མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཡི་སེམས་ངོར་འཆར་བའི་ནང་ཆོས།

བློ་རབ།
༢༠༢༥/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། རྔ་བ་བློ་བརྟན།
རྩོམ་ཁུངས། བོད་ཀྱི་དུས་བབ།

རྫུན་པ་འབུམ་གྱི་སྤྲིན་རིམ་ལས་བྱོན་པའི།།
བདེན་པའི་ཉི་མ་དོན་དམ་འོད་པོ་ཆེ།།
གྲང་འཁྱག་ཀློང་ལ་འཁྱུག་ཙམ་ཕོག་པའི་མཐུས།།
བདག་སེམས་དྲོས་པའི་ཁ་བརྡ་འདི་ན་ལུད།།

བོད་པ་མང་བོ་ཞིག་གི་བསམ་བློར་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡོང་དུས་སྨོན་ཡུལ་ཞིག་དང་། རང་དང་ཁ་ཐག་ཆེས་རིང་བའི་ལྷ་འམ་སྐྱབས་གནས་ཤིག་ལ་སེམས་ཀྱིན་ཡོད། སངས་རྒྱས་ནི་མི་ལས་སྟོབས་དང་ནུས་པ་ཆེ་ཞིང་དེ་ལ་གསོལ་བ་བཏབ་ན། རང་ལ་མགོན་སྐྱབས་གནང་སྟེ་བར་ཆད་སེལ་ཞིང་། སངས་རྒྱས་ཀྱི་འཁོར་དུ་སྐྱེ་ཐུབ་སོང་ན། དེར་ཟས་གོས་རང་གྲུབ་ཀྱི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་སེམས་ལ་འཁོར་བཞིན་ཡོད། ཞིང་དེར་སྐྱེ་ཐུབ་པ་འམ་རང་གི་མི་ཚེ་དང་ནང་མི་སོགས་ལ་ཚེ་འདིར་བར་ཆད་མེད་པ་དང་། བསམ་དོན་འགྲུབ་ཕྱིར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་ལ་མཆོད་འབུལ་སོགས་དགེ་བའི་ལས་སྣ་ཚོགས་ལ་འབད་མུས་ཡིན། དེ་ལྟར་བྱེད་མཁན་ཚོས་རང་ཉིད་ནང་པ་ཡིན་བསམ་པ་དང་། རང་ཉིད་ནས་ཀྱང་ནང་ཆོས་ཉམས་ལེན་བྱེད་བཞིན་ཡོད་པར་འདོད།

ཐོག་མར་ཤེས་དགོས་པ་ཞིག་ལ། སྤྱིར་བཏང་བྱས་ན། སངས་རྒྱས་བཅོམ་ལྡན་འདས་ནི་ལོ་་༢༦༠༠ སྔོན་འཁྲུངས་པའི་མི་ཞིག་རེད། ཁོང་ནི་མི་རིགས་རྒྱ་གར་ཡིན་ཞིང་རྒྱལ་བོའི་ཟས་གཙང་གི་སྲས་སུ་འཁྲུངས། འཁྲུངས་ས་དེ་དེང་སང་གི་དབང་བྱས་ན་བལ་ཡུལ་གྱི་ལུམ་བྷའི་གནས་རེད། ཆུང་དུས་ནས་ལོ་ངེས་ཅན་རིང་མི་བཏང་གི་འཚོ་བ་རོལ་ཏེ། རྒྱལ་སྲིད་བཟུང་ཞིང་བཙུན་མོ་བླངས་ཏེ་བུ་གུ་ཡང་སྐྱེས། བུ་གུའི་མིང་ལ་དགྲ་གཅན་འཛིན་ཟེར། རེད་དེ། ཁོང་གིས་རྒྱལ་སྲིད་བཟུང་སྟེ་ལོ་གང་འཚམ་ཕྱིན་རྗེས། རྒྱལ་སྲིད་བཟུང་བའི་རིང་ཕན་ཚུན་འགྲན་སེམས་ཁོན་སེམས་དང་། ང་རྒྱལ་ཕྲག་དོག་གིས་དུས་འདའ་བ་ཞིག་ཡིན་ཞིང་། ཕོ་བྲང་གི་ཕྱི་ལོག་ན་ཟས་གོས་གནས་མལ་གྱིས་འཕོངས་པའི་དཀའ་ངལ་དང་། སྐྱེ་རྒ་ན་འཆི་སྡུག་བསྔལ་སོགས་མི་མཐོ་དམན་ཚང་མའི་ཐོག་ལ་ཡོང་ངེས་ཡིན་པས། དེ་དག་ལས་ཐར་བ་ཐོབ་ཕྱིར་མུ་མཐུད་དུ་རྒྱལ་སྲིད་འཛིན་འདོད་མེད་པར་གྱུར་ཏེ་རབ་ཏུ་བྱུང་ཞིང་། དེ་ནས་དཀའ་བྱེད་སྡུག་རུས་ཀྱི་ལོ་མང་རིང་སྒོམ་ཉམས་ལེན་གྱིས་ཉོན་མོངས་ལ་ཁ་གཏད་དང་། སེམས་ཀྱི་གནས་ལུགས་ངོ་མ་ཅི་ཡིན། ཉོན་མོངས་ཀྱི་རྩ་བ་གང་ལ་ཐུག་པ་དང་། དེ་རྩ་བ་ནས་སྤང་ཐུབ་པ་ཡོད་མེད། མཐར་ཐུག་གི་བདེ་བ་ཁྱད་པ་ཞིག་སྐྱེ་རྒྱུ་ཡོད་མེད་ལ་རྟོགས་པ་འཁྲུངས་ཏེ། གཞི་ནས་ཉོན་མོངས་རྩ་བ་ནས་སྤང་རྒྱུ་ཡོད་པ་མ་ཟད། མཐར་ཐུག་གི་བདེ་བ་ཁྱད་པ་ཞིག་གམ་སེམས་ཀྱི་གནས་ལུགས་གང་ཡིན་པ་མངོན་དུ་འགྱུར་རྒྱུ་ཡོད་པ་རྟོགས་པ་དང་། སེམས་ཀྱི་གནས་ལུགས་དེ་མངོན་དུ་གྱུར་ཞིང་། དེའི་བདེ་བ་ལ་རོལ་བ་ནི་སངས་རྒྱས་པའོ། དེ་ལྟར་ན། སངས་རྒྱས་ཟེར་བའི་དོན་ཡང་སེམས་ཀྱི་གནས་ལུགས་མངོན་དུ་འགྱུར་བའི་དོན་ལས་མ་འདས་སོ།།

སེམས་ཀྱི་གནས་ལུགས་མངོན་དུ་ཇི་ལྟར་གྱུར་བའི་རིམ་པ་དང་། གོ་རིམ། ཁྱད་ཆོས། ཉམས་ལེན་བྱེད་སྟངས་སོགས་གསུང་བ་དེ་ལ་སངས་རྒྱས་ཀྱི་གསུང་ངམ་ནང་ཆོས་ཟེར། སངས་རྒྱས་ཀྱིས་སློབ་མ་རྣམས་ལ་ཡོངས་གྲགས་སམ་རྒྱ་ཆེ་ས་ནས་ནང་ཆོས་ཐེངས་གསུམ་གསུང་པ་དེ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཟེར། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་དུ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་པའི་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་ཤིང་། གཞི་དངོས་པོའི་གནས་ལུགས་ནས་ལམ་བགྲོད་པའི་རིམ་པ། འབྲས་བུ་སངས་རྒྱས་ཀྱི་གོ་འཕངས་བར་དུ་ཞིབ་ཚགས་ཀྱིས་དབྲལ་ཏེ་གཏན་ལ་ཕབ་ཅིང་། གོ་རིམ་དེའི་ཁྲོད་དུ་སྐྱེ་བ་སྔ་ཕྱི་དང་། ལས་འབྲས། དགེ་སྡུག་གི་རྣམ་གཞག་སོགས་བཤད་དེ། མི་རྣམས་ལ་བླང་དོར་གྱི་གནས་མང་པོ་བསྟན་ནས། རང་གི་ལུས་ངག་ཡིད་གསུམ་ལ་སྟངས་འཛིན་བྱེད་བཞིན་ཡོད། ཁམས་གསུམ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་འཁོར་བ་ནི་སྙིང་བོ་མེད་པར་འགྲེལ་ལ། ཐ་ན་རང་ཉིད་ཀྱང་སྐྱེ་རྒ་ན་འཆིའི་བདག་ཉིད་ལས་མ་འདས་པས། འཁོར་བའི་གནས་ལས་ཐར་ཏེ་གཏན་གྱི་བདེ་བ་འཐོབ་པར་སྐུལ་མ་གཏོང་གི་ཡོད། དེར་བརྟེན་ནང་ཆོས་ཀྱིས་ནམ་ཡང་འཇིག་རྟེན་འདི་འམ་འཁོར་བ་འདི་ནས་དགྲ་འདུལ་གཉེན་སྐྱོང་དང་། འཇིག་རྟེན་འཕེལ་རྒྱས་ཀྱི་བྱ་སྤྱོད་ཚང་མ་དོར་བྱ་རེད། ནང་ཆོས་ཀྱིས་འཇིག་རྟེན་གྱི་འཁོར་ཕྱོགས་ལ་ཁ་གཏད་བཅག་སྟེ། དེ་ལས་ལྷག་པའི་སེམས་ཀྱི་བདེ་བའམ་གནས་ཁྱད་པ་ཞིག་ལ་སྙེག་བཞིན་ཡོད།

རང་རེས་བོད་གངས་ཅན་ལྗོངས་ལ། ནང་ཆོས་དུས་རབས་བདུན་པ་ནས་དར་འགོ་ཚུགས་ཏེ་ད་བར་ལོ་ངོ་༡༣༠༠ ཡས་མས་འགྲོ་བཞིན་ཡོད། དེའི་རིང་དུ་ནང་ཆོས་བོད་དུ་ས་ཁྱབ་རྡོ་ཁྱབ་བྱུང་སྟེ། ཆོས་བརྒྱུད་མི་འདྲ་ལྔ་ཡིས་རང་རང་ས་ནས་ནང་ཆོས་དར་སྤེལ་བྱས་ཡོད། བོད་དུ་གྲྭ་བ་དང་བཙུན་མ་ཁྲི་ཕྲག་བརྒལ་བ་བྱུང་བ་མ་ཟད། ཤེས་ཚོད་ལ་བོད་ཁམས་ཡོངས་སུ་དགོན་པ་དྲུག་སྟོང་ལས་བརྒལ་བ། གཙུག་ལག་ཁང་བརྒྱ་ཕྲག་བཞེངས་སྐྲུན་བྱས་ཡོད། དགོན་པ་དང་གྲྭ་བཙུན་དེ་དག་ལ་བོད་རྒྱ་ཆེའི་མི་མང་གིས་བསྙེན་བཀུར་ཞབས་ཏོག་བསྒྲུབས་ཏེ། ཉིན་རེའི་འཚོ་བའི་ཁྲོད་ཀྱི་དཔལ་འབྱོར་གྱི་འགྲོ་སོང་ངེས་ཅན་ཞིག་ཆོས་ཕྱོགས་ལ་གཏོང་མུས་རེད། དེ་ནི་སངས་བསྟན་དར་སྤེལ་དང་རྒྱུན་འཛིན་ཁྲོད་དུ་འཁོར་ལོ་གསུམ་གྱི་རྣམ་གཞག་ལས། བྱ་བ་ལས་ཀྱི་འཁོར་ལོའི་ཁོངས་སུ་འདུ་ཞིང་། བྱ་བ་ལས་ཀྱི་འཁོར་ལོའི་དོན་ནི་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་མི་ཐུབ་པའི་མི་སྐྱ་ཚོས། མ་འོངས་པར་བྱེད་ཐུབ་པར་བག་ཆགས་འཇོག་ཕྱིར་རམ་ཚོགས་གསོག་སྒྲིབ་སྦྱོང་ཡིན་པར་འགྲེལ་གྱིན་ཡོད།

ངས་དཔག་ཚོད་ཀྱིས་བལྟས་ན། ནང་ཆོས་ནས་མང་པོ་མང་པོ་ཞིག་བཤད་ཡོང་དུས། རྩ་བ་ཐུག་ས་དེ་སྐྱེ་བ་སྔ་ཕྱི་ཡོད་མེད་དང་། ལས་འབྲས་ཡོད་མེད་ལ་ཐུག་འདུག གལ་ཏེ་སྐྱེ་བ་སྔ་ཕྱི་མེད་པ་དང་ལས་འབྲས་མེད་ན། ནང་ཆོས་ལས་མང་པོ་མང་པོ་ཅི་ཙམ་བཤད་ཀྱང་སྟོང་པ་རེད་འདོད། ནང་པའི་ཚན་མའི་གཞུང་ལས་ད་ལྟའི་ཤེས་པའི་རྒྱུ་ལ་ཤེས་པ་སྔ་མའི་རྒྱུན་བརྒྱུད་ནས་ཡོང་དགོས་པ་ལས། རྒྱུ་གཞན་གྱིས་ཚབ་བྱེད་མི་ཐུབ་པར་བརྗོད་དེ། ཕ་མའི་ཁུ་ཁྲག་འདུས་ཤིང་རྒྱུ་རྐྱེན་མང་པོ་ཞིག་འཛོམས་ཐོག རྣམ་ཤེས་ཀྱིས་སོས་བཏབ་ན་གཞི་ནས་སྐྱེ་བ་བླངས་ཏེ། མི་དང་དུད་འགྲོ་གང་ཡིན་གྱི་ལུས་རྟེན་ཐོབ་ཀྱི་ཡོད། ཤེས་པ་ལ་ཕྲ་རག་མང་པོ་ཞིག་སྐབས་དང་སྐབས་སུ་ཤོད་ཀྱིན་ཡོད་ཀྱང་། གཙོ་བོ་རྣམ་ཤེས་ཀྱི་རྒྱུ་ལ་ཤེས་པ་སྔ་མ་ཞིག་མེད་ན། ད་ལྟ་ཁྱོད་ཀྱི་ལུས་རྟེན་ལ་ཡོད་པའི་ཤེས་པ་དེ་ཡོང་ཐབས་མེད།  ཕ་མའི་ཁུ་ཁྲག་འདུས་ཙམ་གྱིས་སྐྱེ་བ་ལེན་པར་མི་འདོད་ལ། དེའི་ཁར་ཤེས་པ་སྔ་མ་ཞིག་གིས་སོས་བཏབ་དགོས་པ་དེ་ནང་པའི་འདོད་ཚུལ་རེད། ཤེས་པའི་རྒྱུ་ལ་ཤེས་པ་དགོས་པ་དེ་བྲོ་ཡི་རྒྱུ་ལ་བྲོ་དགོས་པ་དང་གཅིག་མཚུངས་ཡིན་ཞིང་། ཤེས་པ་ལ་ཐོག་མཐའ་མེད་ལ་འཛིན་རག་བྲལ་ཏེ། སངས་མ་རྒྱས་ཀྱི་བར་དུ་ཁམས་གསུམ་འཁོར་བར་འཁྱམ་ནས་འགྲོ་དགོས་པ་དེ་ནང་པའི་མི་ཚེའི་ལྟ་སྟངས་རེད། སྐྱེ་པ་སྔ་ཕྱི་དང་ལས་འབྲས་ཡོད་མེད་ཐད་ནས་བཤད་ན། ཤུན་ཏུ་ལྐོག་གྱུར་ཡིན་པས་མངོན་སུམ་དུ་ར་སྤྲོད་དཀའ་ཞིང་། ཡིད་ཆེས་དང་རྒྱུ་མཚན་གྱི་རྗེས་སུ་མི་འགྲོ་རང་འགྲོ་རེད། ཡང་ན་ནི་མ་མཐོང་ན་མེད་པར་འཛིན་རྒྱུ་དེ་རེད། སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་དང་རྒྱུ་མཚན་མང་ཞིང་། སྐྱེ་བ་སྔ་མ་དྲན་པའི་མི་ཡང་མང་པོ་བྱུང་མྱོང་ཡོད། བོད་མི་ཚོས་སྐྱེ་བ་སྔ་ཕྱི་ཡོད་ཤག་ཤག་བྱས་ནས་འགྲོ་བཞིན་ཡོད་ཀྱང་། དོན་ལ་ཡོད་ན་ཡོད་ཚུལ་ཇི་འདྲ་ཡིན་པ་དང་། མེད་ན་མེད་ཚུལ་ཇི་འདྲ་ཡིན་པ་ཤེས་མཁན་དཀོན།  གལ་ཏེ་རོབ་ཙམ་རེ་ཤེས་ཐུབ་ནའང་། རང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆོས་བྱེད་ཀྱི་རྣམ་གཞག་གནད་དུ་འགྲོ་མིན་ལ་ཁྱད་པར་འགྲོ་ཞིང་། དེ་བཞིན་འཇིག་རྟེན་འདིར་མི་ལས་དགུ་ལས་བྱས་ན་ཡང་ལམ་འགྲོ་ཡོད་པ་དང་། བཟང་པོའི་ལས་རྐྱང་རྐྱང་བྱས་ནའང་དཀའ་ངལ་འཕྲད་འཕྲད་ལ་བསྡད་ཡོད་པ་མཐོང་ཆོས་ཡིན་དུས། དེ་དག་ལས་མི་མང་པོ་ཞིག་ལ་ལས་འབྲས་བདེན་མིན་གྱི་དོགས་པ་སྐྱེས་ཡོང་དུས། ལན་ནི་སྐྱེ་པ་སྔོན་མ་ལས་བཟང་ངན་གང་བསགས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ལས། ད་ལྟའི་མཐོང་ཆོས་ཙམ་མིན་པར་ལས་འབྲས་ནི་ནམ་ཡང་བསླུ་བ་མེད་པར་འདོད།  ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པ་ལས་ཕར་བའི་མིས་རྟོགས་མི་ནུས་པར་བཤད།

ནང་ཆོས་ནི་མི་སྒེར་གྱི་ཉམས་ལེན་བྱེད་རྒྱུ་ཞིག་རེད་ལ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་ཀྱི་སྐད་ཆ་དང་ཉམས་ལེན་བཞག་ནས་བཤད་ན། ཁྱོད་ཤི་ང་གསོན་གྱི་་འཇིག་རྟེན་འདིར། མི་ཐམས་ཅད་བྲེལ་ཟིང་དང་འཕྲུལ་རིགས་ཀྱི་བཀོད་སྤྱོད་འོག་ཚུད་དེ། སེམས་ཁམས་རྒྱུན་ལྡན་ངང་གནས་མ་ཐུབ་པར་དཀའ་ངལ་སྣ་ཚོགས་འཕྲད་དང་འཕྲད་མུས་སྐབས་འདིར། དཀའ་ངལ་དེ་དག་ལས་རྒྱལ་བར་ནང་ཆོས་ལས་གསུང་བའི་སེམས་ཀྱི་བསླབ་བྱ་དག་ལག་ལེན་དུ་བསྟར་ཐུབ་ན། སེམས་ཀྱི་འཇིགས་སྣང་ཆུང་དུ་འགྲོ་ཞིང་། སེམས་ཁམས་ཟ་ངེ་ཟིང་ངེ་ལས་ལྡོག་སྟེ་ཞི་བདེ་བག་ཕེབས་ངང་གནས་པར་སྨན་ཡག་ཤོས་སུ་བཤད་ཅིང་། ནང་ཆོས་ཀྱིས་ཕྱི་དངོས་པོ་ལས་ནང་བསམ་བློ་དང་། རང་གཞན་གཉིས་ལས་རང་ལ་བརྟག་དཔྱད་དང་རང་སེམས་བཅོས་ཐབས་ཤིག་ཀྱང་རེད། རྐྱེན་དང་བར་ཆད། མ་འགྲིག་མ་འཐུས་པ་ཅི་ཞིག་བྱུང་ནའང་། ངན་ཁག་གཞན་ལ་དཀྲིལ་བ་ལས་རང་རྒྱུད་ཀྱི་ཉོན་མོངས་ལ་ཁ་གཏད་བཅག་ནས་སྒོ་གསུམ་བག་ཡོད་བསྟེན་ཏེ། རང་རྒྱུད་ནས་ཞི་བདེ་འགོ་བཙུགས་ཏེ་ཁྱིམ་ཚང་། དེ་ནས་གྲོང་སྡེ།  མཐར་སྤྱི་ཚོགས་ཧྲིལ་བོ་མཛའ་མཐུན་ལ་གནས་རྒྱུ་དེ་རེད། ད་དུང་གཅིག་བཤད་ན། ནང་པ་དང་དེ་ནང་ནས་ཐེག་ཆེན་པ་ཞིག་ལ་མཚོན་ན། ཁོའི་སེམས་ཁམས་ནི་དངོས་གནས་རྒྱ་ཆེ་ལ་གཏིང་ཟབ། ཕར་བའི་མིའི་སེམས་ལ་གཤོང་དཀའ་སྟེ། འགྲོ་བ་སེམས་ཅན་ཚང་མ་རང་གི་མ་རུ་བརྩི་ཞིང་། དེའི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་དོར་དགོས་ན། དགའ་བཞིན་སྤྲོ་བཞིན་དུ་འཇུག་ཐུབ་པའི་སེམས་ཁམས་ཁྱད་པར་བ་ཞིག་བཤད་ཀྱིན་ཡོད། དེ་འདྲ་ཡོང་མི་སྲིད་པ་ཞིག་ཀྱང་མིན་ལ། དོན་ལ་དེ་ལྟ་བུའི་སྐྱེས་བུ་སྙིང་སྟོབས་ཅན་མང་པོ་བོད་དུ་བྱོན་མྱོང་ཡོད།

སངས་རྒྱས་བཅོམ་ལྡན་འདས་སམ་རང་ཉིད་སངས་རྒྱས་ཀྱི་གོ་འཕངས་འཐོབ་དགོས་ན། སངས་རྒྱས་རང་གི་ཞལ་ནས། བདག་ཉིད་བདག་གི་མགོན་ཡིན་ཞེས་དང་། ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་གྱི། ཐར་བ་རང་ལ་རེག་ལས་ཤེས་པར་བྱ་ཞེས་པས་བསྟན་དོན་ནི། ངས་ཁྱོད་ལ་ལམ་ཁ་གང་དང་གང་བརྒྱུད་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་སར་འགྲོ་དགོས་པ་དང་། སེམས་ལ་འགྱུར་བ་ག་འདྲ་གཏོང་དགོས་པ། བླང་བྱ་དང་དོར་བྱ་གང་ཡིན་བཤད་ཡོད། བཤད་པ་ལྟར་འགྲོ་ཐུབ་ན་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་འཐོབ་ཐུབ། ཐོབ་ཐུབ་མིན་ནི་ཁྱེད་ཉིད་ནས་ངས་བཤད་པ་ལྟར་འགྲོ་ཐུབ་མིན་ལ་རེག་ལས་པ་ཡིན་ཞིང་། དེ་མིན་སྐུ་གསུང་ཐུགས་རྟེན་ལ་ཕྱག་དང་སྐོར་བ། མཆོད་འབུལ་བྱས་པ་ཙམ་གྱིས་མི་ཡོང་སྟེ། སངས་རྒྱས་ཀྱིས། ཐུབ་རྣམས་སྡུག་པ་ཆུ་ཡིས་མི་ཁྲུ འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་འདིས་གྲོལ་བར་བྱ།། ཞེས་པ་ འདིས་ནི་སྡུག་པ་བཤགས་དགོས་ན་རེད། བདེ་བ་ཐོབ་དགོས་ན་རེད། ཚང་མ་རང་ཉིད་ཀྱིས་བྱེད་དགོས་པ་ལས་གཞན་ཞིག་སྟེ་ལྷ་འམ་དཀོན་མཆོག་གི་ལག་པ་བསྐྱངས་ནས་ཁྱོད་ཀྱི་སྡུག་བསྔལ་མེད་པར་བཟོ་བ་དང་། བདེ་བ་མེད་པ་དེ་སྐྱིད་པོ་བཟོ་བ་ནི་ཡོང་མི་སྲིད་ལ། དེ་ནི་ཆོས་ཉིད་དང་འགལ་ཞིང་། དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ནའང་མི་མཐུན་པ་ཡིན་དུས། ཆོས་ཉིད་ལ་སུས་ཀྱང་ཁ་གཏད་གཅོག་མི་ནུས་པའི་དོན་དངོས་དེ་ཤེས་སུ་བཅུག་པ་མ་ཟད། རང་གིས་རང་ཉིད་བདག་བརྒྱབས་ཏེ་རང་མགོ་རང་གིས་མ་གཡོག་པར་མི་ཚེ་དོན་ལྡན་ལ་གཞོལ་དགོས་པ་དེ་བསྟན།

རྨོངས་པའི་མིག་གིས་མཐོང་བའི་སྣང་ཚུལ་འདི།།
གནས་ཚུལ་དངོས་ལ་རེག་པ་དཀའ་ནའང་།།
དོན་དམ་གང་ཡིན་ལིང་ལ་གཏོན་པའི་ཆེད།།
ཤེད་མེད་བུ་ཡིས་འཕག་འཚག་འདི་བྱས་སོ།།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༦ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 2

  1. བློ་བརྟན། says:
    ཟླ་བ། 9 སྔོན།

    ཡིག་ནོར་༼ ཕག་རྩག ༽ འཕག་འཙག་ལ་བཅོས་བར་ཞུ།

    Reply
  2. བློ་བརྟན says:
    ཟླ་བ། 9 སྔོན།

    ཡིག་ནོར་༼ཕག་རྩག་༽དེ་འཕག་འཙག་ལ་བཅོས་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese