞན་ཡང་། རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ (Tseten Chombay) ལགས་ཀྱིས། ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་ཡར་རྒྱས་གོང་སྤེལ་དང་། ཁུལ་དེའི་རིག་གཞུང་དང་ལོ་རྒྱུས་སོགས་ཉར་ཚགས་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་གསུངས་འདུག

Arunachal minister unveils Dalai Lama Heritage Trekking Trail, Biodiversity Park in West Kameng

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤུལ་བཞག་ཕེབས་ལམ་གྱི་ལས་གཞིས་༧མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་བསྩལ་བ་སོགས་ཀྱི་རླབས་ཆེན་གྱི་མཛད་པར་རྗེས་དྲན་ཞུ་ཆེད་དང་། ཁོང་གི་བྱམས་དང་བརྩེ་བའི་མཛད་པ་རྣམས་རྒྱ་ཁྱབ་ཏུ་གཏོང་བར་དམིགས་ཡོད་འདུག་ལ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་སྐྱེ་དངོས་སྣ་མང་སྤྱི་གླིང་ནི་ཁུལ་དེའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། རིག་གཞུང་གཅེས་འཛིན། ཞི་བདེ་མཉམ་གནས་སོགས་ལ་དམིགས་པ་ཞིག་ཡིན་འདུག

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་པའི་༧སྐུ་འཁོར་ལྷན་རྒྱས་བོད་ནས་རྒྱ་གར་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་སྐབས། ཧིན་བོད་གཉིས་ཀྱི་ས་མཚམས་སྐས་འཛེགས་མ་ཎིར་ཞབས་སོར་འཁོད་དེ། དང་ཐོག་ (Lhasa Dwar) ཞེས་པའི་རྒྱལ་སྒོའི་ཉེ་འཁྲིས་སུ་སྐུ་ངལ་གསོ་གནང་མཛད་སྐབས། ༧གོང་ས་མཆོག་གིས་བསྣམས་པའི་ཕྱག་མཁར་དེ་ས་གནས་དེར་འདེབས་འཛུགས་གནང་སྟེ། ད་ཆ་ལྗོན་ཤིང་དུ་གྱུར་ཡོད་པའི་གནས་ཆེན་ཞིག་ཡིན་ཞིང་། བཞུགས་ཞག་དང་པོ་ཆུ་དྭངས་མོ་དང་། གོར་ཟམ་མཆོད་རྟེན་དུ་བཞུགས་ཞག་གཉིས་པ་མཛད། དེ་ནས་ཤག་ཏི་དང་། རླུང་ལ། མཐོང་ལེགས ། རྟ་དབང་དགོན་པ། ལྗང་། སེང་གེ་རྫོང་། སྡེ་རང་། ར་ཧུང་། འབུམ་སྡེ་ལ་བཅས་སུ་ཉིན་ཞག་རེ་བཞུགས་ཞག་མཛད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese