མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་གྱི་རོགས་ཚོགས་ཤིག་གིས་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཇར་མན་གྱི་རོགས་ཚོགས་ (Friedrich Naumann Foundation for Freedom South Asia) ཀྱི་འཐུས་མི་ཁག་ཅིག་དང་། ཝེ་ཐི་ནམ་རིགས་ལམ་སློབ་གཉེར་ཁང་གི་སློབ་མ་གྲངས་ ༦༠ གཙོས་དད་ལྡན་མི་ཚོགས་གྲངས་ ༥༣༠ ཙམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རོགས་ཚོགས་ཤིག་གི་སྐུ་ཚབ་རྣམས་ལ་མཇལ་ཁ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༤།༢༨

འཇར་མན་གྱི་རོགས་ཚོགས་(Friedrich Naumann Foundation for Freedom South Asia) གསར་འཛུགས་གནང་མཁན་དང་ཨོ་སི་ཊོ་རི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་ཡེ་དྷེང་ལིར་(Veit Dengler) ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཞི་བདེ་འདོད་མཁན་གྱི་ཆོས་ཀྱི་དེད་དཔོན་ཞིག་རེད། མགོན་པོ་གང་ཉིད་ཀྱིས་གསུངས་པ་བཞིན་ཁོང་ཉིད་དགུང་ལོ་ ༡༡༣ ལྷག་བཞུགས་རྒྱུའི་སྨོན་ལམ་འདེབས་ཀྱིན་ཡོད། མཇལ་ཁ་ཞུ་སྐབས་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་ནས་དམིགས་བསལ་བཀའ་སློབ་སྩལ་མ་སོང་། ཞེས་དང་། ད་ལན་གྱི་ཕྱོགས་སྐྱོད་འདི་དང་བསྟུན་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་དང་མཇལ་འཕྲད་བྱས་ཏེ་སྟེ་བོད་མིའི་དཀའ་ངལ་དང་། བཙན་བྱོལ་བོད་མིའི་གནས་བབ། བོད་ཀྱི་རིག་གཞུང་སོགས་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

དེ་བཞིན་རོགས་ཚོགས་དེའི་ཚོགས་མི་དང་ཡུ་རོབ་རང་དབང་དམངས་གཙོ་ཚོགས་པའི་(FDP) ཕྱི་སྲིད་མགྲིན་ཚབ་པ་ལྕམ་ཨེ་ལི་ན་(Alena FInk-Trauschek MdL) ལགས་ཀྱིས་འདི་གའི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་གནད་དོན་དག་ཤེས་ནས། དེ་རིང་དངོས་སུ་ཁོང་ཉིད་མཇལ་སྐབས་སྔར་མེད་ཀྱི་ཚོར་སྣང་དམིགས་གསལ་ཞིག་དང་སེམས་འགུལ་ཐེབས་སོང་། སླད་མར་༧མགོན་པོ་གང་ཉིད་ལ་སྐུ་བགེགས་གང་ཡང་མེད་པའི་སྨོན་ལམ་བཏབ་ཡོད་སྐོར་དང་། ངས་ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ལས་ཚད་མེད་བསྐྱོན་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་གནང་བར་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་སྟབས། ངས་གོ་སྐབས་འདི་བརྒྱུད་ནས་མགོན་པོ་གང་ཉིད་ལ་ཐུགས་རྗེ་ཆེ་ཞུ་ན་འདོད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ལྷོ་ཨེ་ཤ་ཡའི་འཇར་མན་གྱི་རོགས་ཚོགས་(Friedrich Naumann Foundation for Freedom South Asia) ཡི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་དང་། བཙན་བྱོལ་བོད་མིའི་གནས་སྟངས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་ཀྱི་ཐད་ལ་རྒྱུས་ལོན་གནང་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོར་བོད་མིའི་འཇར་མན་རོགས་ཚོགས་ (Friedrich Naumann Foundation for Freedom) ཀྱི་སྐུ་ཚབ་ཚོགས་ཆུང་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད།  ཉིན་རྒྱབ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེས། བོད་དོན་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese