མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ཁུལ་དུ་ཞི་འགྲིག་ཡོང་ཐབས་ཐད་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐུག་འཕྲད་ཐེངས་ ༣༣ པའི་ཐོག་ཧིན་བོད་མཐའ་མཚམས་ཁུལ་དུ་ཞི་འགྲིག་དང་བརྟན་བརླིང་ཡོང་ཐབས་ཀྱི་ཐད་ལ་གླེང་སློང་གནང་འདུག

India and China held a high-level meeting in Beijing on Tuesday where both sides discussed the boundary issue. Photo:NDTV

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྐུ་ཞབས་གྷུ་རང་དྷལ་(Gourangalal Das)  མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་རྒྱ་མཚོ་དང་རྒྱལ་མཚམས་ལས་དོན་གྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐུག་འཕྲད་ཀྱིས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་(LAC) གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཏེ། ས་ཐིག་གི་རྒྱུན་དུ་གནས་པའི་ཆུ་བོ་དང་གངས་རིན་པོ་ཆེ་སོགས་རྒྱལ་མཚམས་ལས་བརྒལ་བའི་མཉམ་ལས་དང་བརྗེ་རེས་ཀྱི་ལས་རིམ་ཁག་སྔ་ས་ནས་སླར་གསོ་བྱེད་པར་མོས་མཐུན་བྱུང་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། ཕྱོགས་གཉིས་ཀྱིས་སྔོན་དུ་གྲོས་མཐུན་བྱུང་བ་དོན་འཁྱོལ་བྱེད་སླད། ཕྱོགས་ཡོངས་དང་གཏིང་ཟབ་པའི་བསམ་ཚུལ་བརྗེ་རེས་བྱས་ཏེ་བསྐྲུན་འཛུགས་རང་བཞིན་གྱི་མཉམ་ལས་དང་མདུན་ཕྱོགས་ལ་བལྟས་ཏེ་གྲོས་མོལ་བྱས་ཡོད་ཅིང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཐོག་ནས་མཐའ་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་བྱས་ཏེ། མཉམ་ལས་ཀྱི་ཐོག་ནས་ཁུལ་དེར་བརྟན་བརླིང་ཡོད་ཐབས་ཐད་གླེང་སློང་བྱས་སྐོར་སོགས་བརྗོད་འདུག

ད་ལན་རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐུག་འཕྲད་སྐབས། ཧིན་བོད་མཐའ་མཚམས་ཁུལ་གྱི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཞི་འགྲིག མཉམ་ལས་ཀྱི་ནུས་པ་བསྐྱེད་ནས་ཁུལ་དེར་བརྟན་བརླིང་དང་ཞི་འཇགས་ཡོང་ཐབས་ལ་སོགས་པའི་ཕྱོགས་གཉིས་ཀྱི་རྩོད་གླེང་བྱེད་མུས་ཡིན་པའི་ཧིན་བོད་མཐའ་མཚམས་ཁུལ་སོགས་ཞི་འཇམ་ཡོང་ཐབས་དང་། འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་ (Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་(Wang Yi) གཉིས་ཐུག་འཕྲད་སྐབས། གངས་རིན་པོ་ཆེར་གནས་མཇལ་འགག་སྒོ་ཁག་སླར་གསོ་བྱ་རྒྱུ་ཡིན་པ་སོགས་དང་འབྲེལ་པའི་དོན་ཚན་དྲུག་ཅན་ཞིག་ལ་མོས་མཐུན་བྱུང་ཡོད་པ་སོགས་ཀྱི་ཐད་ལའང་གླེང་སློང་བྱས་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་(Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཀྱི་སྣེ་འཁྲིད་པའི་ཚོགས་ཆུང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་རྩོད་གླེང་ཞི་འཇགས་ཡོང་ཐབས་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཡར་རྒྱས་གཏོང་ཐབས་ཚུད་པའི་དོན་ཚན་དྲུག་ལ་མོས་མཐུན་བྱུང་ཡོད་ལ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་ (Vikram Misri) མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་དང་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་སྐྱེད་ཐབས་དང་འབྲེལ་ལམ་སྲ་བརྟན་ཡོང་ཐབས་ཟེར་བ་ཞིག་གི་འོག་ནས། འདི་ལོའི་དབྱར་དུས་ནས་རྒྱ་ནག་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་གཏང་རྒྱུ་དང་། རྒྱ་དཀར་ནག་གཉིས་ཀྱི་མཁའ་ལམ་སྒོ་ཕྱེ་ནས་གནམ་གྲུ་ཤར་གཏོང་བྱ་རྒྱུ་སོགས་ཚུད་པའི་མཉམ་ལས་ཀྱི་ཐད་ལ་གྲོས་མཐུན་བྱུང་ཡོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན་འཁོན་འཛིང་ཆེ་རུ་ཕྱིན་ཏེ། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར། དེ་བཞིན་ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་བྱུང་སའི་འབྲོག་ལམ་ཁུལ་དུ། ཉུང་མཐར་ཡང་དུད་ཚང་ ༢༢ ཅན་གྱི་གྲོང་ཚོ་ཞིག་གསར་འཛུགས་ཀྱིས་ཁུལ་དེར་བརྟན་སྲུང་དང་འབྲུག་རྒྱལ་ཁབ་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་གང་ཐུབ་བྱེད་མུས་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༦ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese