མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༠ ནས་ ༡༨ བར་ཉིན་གྲངས་བརྒྱད་ཀྱི་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དངོས་སུ་དབུ་འཛུགས་གནང་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་བ། ཐད་གཏོང་ནས་པར་བླངས། ༢༠༢༥།༩།༡༠

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། ད་ལན་གྱི་ཚོགས་དུས་ཐོག་བོད་ནང་གི་ཛ་དྲག་གནས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་གཙོ་བྱས་པའི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། བཀའ་ཟུར་ཚེ་རིང་དོན་གྲུབ་ལགས། སྤྱི་ཟུར་ངག་དབང་བཀྲ་ཤིས་ལགས་བཅས་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག འོས་བསྡུའི་འགན་འཛིན་འཕར་མ་གཉིས་བསྐོ་གཞག་དང་བཅའ་ཁྲིམས་བསྐྱར་བཅོས། དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་རྩིས་ལོ་ ༢༠༢༤་་་  ༢༠༢༥ ཡི་ལས་བསྡོམས་ཁག་ལ་ཞིབ་བཤེར་དང་གསལ་འདེབས་བྱ་རྒྱུ་དེ་ཡིན་ཞིང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་དེ་དོན་ཕན་ལྡན་པ་ཡོང་བར་ཚང་མས་མཉམ་རུབ་ཀྱིས་མཐུན་འགྱུར་གནང་བའི་འབོད་སྐུལ་ཞུས་སོང་།

གྲོས་ཚོགས་ཚོགས་དུས་བཅུ་པའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འཛུགས་གསུང་བཤད་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལོ་གཅིག་ལ་ཐེངས་གཉིས་འཚོགས་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༣ པའི་ནང་དངུལ་རྩིས་གྲོས་ཚོགས་དང་། ཕྱི་ཟླ་ ༩ པའི་ནང་ལས་བསྡོམས་གྲོས་ཚོགས་ཟེར་ནས་ད་ལྟ་ང་ཚོ་ལས་བསྡོམས་གྲོས་ཚོགས་འཚོག་གི་ཡོད་པ་རེད། གཙོ་བོ་ལས་ཉིན་མང་ཆེ་བ་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པ་དེ་དེ་སྔོན་ནས་སྤྱི་འཐུས་རྒྱུན་ལས་ལ་གནང་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་དེ་ལ་ཤར་སྐྱོད་བྱས་ཏེ། སྙན་ཐོ་དང་དྲི་བ་ཕེབས་ཀྱི་ཡོད་རེད། དེ་བཞིན་ལྷན་ཁང་སོ་སོའི་ངོས་ནས་ལས་བསྡོམས་བསྡུས་པ་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུའི་གནས་སྟངས་ཀྱི་ཐོག་ནས། དེ་རིང་གི་གྲོས་ཚོགས་དེ་དེ་རིང་ཕྱི་ཟླ་ ༩ ཚེས་ ༡༠ ནས་ ༡༨ བར་དུ་ལས་ཉིན་བརྒྱད་བྱུང་བའི་རིང་ལ། ལས་ཉིན་མང་བ་དེ་ལས་བསྡོམས་ཀྱི་གྲོས་ཚོགས་ཐོག་ལ་འབུལ་དགོས་པའི་གནས་སྟངས་ཆགས་རེད། སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢ ཡོངས་ཁྱབ་ཀྱི་བཀའ་ཤག་གི་གསུང་བཤད་དང་གྲོས་ཚོགས་ཀྱི་གསུང་བཤད་ནང་། རྒྱལ་སྤྱིའི་གནས་སྟངས་དང་བོད་ནང་གི་གནས་སྟངས། ལྷག་པར་དུ་ལོ་འདིའི་ནང་ལོགས་ལ་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གལ་ཆེ་བ་བྱུང་ཡོད་པ་དེ་གསལ་པོ་ཡོད་པ་རེད། ཚང་མས་མཁྱེན་གྱི་ཡོད་རེད། ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས། ཕྱི་ཟླ་ ༧ པའི་ནང་བོད་ཀྱི་ཆོས་ཚོགས་ཐེངས་ ༡༥ པ་འཚོགས་རེད། སྐབས་དེ་དུས་དབུ་ཁྲིད་བླ་ཆེན་ཁག་དང་སྐུ་ཚབ་ཁག ཚོགས་བཅར་བ་ ༡༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད། སྐབས་དེ་དུས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསལ་ཞལ་མཇལ་རྒྱུ་བྱུང་བ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་རིམ་པ་རྒྱུན་མཐུད་ནས་ཕེབས་རྒྱུའི་ཞལ་བཞེས་བཀའ་དྲིན་བཟང་པོ་བསྐྱངས་ཡོད་པ་རེད། སྐབས་དེར་ཆོས་བརྒྱུད་རིས་སུ་མ་ཆད་པའི་དབུ་ཁྲིད་བླ་ཆེན་ཁག་དང་སྐུ་ཚབ་ཁག ཚོགས་བཅར་ཚང་མས་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། ཆོས་ཚོགས་ཀྱི་མཇུག་ཏུ་དམིགས་བསལ་གྲོས་ཆོད་ཟུར་མཆན་དོན་ཚན་བཞི་ཅན་ཞིག་བཞག་ནས། མདོར་ན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་གང་ཡིན་པ་དེའི་ཐོག་ནས་ཤར་སྐྱོད་ཞུ་རྒྱུ་གཅིག་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸རྒྱལ་དབང་གི་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུར་ཐེ་ཇུས་བྱེད་པ་ཡིན་ན། དེར་རྩ་བ་ནས་མོས་མཐུན་མེད་པ་དང་ངོས་ལེན་མེད་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་ཕྱི་ཟླ་ ༦ ཚེས་ ༦ ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བདུན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་གྱི་ཐོག་ནས་༸རྒྱལ་དབང་སྐུ་ཕྲེང་ཕེབས་རྒྱུ་དེ་བོད་མི་གཅིག་པོའི་ལག་ལ་ཡོད་པ། གཞན་གྱིས་ཐེ་གཏོགས་བྱས་ན་འགྲིག་གི་མེད་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇི་ནི་ཝ་ཚོགས་ཆེན་ཐེངས་ ༥༩ པའི་སྐབས། དབྱིན་ཇིའི་གཞུང་ཚབ་ཀྱིས་ཟུར་དུ་འདུ་སྐོང་བྱས་ཏེ་ཚོགས་ཁག་ཅིག་ལྷན་འཛོམས་གནང་བའི་ཐོག་ནས་༸གོང་ས་མཆོག་གི་སྐུ་ཕྲེང་ཕེབས་རྒྱུ་དེ་བོད་མི་རང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་རང་རེད། དེ་ལ་ཆབ་སྲིད་ཀྱི་ཐོག་ནས་ཐེ་ཇུས་བྱེད་པ་ཡིན་ན་ཐད་ཀར་ཆོས་དད་རང་དབང་ལ་ཐེ་ཇུས་བྱས་པ་ཆགས་ཀྱི་ཡོད་རེད་ཟེར་ནས། གང་ལྟར་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྲེང་རྒྱུན་མཐུད་ནས་ཕེབས་རྒྱུ་དེ་ང་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་དེ་ལ་ངོས་འཛིན་བྱས་པའི་ཐོག་ནས་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ན་ངོས་ལེན་མེད་པ་དང་། ཆོས་དད་རང་དབང་གི་གནས་སྟངས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

གོ་སྟོན་དང་འབྲེལ་ནས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་ལོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ཕེབས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྟོན་སྲུང་གཙི་གནང་གི་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ལས་རིམ་མང་པོ་བྱུང་བ་རེད། རྒྱལ་སྤྱིའི་ནང་དུ་འབྲེལ་བ་ཡོད་པའི་ལས་གཞི་མང་པོ་བྱུང་བ་རེད། དེ་བཞིན་ང་ཚོ་སྒྲིག་འཛུགས་ཀྱིས་ད་ལྟ་ལས་རིམ་འགྲོ་བཞིན་པ་ཆགས་ཀྱི་ཡོད་པ་རེད། དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྔོན་མ་ལྡི་ལི་ལ་ཚོགས་འདུ་ཞིག་འཚོགས་པ་རེད། སྐབས་དེ་དུས་ཐག་གཅོད་བྱུང་བ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་དེའི་མཇུག་སྐྱོང་གནང་དགོས་པས། ང་ཚོ་གྲོས་ཚོགས་འདིའི་ནང་དུ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་འཁུར་ཡོང་གི་ཡོད་ལ། གྲོས་ཆོད་དེ་སང་ཉིན་ཕེབས་ཀྱི་རེད། དེའི་ནང་དུ་༧གོང་ས་མཆོག་གི་སྐུ་ཕྲེང་རྒྱུན་མཐུད་ནས་ཕེབས་རྒྱུ་དེ་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱ་ནག་གཙོས་དེ་ལ་ཆབ་སྲིད་ཀྱི་ཐེ་ཇུས་བྱས་ན་ངོས་ལེན་ནམ་ཡང་མེད་པའི་གྲོས་ཆོད་ཁག་ཅིག་ཕེབས་ཀྱི་ཡོད། ཅེས་གསུངས་སོང་།

བོད་ནང་གི་གནས་སྟངས་དང་འབྲེལ་ནས་ཚོགས་གཙོ་མཆོག་གིས། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༠ འཁོར་ཟེར་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་རྒྱུའི་ལས་འགུལ་ཞིག་བརྩམས་ཡོད་རེད། དེ་ཡང་ཀྲུང་དབྱང་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་བོད་རང་སྐྱོང་ལྗོངས་ཟེར་བར་ཕྱིན་ནས་མཛད་སྒོ་འཚོགས་པ་དང་། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་དགོང་མོར་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱིས་སྐབས་དེ་དུས་གཏམ་བཤད་སྤེལ་བ་དེ་དག་ལ་བལྟས་ན། རྩ་བས་ལྷ་སར་ཕེབས་ཏེ་བོད་མི་རྣམས་ལ་དམིགས་བསལ་གྱིས་བཀོད་མངགས་བྱས་ཏེ་དམ་དྲག་གི་ཐོག་ནས་དགའ་བསུའི་རྣམ་པ་ཤུགས་ཆེན་པོ་ཞུ་བཅུག་ཡོད། དེ་ཡང་རྒྱ་ནག་གིས་ཁོ་ཚོའི་དགོས་མཁོ་རང་གི་ཐོག་ནས་ཆེད་མངགས་འཁྲབ་སྟོན་གྱི་རྣམ་པ་འདྲ་བོ་ཞུ་བཅུག་པ་དེ་ཚང་མས་མཐོང་བསྡད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་དོ་སྣང་ཤུགས་ཆེན་བྱས་མེད་པ་དང་། འཁྲབ་སྟོན་གྱི་རྣམ་པ་དེ་ང་ཚོས་མཐོང་བསྡད་པ་ཞིག་རེད། མཛད་སྒོ་དང་དེའི་རྗེས་འབྲས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་ཁག་དཔེར་ན་མངའ་རིས། གཞིས་ཀ་རྩེ། ལྷོ་ཁ། ནག་ཆུ། ཀོང་པོ་ཉིང་ཁྲི། ཆབ་མདོ་སོགས་ལ་ཚོགས་ཆུང་ཆ་བགོས་བྱས་ནས་ས་གནས་སུ་ཕྱིན་ཏེ་ཆབ་སྲིད་དྲིལ་བསྒྲགས་བྱ་རྒྱུ། དེ་བཞིན་དམར་ཤོག་ཚོགས་པའི་ལོ་རྒྱུས་སྒྲོག་སྦྱངས་བྱ་རྒྱུ། རྒྱ་ནག་གི་སྐད་ཡིག་བཀོད་ཁྱབ་ཤུགས་ཆེ་རུ་གཏང་རྒྱུ། མི་རིགས་མཉམ་བསྲེས་ཀྱི་རྣམ་པ་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ནམ་རྒྱུན་དུ་བརྒྱུད་སྐུར་བྱས་ནས་བསྡད་ཡོད་པ་དག་རེད། བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་རྒྱུ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དུ་མི་བཅུག་པ་སོགས་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཁྲབ་སྟོན་བྱེད་དགོས་པ་དེ་དུས་རྒྱུན་དུ་ནས་བྱེད་བསྡད་པའི་གནས་སྟངས་ཆགས་ཡོད། བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནས་སྟངས་ཆགས་ཡོད་པ་དང་རྒྱལ་ཁབ་གཞན་གྱིས་དེ་ལ་ཐེ་ཇུས་བྱས་ན་འགྲིག་གི་མེད་ཟེར་ནས་དུས་རྒྱུན་དུ་སྒྲོག་སྦྱངས་བྱེད་བཞིན་པའི་གནས་སྟངས་རེད། དེར་བརྟེན་ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པ་དང་། རྒྱལ་སྤྱིའི་གནད་དོན་ཡིན་པ། རྒྱལ་སྤྱིས་དེ་ལ་རྒྱབ་སྐྱོར་དང་དོ་སྣང་བྱེད་དགོས་ཡོད་པ་དེ་ཤུགས་ཆེ་བ་སྟོན་ཐུབ་དགོས་པ་དེ་གལ་ཆེ་བ་ཆགས་ཀྱི་འདུག

ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བགྲོ་གླེང་དང་ཐུགས་སྣང་གནང་གི་ཡོད་པ་རེད། ད་ལྟའང་བོད་ནང་དུ་ཛ་དྲག་གི་གནས་སྟངས་མུ་མཐུད་ནས་གནས་པའི་གནས་སྟངས་ཆགས་འདུག དེ་བཞིན་བོད་ཀྱི་སྣོད་བཅུད་ཐོག་ནས་ཆུ་རགས་རྒྱག་རྒྱུ་དང་། ཤིང་ནགས་གཅོད་བྲེག གཏེར་ཁ་སྔོག་འདོན། དམག་གི་མཚོན་ཆ་བཟོ་སྐྲུན་བྱ་རྒྱུ་སོགས་ཀྱིས་ཉིན་རེ་ཉིན་རེར་བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་ཤུགས་ཆེན་ཡོང་བཞིན་པའི་གནས་སྟངས་ཆགས་འདུག དེ་བཞིན་བོད་ནང་གི་བོད་མི་དང་། ཆོས་བྱེད་མཁན་གྱི་དགེ་འདུན་པ་དང་གྲྭ་བཙུན་ཁག་ལ་ཚོད་འཛིན་དང་།  བླ་སྤྲུལ་མཚན་གནས་ཡོད་མཁན་དང་སྤྱི་ཚོགས་ལ་ཐུགས་སྣང་གནང་མཁན། སྤྱི་ཚོགས་ཀྱི་ཐོག་ལ་ཆེ་མཐོང་ཡོད་མཁན་ཚོར་ནག་ཉེས་བཙུགས་ནས་བཙོན་འཇུག་བྱས་པའི་ཐོག ནང་མི་དང་འབྲེལ་ཡོད་སོགས་ལ་ཐུག་འཕྲད་བྱེད་དུ་མ་བཅུག་པར་མཐའ་མ་བཙོན་ཁང་ནང་ནས་སྐུ་བཀྲོངས་པའི་གནས་སྟངས་བྱུང་ཡོད། ཉེ་ཆར་བོད་ནང་གི་དགོན་པ་ཞིག་གི་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་སྐུ་བཀྲོངས་པའི་གནས་ཚུལ་བྱུང་སོང་། དེ་འདྲ་བ་མང་པོ་བྱུང་གི་ཡོད་པ་རེད། འོན་ཀྱང་། གནས་ཚུལ་ངོ་མ་དེ་བརྒྱུད་ལམ་གྱི་ཐོག་ནས་རྟོགས་ཐུབ་ཀྱི་མེད་ལ། དེ་འདྲ་མང་པོ་ཞིག་ཡོད་པ་གསལ་པོ་ཞེ་དྲགས་ཆགས་ཀྱི་འདུག དྷ་རམ་ས་ལར་གོ་སྟོན་སྲུང་གཙི་བྱེད་པའི་སྐབས་སུ་བོད་ནང་དུ་ཆེད་མངགས་དཔེར་ན་འབྲས་སྤུངས་དང་དགའ་ལྡན་དགོན་པ་དེ་ཚོར་ཕྱི་ཟླ་ ༧ ཚེས་ ༡ ནས་ ༦ བར་དུ་སློབ་གསོ་སྤྲད་ནས་དམིགས་བསལ་གྱིས་འཇིགས་སྐུལ་བྱས་འདུག བོད་ནང་གི་ཆོས་དད་རང་དབང་དང་། སྐད་ཡིག་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དག་ཉིན་རེ་ནས་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཀྱི་འདུག དེའི་ཐོག་ལ་གྲོས་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་ཡོད། དེའི་ནང་གང་ལ་གང་འཚམ་གསལ་པོ་བཀོད་ཡོད་པས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཐུགས་སྣང་གནང་སྟེ། རྒྱལ་སྤྱིའི་སྟེང་གནད་དོན་དེ་ཚོ་ཁ་གསལ་དུ་གཏོང་དགོས་པ་དང་ཞུ་སྐུལ་ཤུགས་ཆེ་ཙམ་ཞུ་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༠ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese