མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་ཕྱིར་འཐེན་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཊོམ་ཕུས་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་ཕྱིར་འཐེན་དང་རྒྱལ་ཚོགས་ལ་སྤྲོད་བཞིན་པའི་རོགས་དངུལ་མཚམས་འཇོག་བྱས་ཡོད་འདུག

U.S. President Donald Trump speaks to reporters in the Brady Press Briefing Room at the White House in Washington, U.S., January 30, 2025. REUTERS/Elizabeth Frantz

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུས་བཀའ་ཁྱབ་ཅིག་ལ་མཚན་རྟགས་བརྒྱབ་སྟེ། ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་། རྒྱལ་ཚོགས་ཀྱི་པ་ལི་སི་ཐན་རོགས་སྐྱོར་ཚོགས་པ། དེ་བཞིན། རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་བཅས་ཀྱི་ཚོགས་པ་སྟེ། རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཚོགས་ཁོངས་སོགས་ནས་ཕྱིར་ཐོན་བྱ་རྒྱུ་ཡིན་པའི་ཐག་གཅོད་བླངས་ཡོད་པ་མ་ཟད། རྒྱལ་ཚོགས་ལ་སྤྲོད་བཞིན་པའི་ཨ་རིའི་རོགས་དངུལ་ཁག་ཅིག་མཚམས་འཇོག་དང་བསྐྱར་ཞིབ་བྱེད་བཞིན་ཡོད་འདུག

ཨ་རི་རྒྱལ་ཚོགས་ཀྱི་ཚོགས་སྡེ་ཁག་ནས་ཕྱིར་འཐེན་བྱེད་དགོས་དོན་ཐད་སྲིད་འཛིན་ཊོམ་ཕུས། མཉམ་འབྲེལ་རྒྱལ་ཚོགས་ལ་ནུས་སྟོབས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་། དེས་ལས་དོན་ཡག་པོ་གཉེར་ཐུབ་ཀྱི་མེད་ཁར། འཛམ་གླིང་རྒྱལ་ཁབ་ཚང་མས་འདྲ་མཉམ་ཐོག་རྒྱལ་ཚོགས་ལ་རོགས་དངུལ་གཏང་དགོས་མོད། དུས་རྒྱུན་དུ་ཨ་རིས་རོགས་དངུལ་མང་ཤོས་གཏོང་དགོས་པ་དེ་ནི་འདྲ་མཉམ་མིན། ཞེས་བརྗོད་འདུག་ལ། དེ་སྔོན་ཊོམ་ཕུའི་སྲིད་འཛིན་ལས་ཐོག་དང་པོའི་སྐབས་སུའང་། ཊོམ་ཕུས་ཨ་རི་རྒྱལ་ཚོགས་ཀྱི་ཚོགས་སྡེ་ཁག་ནས་ཕྱིར་འཐེན་བྱས་པ་མ་ཟད། རྒྱལ་ཚོགས་ལ་རོགས་དངུལ་གཏོང་མཚམས་བཞག་ཡོད།

གནད་དོན་དེའི་ཐད་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་ལགས་ཀྱིས། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེས་གོ་ལའི་བདེ་འཇགས་དང་ཚེ་སྲོག་མང་པོ་སྲུང་སྐྱོབ་བྱེད་བཞིན་ཡོད། དེར་བརྟེན། རྩོད་རྙོག་ཆེ་བའི་དུས་སྐབས་འདིར་ཨ་རིས་མུ་མཐུད་རྒྱལ་ཚོགས་དང་ལྷན་དུ་འབྲེལ་ལམ་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་བརྗོད་འདུག

ཕོ་བྲང་དཀར་པོའི་ལས་དྲུང་ཝིལ་ཆཱར་ཧྥི་ (Will Scharf) ལགས་ཀྱིས། ཨ་རིས་རྒྱལ་ཚོགས་ཀྱི་ལྷན་ཁང་ཁག་ཅིག་གཙོ་བྱས་པའི་རྒྱལ་ཚོགས་ལ་རོགས་དངུལ་གཏོང་བཞིན་པའི་གནས་སྟངས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་དང་། དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་མང་པོ་ཡོད་པའི་ཁྲོད། རོགས་དངུལ་གཏོང་བཞིན་པའི་གྲངས་འབོར་ལ་ཧེ་བག་ཆེན་པོ་ཤོར་ཡོད་པའི་ཐོག རྒྱལ་ཚོགས་ནང་འདྲ་མཉམ་གྱི་ལྟ་ཚུལ་མེད་ཅིང་། ཨ་རིར་སྡང་ཕྱོགས་ཀྱི་ལྟ་སྟངས་འཛིན་གྱིན་འདུག་སྟབས། ད་ལན་ཊོམ་ཕུའི་གཞུང་གིས་རྒྱལ་ཚོགས་ནས་ཕྱིར་ཐོན་གྱི་ཐག་གཅོད་དེ་བླངས་ཡོད་པའི་འགྲེལ་བརྗོད་བྱས་འདུག

ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཊོམ་ཕུས་སྐབས་གཉིས་པའི་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་མགོ་བརྩམས་པ་དང་། ཉིན་དེར་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་དང་། པ་རེ་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཁོངས་སོགས་ནས་ཕྱིར་འཐེན་བྱས་ཤིང་། དེ་བཞིན། དེ་རིང་རྒྱལ་ཚོགས་ཀྱི་ཚོགས་སྡེ་གསུམ་ནས་ཕྱིར་འཐེན་བྱེད་བཞིན་པ་སོགས་ཀྱིས། འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན། དམག་འཁྲུག ཤེས་ཡོན་སོགས་ཀྱི་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese