མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཐོ་སྒང་དུ་ཤོག་སྦག་ཕོན་ཆེན་སྤར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་དགོངས་སེལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞིས་ཀ་རྩེ་རུ་ཚོན་ལྡན་ཤོག་སྦག་ཕོན་ཆེན་སྤར་ཏེ་བོད་མཐོ་སྒང་གི་ཁོར་ཡུག་དང་སེམས་ཅན་ལ་གནོད་སྐྱོན་བཟོས་བར་མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་རྐྱེན་དགོངས་སེལ་ཞུས་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ། སྒྱུ་རྩལ་དང་རང་བྱུང་ཁོར་ཡུག་གི་དུས་སྟོན་ཟེར་བའི་མིང་ཐོག་ནས་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ (Cai Guo-qiang)ཟེར་བ་ཞིག་དང་། ཁེ་ན་ཌའི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx)གཉིས་མཉམ་འབྲེལ་ཐོག་འབྲུག་གི་དབྱིབས་སུ་ཚོན་མདངས་སྣ་ལྔའི་ཤོག་སྦག་ཕོན་ཆེན་སྤར་ཡོད་པར་བརྟེན། བོད་ནང་དང་རྒྱ་ནག་ནང་ལོགས་སོགས་ནས་མི་མང་གིས་སྲོག་རླུང་ཉུང་བའི་བོད་མཐོ་སྒང་གི་ཁོར་ཡུག་ལ་གསོ་ཐབས་བྲལ་བའི་གནོད་སྐྱོན་འབག་བཙོག་བཟོས་བ་དང་། རི་སྐྱེས་སེམས་ཅན་གྱི་འཚོ་གནས་ལ་གནོད་པ་བཟོས་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་འདུག་ལ། ས་གནས་གཞུང་གིས་གནད་དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཤོག་སྦག་སྤར་བའི་ཡུལ་དངོས་ཐད་གཏོང་བྱས་ཏེ་ཚའེ་གོ་ཆང་གིས། ཡུལ་དངོས་ཐད་གཏོང་ལ་ལྟ་མཁན་ཚོས་ཧ་ལས་པ་རེད་ཅེས་འཕྲིན་ཐུང་བར་མེད་དུ་བཏང་ནས་ངས་བཤད་དགོས་པའི་སྐད་ཆ་འགག་སོང་། འཁྲབ་སྟོན་གསར་པ་འདི་ངོ་སྤྲོད་ཅིག་བྱས་ན། སྤྱིར་བཏང་ངས་ཆུའི་ནང་དུ་དུ་བའི་རི་མོ་འདི་འབྲི་ཡི་ཡོད་པས་ཐོག་མར་ཆུའི་འོག་ཏུ་ཕྱིན་ནས་ནམ་ཁར་མཛེས་སྡུག་ལྡན་པའི་ངང་འཕྱུར་གྱི་ཡོད། ཅེས་དང་། ས་གནས་འབྲོག་མང་གི་མཉམ་འབྲེལ་དང་། སྤྱང་གྲུང་ལྡན་པའི་སེམས་ཅན་རྣམས་ཀྱི་རོགས་འདེགས་ལ་བརྟེན་ནས་ཤོག་སྦག་གི་རྒྱུད་སྐུད་ལ་འགོག་རྐྱེན་མེད་པར་འགྲོ་ཐུབ་སོང་བས་བཀའ་དྲིན་ཆེ་ཞུ་ཞེས་དང་། ཡུལ་དངོས་སུ་ཡོད་པ་རྣམས་ཀྱིས་ང་དང་མཉམ་དུ་ངའི་གཞོན་དུས་ཀྱི་རྨི་ལམ་མངོན་འགྱུར་བྱུང་དུ་བཅུག་པར་བཀའ་དྲིན་ཆེ། འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བཞིན་པའི་དུས་སྐབས་འདིར་མཁའ་ལམ་སྙེག་པའི་ཤོག་སྦག་གི་གསེར་འབྲུག་འདིས། འཛམ་གླིང་ལ་སྟོབས་ཤུགས་དང་སྨོན་འདུན། རེ་བ་བཅས་བསྐྲུན་ཐུབ་པའི་རེ་བ་ཡོད་སྐོར་དང་། ད་ལན་གྱི་འགྲེམས་སྟོན་དེས་མ་འོངས་པར་མུ་མཐུད་ནས་འགྲེམས་སྟོན་འདི་རིགས་བྱེད་པར་བློ་སྤོབས་བརྙེད་ཡོད་སྐོར་དང་། ཤོག་སྦག་འགྲེམས་སྟོན་ལ་རྒྱལ་རྩེ་རྫོང་གི་མགོ་འཁྲིད་དང་ཉེན་རྟོག་ཁང་། མེ་འགོག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། གློག་འདོན་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་སོགས་ཀྱིས་དུས་ཐུང་ནང་ལས་དོན་ལམ་ལྷོངས་ཡོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོ་མཁན་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་གིས་གཏམ་བཤད་བྱས། དྲ་ལམ་གྱི་པར།

ཁེ་ན་ཌར་ཡོད་པའི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx) ཞེས་པ་དེས་སྤྱི་ཚོགས་དྲ་ལམ་བརྒྱུད་དགོངས་སེལ་གྱི་ཡི་གེ་ཞིག་སྤེལ་བའི་ནང་། བོད་ཀྱི་ཧི་མ་ལ་ཡའི་ས་ཁུལ་དུ་ཤོག་སྦག་སྤར་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་གནད་དོན་དང་འབྲེལ་ནས་དགོངས་དག་ཞུ་རྒྱུ་ཡིན་ལ། རྒྱ་རིགས་སྒྱུ་རྩལ་བ་ཚའེ་ཟེར་བས་གནད་དོན་དེ་དང་འབྲེལ་ནས་དགོངས་དག་ཞུས་པ་དང་། ཁོང་གིས་འགན་འཁུར་བླངས་པའི་ཐོག་ནས་ད་ལྟའི་ཆར་ཤོག་སྦག་སྤར་བའི་རྐྱེན་གྱིས་ཁོར་ཡུག་ལ་དོ་ཕོག་བྱུང་བ་རྣམས་བསྐྱར་གསོ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག དགོངས་སེལ་ཡི་གེའི་འོག་ཏུ་མི་མང་གིས་དཔྱད་མཆན་བཀོད་འདུག་ལ། མང་པོ་ཞིག་གིས་ཡིག་ཆུང་གཅིག་གིས་གུ་ཡངས་དང་དགོངས་པ་དག་པའི་གནས་སྟངས་ཤིག་མ་རེད། ཅེས་དང་། དུས་ཡུན་རིང་པོར་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ངེས་ཡིན་པས། རང་བྱུང་ཁོར་ཡུག་ལ་དོ་ཕོག་དང་ཉམས་ཉེས་བྱུང་བར་འགན་འཁུར་དགོས་པའི་སྐུལ་མ་བཏང་འདུག་ལ། ས་གནས་མི་མང་གིས་ཤོག་སྦག་སྤར་ཤུལ་གྱི་རྫས་ངན་འབག་བཙོག་རིགས་གཙང་བཟོ་བྱེད་ཀྱི་ཡོད་པའི་བརྙན་ཐུང་དེ་འདྲ་མཐོང་རྒྱུ་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།

ཕྱི་ནང་གི་ཁོར་ཡུག་ཉམས་ཞིབ་པ་མང་པོས་ད་ལྟ་བོད་མཐོ་སྒང་གི་ས་བབ་ཆགས་ཡུལ་དང་ཁོར་ཡུག་གི་གནས་སྟངས་འདི་ཉག་ཕྲ་ཞིང་གཉན་ཕྲང་ཅན་དུ་གྱུར་ཏེ་འཛམ་གླིང་གི་དཀའ་ཉེན་ཆེ་ཤོས་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དཔྱད་ཞིབ་གང་ཡང་མ་བྱས་པར་ཤོག་སྦག་གི་འགྲེམས་སྟོན་དེ་འདྲར་ཆོག་མཆན་སྤྲད་པ་ནི་བོད་མཐོ་སྒང་གི་ཁོར་ཡུག་ལ་འགན་རྩ་བ་ནས་འཁུར་གྱི་མེད་པའི་རྟགས་མཚན་གསལ་ཤོས་ཤིག་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་གི་ཡོད་པ་མ་ཟད། ཆོས་དང་རིག་གཞུང་། ཁོར་ཡུག་བཅས་ལ་གཏོར་སྐྱོན་ཚབས་ཆེན་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་འདུག

རྒྱ་ནག་ནང་གནས་སྡོད་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་། རྒྱ་རིགས་སྒྱུ་རྩལ་བ་ཚའེ་ཡིས་ཁེ་ན་ཌའི་གྱོན་ཆས་བཟོ་ཚོང་ཁང་དང་མཉམ་འབྲེལ་གྱིས་བཟོ་སྐྲུན་བྱས་པའི་ཤོག་སྦག་ཕོན་ཆེན་དེའི་རྒྱུ་ཆ་རྣམས་རང་བཞིན་གྱིས་རུལ་སླ་བ་ཞིག་བཀོལ་སྤྱོད་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། གཉན་འཕྲང་ཆེ་བའི་བོད་ཀྱི་ས་བབ་ཀྱི་གནས་སྟངས་དང་ཁོར་ཡུག་གི་གནས་བབ་ཁྲོད་གཞི་རྒྱ་ཆེ་བའི་ཤོག་སྦག་སྦར་ཏེ་འཁྲབ་སྟོན་བྱས་པ་དེས་རང་བྱུང་ཁོར་ཡུག་གི་ལྷིང་འཇགས་དཀྲུག་པ་དང་། རི་དྭགས་སེམས་ཅན་རིགས་ལ་འཇིགས་སྣང་བསླངས་ཡོད་པ་མ་ཟད། རི་ལུང་འདར་འགུལ་དང་། རྫས་འགྱུར་གྱི་ལྷག་རོ་གང་སར་འཐོར་ནས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese