མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འཐུས་མིས་བོད་དོན་གླེང་སློང་གནང་། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པའི་སྟེང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འཐུས་མིས་བོད་དོན་གླེང་སློང་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༨ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༨ བར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པ་འཚོག་བཞིན་པ།

ཟླ་འདིའི་ཕྱི་ཚེས་ ༨ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༨ བར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པ་དེ་སུད་སིར་འཚོག་མུས་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་སྐུ་བཀྲོངས་བའི་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས། མཆོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག

སྐབས་དེར་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་རྒྱལ་ཚོགས་ནང་བསྒྲགས་གཏམ་ཞིག་ཀློག་འདོན་གནང་བའི་ཁྲོད། བོད་ཁམས་གོ་འཇོ་ཁུལ་ཆོས་རྒྱལ་དགོན་པའི་དགོན་བདག་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་རྒྱ་ནག་གཞུང་གི་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་འོག་སྐུ་བཀྲོངས་པ་དང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཁོང་ཉིད་ཀློད་གྲོལ་དགོས་པའི་ཞུ་གཏུག དེ་བཞིན་རྒྱ་ནག་གཞུང་གི་དྲག་གནོན་གྱི་འོག་ནས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཐི་ནམ་དུ་སྐུ་བཀྲོངས་པ་དང་། བོད་ཀྱི་ན་གཞོན་གཞས་པ་ཨ་སངས་ལགས་དང་དཔལ་ཆུང་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བསྟུན་བསྟོད་གླུ་བླངས་རྐྱེན་བཙོན་འཇུག་བྱས་པ་དང་། བོད་ནང་རྒྱ་ནག་གིས་ཆུ་རགས་གསར་རྒྱག་སྐབས་ཡེ་ན་དགོན་པའི་གྲྭ་བ་རྒན་པ་ཚུད་པའི་བཙུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་གནད་དོན་ཚུད་པའི། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་གཏོང་མུས་ཡིན་པའི་ཐད་ལ་ཞུ་གཏུག་དང་ཁ་གསལ་བཟོ་དགོས། ཞེས་བརྗོད་འདུག

ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར། ཕྱི་ཚེས ༢༣ ཉིན་རྒྱལ་ཚོགས་ཀྱི་བགྲོ་གླེང་སྐབས་བསྒྲགས་གཏམ་སྤེལ་རྒྱུའི་གོ་སྐབས་འབྱུང་སྐབས། ཆོས་རྒྱལ་དགོན་པའི་དགོན་བདག་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་དང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག ཡེ་ན་དགོན་པའི་གྲྭ་བ་རྒན་པ་ཚུད་པའི་བཙུན་པ་ཁག་ཅིག་འཛིན་བཟུང་བྱས་པ་སོགས་ཀྱི་གནད་དོན་ཡར་ཞུ་ཐུབ་ཡོད་རེད། དེ་བཞིན་རྒྱལ་ཚོགས་མ་འཚོགས་པའི་སྔོན་དུ། ༧ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་མཆོག་དང་བོད་ནང་གི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་གནད་དོན་དང་འབྲེལ་ནས་ཤོག་ངོས་བཞི་ལྔ་ཞིག་ཕུལ་ཡོད། ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པའི་སྐབས། སྤྱིར་བཏང་གི་བགྲོ་གླེང་སྐབས། རྒྱལ་ཁབ་བཅུ་གྲངས་ཤིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་བོད་ནང་གི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། དབྱིན་ཡུལ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་ཐད་ན་སུས་ཀྱང་ཐེ་ཇུས་བྱ་མི་ཆོག་སྐོར་གླེང་སློང་གནང་སོང་། ཞེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ ༦ ཚེས་ ༡༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༩ པའི་སྟེང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ཝལ་ཀིར་ཊག་(Volker Türk) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་སྒྲིག་དང་འགལ་ནས་རིག་གཞུང་དང་གཞི་རྩའི་ཐོབ་ཐང་ཁག་ལ་དྲག་གནོན་བྱེད་མུས་ཡིན་པས། ངས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཞག་གིས། མི་སྒེར་གྱི་གཞི་རྩའི་རང་དབང་གི་སླད་དུ་འབོད་སྒྲ་བསྒྲགས་ནས་འཛིན་བཟུང་བྱས་པ་རྣམས་ཀློད་གྲོལ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་གསུངས་ཡོད་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་གསལ་འདོན་དང་། བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་སྐོར་སོགས་གསུངས་འདུག  ཕྱི་ལོ་ ༢༠༢༤ ཟླ་ ༨ པར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ཀྱི་གམ་གཞིར་བསྐྱར་ཞིབ་དང་རྟོག་ཞིབ་བྱ་དགོས་པ་དང་འབྲེལ་བའི་འབོད་སྐུལ་ཡིག་ཆ་ཞིག་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆོས་ལུགས་རང་དབང་སོགས་ལ་གནོད་སྐྱོན་བཟོ་ཐབས་ཀྱི་སྲིད་ཇུས།  དྲག་སྤྱོད་རིང་ལུགས་བཀག་སྡོམ་གྱི་ཁྲིམས་དང་སྲིད་ཇུས་ཟེར་བ། ཉེས་ཁྲིམས། དེ་བཞིན་ཧོང་ཀོང་ནང་འདྲ་མཉམ་ཡོང་བ་དང་དབྱེ་འབྱེད་མེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་། སེམས་འཚབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་ཤུགས་ཆེན་གནང་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese