མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་སྤྱི་མོས་གཏན་འབེབས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ནང་སྐར་རྟགས་ཅན་གྱི་དྲི་བ་ཞིག་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་སོགས་ལས་འཕྲོས་ཏེ། སྤྱི་འཐུས་ཁག་ཅིག་གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་པའི་གནས་ཚུལ་བྱུང་ཡང་། ཚོགས་ཐུན་སྟེང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་བཞི་སྤྱི་མོས་གཏན་འབེབས་གནང་སོང་།

གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ ༦ པ། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༩།༡༦

དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ ༦ པའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ལན་འདེབས་གནང་སྐབས། མི་རིགས་ཀྱི་གནས་བབ་ཐོག་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་མི་རིགས་དང་། སྐད་ཡིག་དང་། ཆོས། རིག་གཞུང་ཚང་མ་གཅིག་པ་ཡིན་པའི་མུར། ཆོས་བརྒྱུད་ཁག་གི་མ་དགོན་ཕལ་ཆེར་དབུས་གཙང་ཁུལ་དུ་ཡོད་པ་དང་ཡན་ལག་རྣམས་མདོ་སྟོད་སྨད་ཁུལ་དུ་ཡོད་ཅིང་། ལོ་རྒྱུས་ཀྱི་གནས་བབ་གང་ཡིན་མིན་ལ་མ་ལྟོས་པར་བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་སྐོར་ཡིན་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱལ་ལྡོང་ཕུར་བ་རྡོ་རྗེ་ལགས་ཀྱིས་ཕུལ་བའི་སྐར་རྟགས་ཅན་གྱི་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་སྐབས། མདོ་སྟོད་དང་མདོ་སྨད་མན་ཇུའི་ཁོངས་སུ་ཚུད་པར་བརྩི་ཡི་ཡོད་མེད་ཀྱི་དྲི་བ་བཏང་བ་རེད། ངས་མན་ཇུ་ཟེར་བ་དེ་རྩ་བ་ཉིད་ནས་བཤད་མ་མྱོང་། མན་ཇུ་བསླེབས་པའི་རྗེས་སུ་དགའ་ལྡན་ཕོ་བྲང་གི་གཞུང་དང་མདོ་སྟོད་སྨད་བཅས་ཀྱི་བར་དུ་གནས་སྟངས་གང་ཆགས་ཡོད་མེད་ལོ་རྒྱུས་སུ་གསལ་བོ་ཡོད་རེད། ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་སུ། ཕྱི་ལོ་ ༡༧༢༢ ལོར་ཆིན་ཝང་བློ་བཟང་བསྟན་འཛིན་དང་མདོ་སྨད་པ་ཚོས་རྒྱ་ནག་ལ་ངོ་རྒོལ་གྱིས་དམག་འཁྲུག་བརྒྱབ་ཡོད་ཀྱང་། དམག་འཁྲུག་ཤོར་པ་རེད། སྐབས་དེ་དུས་ནས་མན་ཇུའི་འོག་ཏུ་ཚུད་པ་རེད་ཟེར་བ་ཞིག་འདུག  དེའི་རྗེས་སུ་འབྲི་ཆུའི་ཤར་རྒྱུད་དང་བཅས་པའི་མདོ་སྟོད་ཀྱི་གནས་བབ་དེ་འདྲ་ཆགས་ཡོད། མདོ་སྟོད་སྨད་ཀྱི་ལོ་རྒྱུས་གནས་བབ་སྤྱི་ཡོངས་ནས་རྙོག་གྲ་ཡོད་པ་རེད། སྤྱི་ཡོངས་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་བལྟ་དགོས་ཚེ། མི་རིགས་ཀྱི་གནས་བབ་ཐོག་ནས་བལྟས་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མི་རིགས་གཅིག་ཆགས་ཡོད། སྐད་ཡིག་དང་། ཆོས། རིག་གཞུང་ཚང་མ་གཅིག་པ་ཆགས་ཡོད། ཆོས་བརྒྱུད་ཀྱི་འབྲེལ་བའི་ཐོག་བཤད་ན་མ་དགོན་ཕལ་ཆེར་དབུས་གཙང་ཁུལ་དུ་ཡོད་པ་དང་། ཡན་ལག་མདོ་སྟོད་སྨད་ཁུལ་དུ་ཡོད་ལ། དགོན་པ་དེ་དག་གི་འབྲེལ་བ་དང་། བླ་མ་སོ་སོའི་མངའ་དབང་། ས་གནས་སོ་སོའི་ནང་གི་དཔོན་པོའི་འཛིན་སྐྱོང་སོགས་ང་ཚོས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། ལོ་རྒྱུས་ཀྱི་ཆ་ཤས་ཚང་མ་གཅིག་པ་མ་རེད། སྐབས་དེ་དུས་དེ་འདྲ་ཆགས་ཡོད་པ་ཞྭ་སྒབ་པའི་དེབ་ཐེར་ནང་དུ་འཁོད་ཡོད། ངས་དགའ་ལྡན་ཕོ་བྲང་གི་གཞུང་དང་། མདོ་སྟོད་སྨད་གཉིས་ཀྱི་འབྲེལ་བའི་སྐོར་ལོ་རྒྱུས་སྤྱི་ཡོངས་ནས་བཤད་ཡོད། བོད་ཀྱི་ལོ་རྒྱུས་ཁྲོད་མངའ་དབང་ཆེ་ཤོས་དེ་བཙན་པོའི་རྒྱལ་རབས་ཆགས་ཡོད། དུས་རབས་བདུན་པ་ནས་དགུ་བའི་བར་གྱི་ཆོས་རྒྱལ་ཚོའི་སྐབས་སུ་ཆགས་ཡོད། དེའི་སྔོན་གྱི་བོད་ཀྱི་ལོ་རྒྱུས་ཀྱང་ཡིག་ཐོག་ཏུ་འཁོད་པ་དང་མ་འཁོད་པ་གཉིས་ཆ་ཡོད་པ་རེད། བཙན་པོའི་རྒྱལ་རབས་ཀྱི་རྗེས་སུ་ལོ་ ༤༡༠ ལྷག་ལ་བོད་སིལ་བུར་ཐོར་བ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས། བོད་ཀྱི་སྲིད་དོན་རྒྱལ་རབས་ནང་བོད་སིལ་བུའི་སྐབས་སུ་ཆོས་ཕྱོགས་ཀྱི་བྱ་བ་མ་གཏོགས་ཆབ་སྲིད་ཀྱི་ལོ་རྒྱུས་ཐོག་རྙོག་གྲ་ཆགས་བསྡད་ཡོད། མདོ་དབུས་ཁམས་ཀྱི་ལུང་པ་ཆུང་ཆུང་རེ་རེ་ན་དཔོན་པོ་རེ་ཡོད་པ་ཞིག་ཆགས་ཡོད། དེའི་རྗེས་སུ་དཔལ་ས་སྐྱའི་བའི་སྲིད་དབང་བཟུང་པ་རེད། དེའི་སྐབས་སུ་བོད་ཁྲི་སྐོར་བཅུ་གསུམ་དང་བོད་ཆོལ་ཁ་གསུམ་གྱི་སྐད་ཆ་ཡོད། སྐབས་དེར་བོད་ཆོལ་ཁ་གསུམ་དེ་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་ཤིག་བྱུང་བ་ལོ་རྒྱུས་ནང་གསལ་ཡོད། དེ་ནས་ཕག་གྲུ་དང་། རིན་སྤུངས། སྡེ་བ་གཙང་པ་བཅས་ཀྱིས་སྲིད་དབང་ལོ་བརྒྱ་སྐོར་རེ་བཟུང་བ་རེད། སྐབས་དེ་དུས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཕལ་ཆེར་དབུས་དང་གཙང་མ་གཏོགས། མདོ་སྟོད་སྨད་ཁུལ་དུ་འབྲེལ་བ་ཆགས་ཀྱི་མི་འདུག ཕྱི་ལོ་ ༡༦༤༢ ལོར་༸རྒྱལ་དབང་སྐུ་ཕྲེང་ལྔ་པས་ལོ་ ༤༠ ལྷག་རིང་ཆོས་སྲིད་གཉིས་ཀྱི་མཛད་འགན་བཞེས་པའི་སྐབས་སུ། བོད་མདོ་དབུས་ཁམས་གསུམ་དུ་ཁྲལ་འཇལ་སྟངས་སོགས་ཀྱི་འགྲོ་སྟངས་ཆ་ཚང་བཟོས་ཡོད། ཕྱི་ལོ་ ༡༩༡༤ ལོར་སིམ་ལ་ཆིངས་ཡིག་བཞག་པའི་སྐབས་སུ་ཁུངས་བསྐྱལ་གྱི་ཡིག་ཆ་ཆགས་ཡོད་པ་རེད། ༧རྒྱལ་དབང་ལྔ་པ་དགོངས་པ་རྫོགས་པའི་རྗེས་སུ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་སྐུ་ཕྲེང་དྲུག་པའི་ཡང་སྲིད་ཀྱི་གནད་དོན་གསལ་བོ་མ་བཟོས་པ་ལ་བརྟེན་ནས། ཕྱི་ལོ་ ༡༦༩༥ ཙམ་ལ་མ་གཏོགས་༸རྒྱལ་དབང་སྐུ་ཕྲེང་དྲུག་པས་མཛད་དབང་བཞེས་ཐུབ་ཡོད་པ་མ་རེད། ཕྱི་ལོ་ ༡༧༠༥ ལོར་ལྷ་བཟང་ཁན་གྱིས་ཕྱིར་བཏང་བའི་ལམ་ཁར་དགོངས་པ་རྫོགས་པའི་བཤད་ཚུལ་ཡོད། དེ་ནས་༸རྒྱལ་དབང་སྐུ་ཕྲེང་བདུན་པ་མདོ་སྟོད་དུ་འཁྲུངས་པ་རེད། ཡར་དབུས་གཙང་དུ་གདན་འདྲེན་ཞུ་མ་ཐུབ་པའི་གནས་སྟངས་བྱུང་། བོད་ནང་དུ་སྲིད་དབང་ཞིག་བཙུགས་ཡོད་ཀྱང་། ཕྱི་ལོ་ ༡༧༠༥ ལོ་ནས་བཟུང་ ༡༧༡༨ ཙམ་གྱི་བར་དུ་ལྷ་བཟང་ཁན་གྱིས་སྲིད་དབང་བཟུང་ཡོད། དེའི་རྗེས་སུ་བོད་ནང་འཇུན་གར་གྱི་དམག་བསླེབས་པ་རེད། དེའི་སྐབས་སུ་ཨི་ཊ་ལི་སོགས་ཀྱི་ཕྱི་རྒྱལ་གྱི་ཆོས་ལུགས་སྤེལ་མཁན་ཡང་བོད་དུ་ཡོད། ཁོང་ཚོ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཔང་པོ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཕྱིས་སུ་མན་ཇུ་བོད་ནང་དུ་བསླེབས་པ་རེད། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་ལྷ་སར་ཁྲི་བཞུགས་པ་རེད། ཁམས་ནས་གདན་འདྲེན་ཞུས་ཏེ་ཕེབས་པ་ཞིག་རེད། གདན་འདྲེན་ཞུ་མཁན་གྱི་དམག་ཁོངས་སུ་མན་ཇུ་ཙམ་མིན་པར་ཨ་མདོ་ཡང་ཡོད་པ་རེད། དེ་ནི་བོད་པའི་ནང་ཁུལ་ཆབ་སྲིད་ཀྱི་རྐྱེན་གྱིས་མན་ཇུ་རོགས་པ་ཡོང་བར་འབོད་སྐུལ་ཞུས་པ་མ་གཏོགས། མན་ཇུས་བོད་ནང་བཙན་འཛུལ་བྱེད་དུ་ཡོང་ཡོད་པ་མ་རེད། ཕྱི་ལོ་ ༡༧༢༤ ནས་ ༡༩༡༡ བར་དུ་མན་ཇུ་སྲིད་དབང་མ་ཡལ་བར་དུ་ང་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༡༣ ལོར་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་བྱས་པ་རེད། བོད་ས་མ་ཤོར་བར་གྱི་ཆབ་མདོ་ཤོར་བ་རེད་ཟེར་བའི་གནས་སྟངས་ག་འདྲ་ཆགས་པ་རེད། དེ་ཚོ་ཚང་མ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཐོག་ནས་ཞུ་ཡི་ཡོད། ངས་འོས་བབ་ཆེ་བ་ཡོད་པ་རེད་ལབ་པ་མ་གཏོགས་ཐོབ་ཐང་ཡོད་པ་མ་རེད་ཅེས་ལབ་མེད། དྲི་བ་གསུམ་པའི་ནང་དགའ་ལྡན་ཕོ་བྲང་སྐབས་སུ་ཉམས་རྒུད་ཕྱིན་པ་གཅིག་པོ་བརྩིས་ཀྱི་ཡོད་མེད་དྲིས་འདུག དགའ་ལྡན་ཕོ་བྲང་ཉམས་རྒུད་དུ་ཕྱིན་པའི་གནས་སྟངས་གང་ནས་གང་གི་བར་དུ་ཆགས་འདུག ཚེ་རིང་ཤཀྱའི་བོད་ནང་གི་འབྲུག་ཞེས་པའི་དེབ་དེ་དང་པོ་མཐོང་དུས། དེའི་ནང་བོད་ཀྱི་ས་ཁྲ་ཆེ་ཆུང་མང་པོ་བྲིས་ཡོད་པར་ང་ཡང་ཁོང་ཁྲོ་ཟ་མྱོང་། ལོ་རྒྱུས་ཉམས་ཞིབ་ལ་ཞིབ་ཚགས་བཀླག་དགོས་ཀྱི་འདུག ང་ཚོས་ཀྱང་དངོས་ཡོད་གནས་ཚུལ་ཤེས་དགོས་ཀྱི་འདུག ལྷག་པར་དུ་རྒྱ་ནག་དང་འབྲེལ་བའི་ལོ་རྒྱུས་རིགས་རྒྱ་ནག་གིས་སྦས་སྐོང་བྱེད་ཀྱིི་མ་རེད། དྲི་བ་གཉིས་པའི་ནང་དུ་མན་ཇུའི་ཁོངས་གཏོགས་རེད་ཅེས་ལབ་མ་མྱོང་། དེ་ལབ་མི་དགོས་པའི་རྒྱུ་མཚན་ཡང་མདོ་སྟོད་སྨད་དུ་ལོ་རྒྱུས་ཀྱི་གནས་བབ་འདྲ་མིན་ཡོད་པ་རེད། རྒྱའི་ཤུགས་སྣོན་འོག་ཚུད་པ་ཡོད་མེད་གཉིས་བྱུང་ཡོད་ལ། ཁྲལ་འཇལ་ཡོད་མེད་སོགས་སྣ་ཚོགས་བྱུང་ཡོད། མདོ་སྟོད་ཀྱི་ལོ་རྒྱུས་ལ་བལྟ་དགོས་བསམ་ཡོད་ཀྱང་། ལོ་རྒྱུས་ནང་བལྟ་ས་མི་འདུག ད་ལྟའི་མི་རབས་ཀྱིས་ལོ་རྒྱུས་འབྲི་མ་ཐུབ་ཚེ། མ་འོངས་བའི་མི་རབས་ཀྱིས་མདོ་སྟོད་ཀྱི་ལོ་རྒྱུས་འབྲི་ཐུབ་རྒྱུ་མ་རེད། ངས་དབུ་མའི་ལམ་དང་འབྲེལ་བའི་ཐོག་ནས་བཤད་བསྡད་ཡོད། ལོ་རྒྱུས་ཀྱི་གནས་བབ་གང་ཡིན་མིན་ལ་མ་ལྟོས་པར་བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཞེས་པའི་ཐོག་འགྲེལ་བརྗོད་ཞུས་བསྡད་ཡོད། ལོ་རྒྱུས་ཀྱི་གནས་བབ་ཤེས་ཚེ་ཕྱོགས་གང་ནས་བལྟས་ཀྱང་རྒྱབ་ལྗོངས་གང་ཡིན་མིན་ཤེས་ཀྱི་རེད། ཅེས་གསུངས་སོང་།

གཞན་ཡང་ཚོགས་ཐུན་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༡ པ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༢། དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༣། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༤ བཅས་སྤྱི་མོས་གཏན་འབེབས་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese