མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གླུ་བ་ལུ་གུ་རྒྱལ་ལགས་དགུང་ལོ་ ༦༢ ཐོག་འདས་གྲོངས་སུ་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དམངས་གླུའི་སྲོག་ཤིང་ལྟ་བུའི་གླུ་བ་ལུ་གུ་རྒྱལ་ལགས་འདས་གྲོངས་སུ་གྱུར་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་བཞིན་འདུག

༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ཏེ་ལོ་ ༣༠ འཁོར་བའི་རྗེས་དྲན་ཐོག་གླུ་ལེན་བཞིན་པ།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་བོད་ཀྱི་གླུ་བ་གྲགས་ཅན་ལུ་གུ་རྒྱལ་ལགས་ནད་གཞི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་ཅིང་།  ཉིན་འདི་དག་གི་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་དྲ་ལམ་ཁག་ཏུ་ཁོང་གིས་གླུ་གཞས་བརྩམས་ཆོས་རྣམས་འགྲེམས་སྤེལ་བྱས་ཏེ་གླུ་བ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་བཞིན་ཡོད་འདུག

དྲ་ལམ་དུ་སྙན་ངག་པ་ཞིག་གིས། རྨ་ཆུའི་རྩྭ་ཐང་གི་ཞོགས་པའི་སྨུག་པ་མ་ཐོར་པར་རྨ་ཁུག་དང་པོའི་རྦ་རླབས་ཀྱིས་ད་དུང་གླུ་དབྱངས་ལེན་བཞིན་པའི་སྐབས་སུ། མཐོ་སྒང་གི་སྙན་ངག་བརྩམས་ཆོས་ལ་ཚེ་སྲོག་དཀྱུས་བའི་གླུ་བས་གཏན་དུ་གླུ་ལེན་མཚམས་བཞག་ཡོད། གླུ་གར་རྒྱལ་བཞུད་སོང་། ཁྱེད་ཀྱི་གླུ་སྐད་ཀྱི་མདོ་དབུས་མཐོ་སྒང་དུ་ཆེས་དྭངས་གཙང་བླ་སྲོག་བསྐོས་ཡོད། ཅེས་བྲིས་འདུག

གླུ་བ་ལུ་གུ་རྒྱལ་ལགས་ནི་ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༥ བའི་ནང་བོད་མདོ་སྨད་རྨ་ཆུ་རྫོང་ཉིན་མ་ཡུལ་ཚོ་རུ་སྐྱེས་ཡོད་ཅིང་།  ཁོང་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ལྡན་ཞིང་ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ་བ་ཡོད་པ་ཞིག་ཡིན་འདུག  རང་ལོ་ ༢༣ ཐོག་ཁོང་གིས་གསར་རྩོམ་བརྩམས་ཆོས་ཨ་ཞང་ལོ་ལོ་ཞེས་པའི་གླུ་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་དམངས་ཁྲོད་གླུ་གཞས་དང་ཞབས་བྲོའི་འཁྲབ་སྟོན་ཁྲོད་གཞས་ཚིག་དང་གདངས་དབྱངས་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་དང་རྐྱང་གཞས་ཀྱི་བྱ་དགའ་ཨང་གསུམ་བླངས་ཤིང་།   རྒྱ་ནག་རྒྱལ་ཡོངས་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་དམངས་གླུ་འགྲན་རིམ་གྱི་པེ་ཅིང་འགྲན་བསྡུར་ཁྲོད་རྒྱ་ནག་རྒྱལ་ཡོངས་ཀྱི་མཐའ་མའི་འགྲན་བསྡུར་ལས་ཕུལ་བྱུང་བུམ་པ་རྟགས་མའི་བྱ་དགའ་ཐོབ་ཡོད། ཁོང་ནི་བོད་ཀྱི་དམངས་གླུ་རྒྱུད་འཛིན་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། སྔ་རྗེས་སུ་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིག་རྩལ་ལྷན་ཚོགས་ཀྱི་རིམ་པ་དང་པོའི་སྒྱུ་རྩལ་པ། ཀན་སུའུ་ཞིང་ཆེན་རོལ་དབྱངས་ཆེད་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་བོད་ཀྱི་དམངས་གླུ་རྒྱུན་འཛིན་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རོལ་དབྱངས་ཆེད་མཁས་མཐུན་ཚོགས་ཀྱི་འགན་འཛིན། རྨ་ཆུ་དམངས་གླུ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན།

ཁོང་གི་ཚབ་མཚོན་བརྩམས་ཆོས་ལ་བཀྲ་ཤིས་པའི་ཁ་བཏགས་དང་། ཨ་ཞང་ལོ་ལོ། རྩྭ་ཐང་གི་འབྲོག་གླུ། གྲོགས་པོ་སོགས་དམངས་གླུ་དང་གླུ་གཞས་འགྲེམས་སྤེལ་བྱས་ཏེ་བོད་གཞིས་བྱེས་བོད་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese