མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇེན་གོ་ཡིས་གསང་མྱུལ་བྱས་པའི་ནག་ཉེས་འོག་ལོ་བཞི་དང་ཟླ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་གྱི་གཡས་ཕྱོགས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མིའི་ལས་རོགས་ཇེན་གོ་ཡིས་གསང་མྱུལ་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Jian Guo (R) had denied spying for China during his trial

ཁ་སང་ཕྱི་ཚེས་ ༣༠ ཉིན་འཇར་མན་གྱི་གྲོང་ཁྱེར་དྷེ་རེ་སི་ཌན་དུ་ཡོད་པའི་ཆེས་མཐོའི་ཁྲིམས་ཁང་གིས། འཇར་མན་གྱི་གཡས་ཕྱོགས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མིའི་མེཀ་སི་མི་ལི་ཡན་ (Maximilian Eugen Krah) ལགས་ཀྱི་ལས་རོགས་ཇེན་གོ་ (Jian Guo) ཟེར་བས་རྒྱ་ནག་ལ་གནས་ཚུལ་མཁོ་སྤྲོད་བྱས་ཏེ་གསང་མྱུལ་བྱས་པའི་ནག་ཉེས་འོག ལོ་བཞི་དང་ཟླ་བ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༤ པའི་ནང་ཇེན་གོ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རྗེས། ཇེན་གོ་ཟེར་བ་ཚུད་པའི་ཚོགས་ཆུང་ཞིག་གིས་ཕྱི་ལོ་ ༢༠༡༨ ལོར་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང། དེ་བཞིན་ཇེན་གོ་ཡིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚོགས་པ་མང་པོ་དང་འབྲེལ་བ་བྱས་པ་སོགས་བོད་མི་དང་ཕྱི་ཕྱོགས་སུ་གནས་སྡོད་མང་གཙོ་དོན་གཉེར་བ་དང་། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ་རྣམས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱས་ཏེ་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

Jian Guo (third from right), a former director of the German branch of the Federation for a Democratic China and secretary-general of the Chinese Republican Party. In 2018, he visited Dharamsala, India, and met with the Dalai Lama.

འཇར་མན་གྱི་དྷེ་རེ་སི་ཌན་ (Dresden) གྲོང་ཁྱེར་དུ་ཡོད་པའི་ཆེས་མཐོའི་ཁྲིམས་ཁང་གིས། ཇེན་གོ་ཡིས་འདས་པའི་ལོ་ངོ་ལྔ་ཙམ་གྱི་རིང་རྒྱ་ནག་གི་གསང་བའི་ལས་ཁུངས་སུ་གྲོས་ཚོགས་ཀྱི་བགྲོ་གླེང་དང་། ཐག་གཅོད་ཇི་བྱས་སྐོར་གྱི་གནས་ཚུལ་རྣམས་མཁོ་སྤྲོད་དང་། འཇར་མན་ནང་ཡོད་པའི་རྒྱ་ནག་གི་མང་གཙོ་དོན་གཉེར་བའི་ཚོགས་པ་དང་། རྒྱ་ནག་དང་ལྟ་སྤྱོད་མི་མཐུན་པའི་ཚོགས་པ་ཁག་དང་མི་སྒེར་སོགས་ལ་སོ་ལྟ་བྱེད་ཀྱི་ཡོད་པའི་ནག་ཉེས་འོག འདས་ལོའི་ཕྱི་ཟླ་ ༤ པའི་ནང་འཛིན་བཟུང་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་ལོ་ངོ་ ༢༠ ལྷག་གི་རིང་ཇེན་གོ་ཡིས་རྒྱ་ནག་གི་གསང་བའི་ལས་ཁུངས་སུ་གསང་མྱུལ་གྱི་ལས་ཀ་བྱས་ཡོད་པའི་ཐོག ཕྱི་ལོ་ ༢༠༡༩ ནས་ ༢༠༢༤ བར་གྲོས་ཚོགས་ནས་གལ་ཆེའི་ཡིག་ཆ་ ༥༠༠ བསྡུ་རུབ་བྱས་ཏེ་གསང་བའི་ཐོག་ནས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་སོགས་བདེན་དཔང་ར་སྤྲོད་བྱུང་འདུག འོན་ཀྱང་། ཁོས་ནག་ཉེས་དེ་དག་ལ་ངོས་ལེན་བྱས་མི་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༤ པ་ནས་ད་བར་ལོ་གཅིག་དང་ཟླ་བ་ལྔ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཇེན་གོའི་གནད་དོན་ཐད་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་པ་རེད། དེ་བཞིན་ཇེན་གོ་དང་མཉམ་དུ་རྒྱ་རིགས་ཀྱི་བུད་མེད་ཡཱ་ཆི་ (Yaqi X) ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་བ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

ཆུ་ཚོད་ ༢༣ སྔོན་ལ།
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠
Satellite Imagery Reveals High-Altitude UAV Testing Facility in Tibet
Mobile App

བོད་མངའ་རིས་ནང་མི་མེད་དམག་དོན་མཁའ་གྲུ་ཚོད་ལྟའི་ས་ཚིགས་ཤིག་གསར་འཛུགས་བྱས་འདུག

༢༠༢༥/༡༡/༢༠
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་ནང་དྲང་ངེས་ལེགས་བཤད་སྙིང་པོ་འཆད་ཉན་བྱ་རྒྱུའི་གོ་སྐབས་ཤིག་གཏན་གཏན་ཡོང་གི་རེད། 

༢༠༢༥/༡༡/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese