མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་གནམ་གྲུ་གདོང་ཐུག་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མཁའ་ལམ་རྟགས་ཅན་དང་དམག་དོན་ཐད་འཕུར་གནམ་གྲུ་གཉིས་གདོང་ཐུག་བྱུང་སྟེ། མི་གྲངས་དྲུག་ཅུ་ལྷག་གི་ཁྲོད་མི་གྲངས་ ༡༩ ཡི་ཕུང་པོ་ལས་རྙེད་སོན་བྱུང་མེད་པས་མུ་མཐུད་འཚོལ་ཞིབ་བྱེད་མུས་ཡིན་འདུག

Emergency response units assess wreckage in the Potomac River early Thursday morning. Andrew Harnik/Getty Images

དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་རཱ་གྷན་རྒྱལ་ཡོངས་གནམ་ཐང་གི་ཁུལ་དུ་ཨ་རིའི་མཁའ་ལམ་(American Airlines) རྟགས་ཅན་དང་ཨ་རི་ H- 60 རྟགས་ཅན་ (Sikorsky H-60) གྱི་དམག་དོན་ཐད་འཕུར་གནམ་གྲུ་གཉིས་བར་གདོང་ཐུག་བྱུང་སྟེ།  ད་བར་མི་གྲངས་བཅུ་དགུའི་ཕུང་པོ་རྙེད་སོན་བྱུང་ཡོད་ཅིང་། ད་ལྟ་ཁུལ་དེའི་མྱུར་སྐྱོབ་མི་སྣས་པོ་ཊོ་མེག (Potomac River) གཙང་པོའི་ཁུལ་དུ་གས་ཆག་བྱུང་བའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་འགྱུར་མཁན་རྣམས་ཀྱི་ཕུང་པོ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་མུས་ཡིན་འདུག

མཁའ་གྲུའི་དོན་རྐྱེན་དེ་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། ངས་རཱ་གྷན་རྒྱལ་ཡོངས་གནམ་ཐང་དུ་བྱུང་བའི་གནམ་གྲུའི་དོན་རྐྱེན་ཐད་ཤེས་རྟོགས་ཞིབ་ཚགས་བྱུང་། དཀོན་མཆོག་གིས་ཁོང་ཅག་ལ་བྱིན་གྱིས་རླབས་པར་སྨོན། དོན་རྐྱེན་དེའི་ཁྲོད་ཆེས་ཐོག་མར་ཚད་མཐོའི་རོགས་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ངས་ད་ལྟ་གནས་སྟངས་ལ་རྒྱུས་ལོན་བྱེད་མུས་ཡིན། ཞེས་གསུངས་འདུག་ལ། དེ་བཞིན་ཨ་རིའི་མེ་དང་ཛ་དྲག་སྨན་སྦྱོར་རོགས་རམ་(DC Fire and EMS) ལས་ཁུངས་ཀྱི་འགན་འཛིན་ཇོན་(John A. Donnelly ) ལགས་ཀྱིས། ད་ལྟ་འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་དེ་ཆུའི་འོག་ཏུ་གཉེར་མུས་ཡིན་པས། ཆུ་ཧ་ཅང་རྙོག་མ་ཡིན་པ་མ་ཟད། ཆུའི་ནང་དུ་འཚོལ་ཞིབ་བྱ་རྒྱུར་ཉེན་ཁ་ཆེན་པོ་ཡོད་པས། ཞིབ་འཇུག་དང་འཚོལ་ཞིབ་ཀྱི་ཐད་ལ་དུས་ཚོད་ངེས་ཅན་ཞིག་འགོར་སྲིད། ཅེས་བརྗོད་འདུག

ད་ལྟ་མྱུར་སྐྱོབ་མི་སྣས་ཚད་རིམ་མཐོ་བོས་རྟོག་ཞིབ་བྱེད་མུས་ཡིན་ནའང་། ཨ་རིས་ས་ཁམས་ཞིབ་འཇུག་བྱས་པ་བརྒྱུད། གནམ་གྲུ་གཉིས་གདོང་ཐུག་བྱུང་ནས་ལྷུང་སའི་པོ་ཊོ་མེག་གཙང་པོ་ནི་ཆ་སྙོམས་ཀྱི་གཏིང་ཚད་ཕི་ཌི་ ༢༤ ཙམ་དང་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་ ༤༠༠ ལྷག་ཡོད་པས། ད་ལྟ་གར་སོང་ཆ་མེད་དང་ཤི་རྨས་བྱུང་བ་དག་འཚོལ་ཞིབ་བྱ་རྒྱུ་དཀའ་རྙོག་ཅན་དུ་འགྱུར་ཉེན་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་པའི་ཁར།  ཁུལ་དེར་མྱུར་སྐྱོབ་ཀྱི་ལས་དོན་བྲེལ་ཟིང་ཆེ་བ་སོགས་ཀྱི་རྐྱེན་དུ་བྱས་ཏེ། ཝ་ཤིང་ཊོན་གྱི་རྭ་གྷན་གནམ་ཐང་རེ་ཞིག་སྒོ་བརྒྱབ་ནས་གནམ་གྲུ་ཤར་གཏོང་མཚམས་འཇོག་བྱས་ཡོད་འདུག་ལ།  ཨ་རིའི་དམག་དོན་ཆེས་མཐོ་མི་སྣས་(US Army official) དམག་མི་གསུམ་ལྡན་གྱི་ཨ་རིའི་དམག་དོན་ཐད་འཕུར་མཁའ་གྲུའི་ཁྲོད་ཀྱི་དམག་མི་ཚོས་མཚན་མོའི་མཁའ་ལམ་དམག་སྦྱོང་བྱེད་ཀྱིན་ཡོད་སྐོར་བསྒྲགས།

ཐེངས་འདིའི་ཨ་རིའི་གནམ་གྲུའི་གདོང་ཐུག་ནི་ཕྱི་ལོ ༢༠༠༡ རྗེས་ཀྱི་གནམ་གྲུའི་དོན་རྐྱེན་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་ལ། ཕྱི་ལོ་ ༢༠༠༡ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས་ཌུ་ལེ་སི་གནམ་ཐང་དུ་སྐྱོད་པའི་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་ནས། ཕྱོགས་ཡོངས་ནས་མི་གྲངས་ ༩༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ཕྱི་ལོ་ ༢༠༠༥ དང་། ༢༠༠༦། ༢༠༠༩ བཅས་སུའང་གནམ་གྲུའི་དོན་རྐྱེན་ཁག་ཅིག་བྱུང་འདུག ད་ལན་གྱི་དོན་རྐྱེན་དེ་བྱུང་སྐབས་ཉུང་མཐར་ཡང་གནམ་གྲུ་ ༡༩ ཙམ་མཁའ་དབྱིངས་སུ་ཤར་སྐྱོད་བྱེད་མུས་ཡིན་པས་མཁའ་ལམ་བསྒྱུར་ཏེ། སྤྱི་ལེ་ ༢༠ ཙམ་གྱི་མཚམས་སུ་ཡོད་པའི་ཌུ་ལེ་སི་གནམ་ཚིགས་སུ་ཁ་སྒྱུར་བྱས། དེ་བཞིན་ཉུང་མཐར་གནམ་གྲུ་གྲངས ༨༦༩ ཙམ་རྭ་གྷན་རྒྱལ་ཡོངས་གནམ་ཐང་ནས་འཕུར་སྐྱོད་བྱ་འཆར་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese