མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་དམ་པའི་བརྩམས་ཆོས་ཁག་ཅིག་ཐའེ་པེ་རྩོམ་རིག་དུས་ཐོག་སྟོན་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་ཐའེ་པེ་རྩོམ་རིག་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཁག་ཅིག་སྟོན་འཆར་འདུག

ཕྱི་ལོ་ ༢༠༢༥ ལོའི་ཐའེ་པེ་རྩོམ་རིག་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཁག་ཅིག་སྟོན་འཆར་འདུག

ཐའེ་པེ་གྲོང་ཁྱེར་ཤེས་རིག་ལས་ཁུངས་དང་ཐའེ་ཝན་གློག་བརྙན་ཤེས་རིག་ལྷན་ཚོགས་སོགས་ཀྱི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཕྱི་ཟླ་ ༦  ཚེས་ ༥ བར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གློག་བརྙན་ཁང་དུ། ཕྱི་ལོ་ ༢༠༢༥ ལོའི་ཐའེ་ཝན་རྩོམ་རིག་དུས་སྟོན་འཚོགས་གཏན་ཁེལ་ཡོད་ཅིང་། ཐེངས་འདིའི་རྩོམ་རིག་དུས་སྟོན་ཐོག་ཨ་རིའི་རྩོམ་པ་པོ་གྲགས་ཅན་འདས་པོ་པུལ་ཨུ་སི་ཌིར་ (Paul Auster) ལགས་དང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་རྣམ་གཉིས་ཀྱི་གློག་བརྙན་བརྩམས་ཆོས་ཁག་ཅིག་སྟོན་འཆར་ཡོད་འདུག

རྩོམ་རིག་དུས་སྟོན་སྐོར་ལ་ཐའེ་པེ་རྩོམ་རིག་དུས་སྟོན་དྲ་ལམ་དུ། རྩོམ་རིག་གི་བརྗོད་གཞིའི་ཐོག་ཏུ་ཐའེ་པེ་རྩོམ་རིག་དང་གློག་བརྙན་དུས་སྟོན་གྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྩོམ་རིག་དང་གློག་བརྙན་བར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་བའི་རེ་བ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༤ ནས་བཟུང་དུས་སྟོན་ནས་རིམ་པ་བཞིན་ཇུ་རཱ་སི་དང་།(Jurass)  ཀཱ་ཧྥ་ཀ་ (Kafka) དང་པ་སོ་ལི་ནི།(Pasolini) ཡུ་ཀི་ཨོ་མི་ཤཱི་མ་ (Yukio Mishima)དང་བྷོབ་ཌི་ལན།(Bob Dylan) ཤུ་ཇི་ཊེ་ར་ཡ་མ།(Shuji Terayama) ཕུ་རོ་སི་ཊི་(Proust) དང་ཨན་ཇེ་ལོ་ཕུ་ལོ་སི།(Angelopoulos) སི་མོན་ཌི་བྷོ་ཝུ་ཨར།(Simone de Beauvoir) ཨན་ཨི་ནོལཊ་ (Anne Ainault )དང་ན་གི་ས་ཨོ་ཤི་མ་(Nagisa Oshima)སོགས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། རྩོམ་རིག་དང་གཟུགས་བརྙན་གྱི་ཕན་ཚུན་མཚོན་ཐབས་བརྒྱུད་ནས་དུས་སྟོན་གྱི་འགྲེམས་སྟོན་ཁྲོད།  བརྩམས་ཆོས་ཀྱི་རྒྱབ་ལྗོངས་གཏིང་ཟབ་པའི་གོ་དོན་ལ་ཞིབ་འཇུག་བྱས་ཡོད་པ་མ་ཟད། ལྟད་མོ་བ་རྣམས་ཀྱི་རྩོམ་རིག་གློག་བརྙན་གྱི་མཐོང་རྒྱ་ཆེ་རུ་བཏང་ཡོད། ཅེས་བཀོད་འདུག

ཡང་དེ་འབྲེལ་ཡོངས་བསྒྲགས་ནང་འཆར་བཀོད་བྱེད་མཁན་ཞིག་གི་ངོས་ནས།  འདི་ལོའི་གློག་བརྙན་དུས་སྟོན་འཆར་འགོད་སྐབས་དོན་དངོས་ཐོག་ཧ་ཅང་སེམས་འཚབ་དང་ཐེ་ཚོམ་བྱུང་། ཕྱི་ལོ་ ༢༠༢༤ ནས་ ༢༠༢༥ བར་འཛམ་གླིང་གི་གནས་སྟངས་དེ་མུ་མཐུད་འཁྲུག་ཆ་དོད་པོར་གནས་ཡོད་ཅིང་།   ཡུག་ཁུ་རེན་དང་ཨུ་རུ་སུ་བར་གྱི་དམག་འཁྲུག་དང་།  དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག མཚོ་འགག་གི་གནད་དོན་བཅས་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་ལ། དེ་བཞིན་ལྷོ་བྱང་ཀོ་རི་ཡ་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། འདི་ལྟ་བུའི་ཟིང་འཁྲུག་ཆེ་བའི་དུས་སྐབས་སུ། གློག་བརྙན་དུས་སྟོན་ཞིག་གིས་ལྟད་མོ་བ་རྣམས་ལ་ཅི་ཞིག་སྤྲོད་ཐུབ་བམ། རྩོམ་རིག་གློག་བརྙན་གྱིས་ཅི་ཞིག་སྤྲོད་ཐུབ་བམ། ང་ཚོས་ད་ལྟའི་སེམས་འཚབ་ལ་གདོང་ལེན་བྱེད་ཐུབ་པ་ཞིག་རེད། ཅེས་བཀོད་འདུག

དུས་སྟོན་དེའི་ངོ་སྤྲོད་ནང་པདྨ་ཚེ་བརྟན་ལགས་དམ་པ་ཁོང་ནི་བོད་ཀྱི་རྩོམ་པ་པོ་དང་། འཁྲབ་གཞུང་རྩོམ་མཁན། གློག་བརྙན་འཁྲབ་ཁྲིད་པ། དེང་རབས་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན་ཞིང། ཁོང་གི་གློག་བརྙན་བརྩམས་ཆོས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཏུ་གཟེངས་རྟགས་ཐོབ་སྟེ། རྒྱལ་སྤྱིའི་ཐོག་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱེད་མཁན་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅེས་དང་། དམ་པ་ཁོང་གིས་ངས་དངོས་ཡོད་ལ་འགྱུར་བ་གཏོང་འདོད་མེད་ལ། དངོས་ཡོད་ལ་མཛེས་སྤྲས་ཀྱང་བྱེད་འདོད་མེད། ང་ད་ལྟའི་བོད་མིའི་གནས་སྟངས་དང་སྐད་ཡིག་ཐོག་དོ་སྣང་བྱེད་མཁན་རྣམས་ཀྱི་མིག་མདུན་དུ་མངོན་པར་འདོད། ཅེས་བརྗོད་པ་བཞིན། ཁོང་གི་བརྩམས་ཆོས་ཀྱིས་བོད་མིའི་འཚོ་བ་དང་རིག་གཞུང་གི་དངོས་ཡོད་མཚོན་ཐུབ་ཡོད་པས་མིང་གྲགས་ཆེ་ལ། ཁོང་གི་བརྩམས་ཆོས་ནི་བོད་མིའི་སྲོལ་རྒྱུན་ལས་བརྒལ་ཏེ། འཚོ་བ་དཀྱུས་མའི་སྒྲུང་གཏམ་བརྒྱུད་དངོས་ཡོད་ཀྱི་འཚོ་བ་དང་དད་མོས་གསལ་སྟོན་བྱས་ཡོད་ལ། ཁོང་གི་གཏིང་ཟབ་པའི་བརྙན་རིས་ཀྱི་བསམ་གཞིགས་བརྒྱུད་མི་སྣའི་ནང་སེམས་དང་བོད་མིའི་རིག་གཞུང་གི་ངོ་བོ་གསལ་སྟོན་གནང་ཡོད། ཅེས་བཀོད་འདུག

དེ་བཞིན་ཉེ་ལམ་འདས་གྲོངས་ཕྱིན་པའི་ཨ་རིའི་དེང་རབས་རྩོམ་རིག་ནང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་བྱེད་པའི་པུལ་ཨུ་སི་ཌིར་ནི་སྒྲུང་གཏམ་རྩོམ་མཁན་དང་། སྙན་ངག་པ། འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་འཁྲབ་སྟོན་པ་སོགས་ཀྱི་ལས་ཀ་གཉེར་ཡོད་ཅིང་། ཁོང་ལ་ཧྥ་རན་སིའི་མེ་ཌི་སི་རྩོམ་རིག་གཟེངས་རྟགས་ཐོབ་མྱོང་བ་མ་ཟད། ཁོང་གི་ཚབ་མཚོན་བརྩམས་ཆོས་ཟླ་བའི་ཕོ་བྲང་དང་། སྒྱུ་མའི་དཔེ་ཆ། གྲོང་ཁྱེར་མཐའ་མ། མུན་པའི་ཁྲོད་ཀྱི་མི་སོགས་ཡོད། ཁོང་གི་བརྩམས་ཆོས་ཁྲོད་ཁེར་རྐྱང་དང་སྤྱི་ཚོགས། སེམས་ཁམས་དང་དངོས་པོ། རང་ཉིད་དང་གཞན་བཅས་ཀྱི་གོ་དོན་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཡོད། ཅེས་བཀོད་འདུག

ཐེངས་འདིའི་དུས་སྟོན་ཐོག་པདྨ་ཚེ་བརྟན་ལགས་དམ་པའི་གློག་བརྙན་བརྩམས་ཆོས་གསའ་དང་། དབུགས་ལྒང་། སྦྱིན་པ། ཐར་ལོ། གཡང་མདའ། འཚོལ། ཁྱི་རྒན། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། དེ་བཞིན་ཁོང་གིས་ཕབ་སྐྲུན་བྱེད་པའི་གློག་བརྙན་གཅིག་དང་བཞི་བཅས་གཟུགས་འབུལ་ཞུ་རྒྱུ་ཡིན་འདུག

ཐའེ་པེ་རྩོམ་རིག་དུས་སྟོན་ནི་ཕྱི་ལོ་ ༢༠༠༨ ལོ་ནས་མགོ་བཙུགས་པའི་ལོ་རེའི་དཔྱིད་ཀའི་རྩོམ་རིག་དུས་སྟོན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ནས་བཟུང་ལས་གཞི་རྒྱ་ཆེ་རུ་ཕྱིན་སྟེ། ཐའེ་པེ་གྲོང་ཁྱེར་གྱི་སྒྱུ་རྩལ་དང་རིག་གཞུང་ཚོགས་པ་མང་པོ་མཉམ་འབྲེལ་གྱིས་བགྲོ་གླེང་དང་། དཔེ་དེབ་ཀློག་འདོན། བརྙན་རིས་འགྲེམས་སྟོན་སྣ་མང་། གློག་བརྙན་ཁྲིད་སྟོན། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་ཡིག་རྩོམ་པ་པོ་མཉམ་དུ་བགྲོ་གླེང་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese