མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་ཡེན་ཅེས་ནག་ཉེས་ངོས་ལེན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་དུང་ཕྱུར་ ༣། ༤༣ ལྐོག་རྔན་བླངས་ཡོད་པའི་མིང་འོག་ནས་ཁྲིམས་ར་འཚོགས་ནས་ཞིབ་བཤེར་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་ཡེན་ཅེ། པར། AP

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་ཡེན་ཅེ་ (Wu Yingjie)ཡིས། དམར་ཤོག་ཚོགས་པར་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་སོགས་ཀྱི་ཉེས་མིང་འོག་ནས་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་གིས་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཟུར་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་དུང་ཕྱུར་ ༣། ༤༣ གྱི་ལྐོག་རྔན་བླངས་ཡོད་པའི་མིང་འོག་ནས་ཁྲིམས་ར་འཚོགས་ཏེ་ཞིབ་དཔྱོད་བྱེད་སྐབས་ནག་ཉེས་ངོས་ལེན་བྱས་ཡོད་ལུགས་བསྒྲགས་འདུག

ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ ཟླ་ ༢ བར་ཝུ་ཡེན་ཅེ་ཡིས་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོགས་ཚོགས་པའི་རྒྱུན་ལས་དང་།  དྲིལ་བསྒྲགས་འགན་འཛིན། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ། དམར་ཤོག་སྲིད་གཞུང་གི་ཚོགས་གཙོ་གཞོན་པ་སོགས་བྱས་ཡོད་ཅིང་། ཁོས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་དབང་ཆ་བཟུང་བའི་ལོ་དུས་ནང་དཔལ་འབྱོར་དང་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ནུས་ཤུགས་བཏོན་ཡོད་ཀྱང་།  དཔལ་འབྱོར་གོང་མཐོར་གཏོང་བའི་གོ་རིམ་ཁྲོད། ཁྲིམས་ལུགས་གང་ལའང་བརྩི་འཇོག་མི་བྱེད་པར་ཉེས་མེད་བོད་མི་བསད་པ་དང་། མནར་གཅོད་བཏང་བ། བཙན་འཁྲིད་བྱས་པ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད། དེ་བཞིན་ཁོས་བོད་ནང་དབང་ཆ་འཛིན་སྐབས་བོད་ནང་གི་བུད་མེད་མང་པོ་ཞིག་གི་སྐྱེ་སྒོ་བཙན་གྱིས་བཀག་པ། བུད་མེད་ཚོའི་མངལ་བཙན་གྱིས་ཤོར་དུ་བཅུག་ཡོད་ལ། བོད་མིའི་ཆོས་སྲིད་གཉིས་ཀྱི་ཐོབ་ཐང་ལ་དམ་དྲག་བྱས་ཡོད་པ་མ་ཟད། བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་བཏང་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༧ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་བོད་རང་སྐྱོང་ལྗོངས་ཏང་གི་རྒྱུན་ལས་ལྷན་ཚོགས་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་ཡོད་ཅིང་། སྐབས་དེར་ཁོས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཆབ་སྲིད་ཀྱི་བསམ་བློ་གོང་འཕེལ་དུ་བཏང་ནས་མི་མང་གི་སྣེ་ཁྲིད་དེ། སྤྱི་ཡོངས་ནས་འཆར་འགོད། རྩ་བ་དང་རྨང་གཞི་བརྟན་དུ་གཏོང་བ། རྩ་བ་གཙང་མ་བརྟན་སྲུང་བྱས་ཏེ་རྒྱ་ནག་དམར་ཤོག་གི་ལས་དོན་ལ་དམ་འཛིན་ནན་ཏན་གྱིས། ཁ་བྲལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སློང་ཤུགས་ཆེན་དང་མཐའ་མཚམས་སྲ་བརྟན། སྤྱི་ཚོགས་བདེ་འཇགས་སོགས་ལ་འགན་ལེན་ཐུབ་པ་བཅས་བྱས་ནས་རང་འགུལ་གྱིས་བརྟན་བརླིང་སྲུང་བར་སྲུང་སྐྱོབ་དགོས་ལུགས་དང་། རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ལུགས་སོགས་བཤད་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་དཔོན་ངན་གྲངས་ ༤༠ ཐེར་འདོན་བྱས་ཏེ། ཨ་རིའི་ནང་ཡོད་པའི་ཁོ་ཚོའི་རྒྱུ་དངོས་གཞུང་བཞེས་གཏོང་བའི་དཔལ་འབྱོར་ཉེས་ཆད་བཅད་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ཚུད་ཡོད་སྟབས།  ཁོའི་ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ནང་ཨ་རིའི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་སྟེ། བོད་པའི་བྱིས་པ་རྣམས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སྲོལ་རྒྱུན་སོགས་ལས་ཁ་བྲལ་དུ་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྟབས། སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་ཡེན་ཅེ་ལ་ཉེས་ཆད་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིན་གྱི་གཙོ་སྐྱོང་འོག དབུས་ཆབ་སྲིད་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ཏེ་རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་ཞེས་པ་གསར་འཛུགས་བྱ་རྒྱུའི་གཏན་འབེབས་བྱས་ཏེ། དབུས་གཞུང་གིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་དང་འབྱུང་འགྱུར་གྱི་ལས་དོན་སྤྱི་ལེགས་བཅོས་བྱེད་དགོས་པའི་ཐག་གཅོད་འོག རྒྱ་ནག་ནང་དང་བོད་སོགས་བཙན་བཟུང་འོག་ཡོད་པ་ཚང་མར་ལྐོག་ཟ་རུལ་སུངས་དང་གཞུང་དངུལ་ལོག་སྤྱོད། རྒྱས་སྤྲོས་བག་མེད་སོགས་ཀྱི་ཉེས་མིང་འོག དབུས་ས་གཉིས་ནས་དཔོན་རིགས་མང་པོར་ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། སྤྱི་ཡོངས་ནས་མང་ཚོགས་ཁྲོད་བྱ་འགུལ་དེ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་།

དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་ཁྲིད་གཞོན་པ་ཀྲང་ཡོང་ཙི་དང་། དྲིལ་བསྒྲགས་ལྷན་ཁང་གི་རྒྱུན་ལྷན་ཚོགས་གཙོ་གཞོན་པ་ཝང་ནིན་ཧྲིན། བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་ཁང་གི་རྒྱུན་ལྷན་ཚོགས་གཙོ་གཞོན་པ་ཡང་ཀང་མིན་བཅས་ལས་གནས་ནས་གནས་དབྱུང་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་  ༢ ཚེས་ ༣ ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དཔོན་པོ་གཞོན་པ་ཡེ་ཤེས་རྡོ་རྗེ་དང་།  ཕྱི་ལོ་ ༢༠༢༢ ལོའི་ཟླ་  ༡༡ ཚེས་ ༢༤ ཉིན་ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཚེ་རིང་འགྱུར་མེད།  དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་མཚོ་ཤར་དང་མཚོ་ནུབ་ཁུལ། སྐྱེ་རྒུ་མདོ་ཁུལ་སོགས་སུ་ལོ་ངོ་ ༣༣ ལྷག་ཙམ་རིང་མགོ་ཁྲིད་བྱས་མྱོང་བའི་རྒྱ་དཔོན་ཝུན་གོ་ཏུང་ཟེར་བ་སོགས་ཚུད་པའི་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་མང་དག་ཅིག་ལ་ཞིབ་བཤེར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese