མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ་ཨ་རིའི་ཚན་རིག་པ་གསུམ་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ་གློག་འཕྲུལ་ལ་བརྟེན་ནས་ཚད་རྡུལ་ནུས་ཤུགས་ཀྱི་ཚད་གཞི་གསར་རྙེད་བྱུང་བའི་ཚན་རིག་པ་གསུམ་ལ་ཐོབ་འདུག

John Clarke, Michel H. Devoret and John M. Martinis won the Nobel Prize for Physics because of their quantum mechanics discovery (AP).

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། གློག་ལམ་ཞིག་བེད་སྤྱོད་བྱས་པ་བརྒྱུད་ཕྲ་མཐོང་མིན་པའི་ཚད་རྡུལ་གྱི་འགྲོས་དང་ནུས་ཤུགས་ཚད་མཇལ་གསར་རྙེད་བྱུང་བའི་ངོས་འཛིན་འོག  ཕྱི་ལོ་ ༢༠༢༥ ལོའི་དངོས་ཁམས་རིག་པའི་གཟེངས་རྟགས་དེ། ཨ་རིའི་བྷིར་ཁི་ལི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་སློབ་དཔོན་ཇོན་ཁི་ལཱར་ཁེ་(John Clarke) ལགས་དང་། ཨ་རིའི་ཡེལ་གཙུག་ལག་སློབ་གླིང་གི་སློབ་དཔོན་མེ་ཁེལ་ཌི་ཝོ་རེ་ཌི་( Michael H. Devoret) ལགས། ཨ་རིའི་སན་ཐ་བྷར་བྷི་ར་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་སློབ་དཔོན་ཇོན་མཱར་ཌི་ནི་སི་(John M.Martinis) ལགས་བཅས་སུ་འབུལ་གཏན་ཁེལ་ཡོད་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ངོས་འཛིན་ནང་།  དངོས་ཁམས་རིག་པའི་ཁྲོད་ཀྱི་དྲི་བ་གཙོ་བོ་ཞིག་ནི་ཚད་རྡུལ་འཕྲུལ་རིག་གི་ནུས་པ་སྟོན་ཐུབ་པའི་མ་ལག་གི་ཚད་མཐོ་ཤོས་དེ་ག་ཚོད་ཡིན་མིན་དེ་རེད། འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་རྣམས་ཀྱིས་གློག་ལམ་ཞིག་བེད་སྤྱོད་ཀྱིས་ཚོད་ལྟ་བྱས་པ་བརྒྱུད། ཁོང་ཚོས་ལག་པར་འཛིན་ཐུབ་པའི་མ་ལག་ཆེན་པོ་ཞིག་གི་ནང་དུ་ཚད་རྡུལ་གྱི་ཕུག་ལམ་དང་ནུས་ཤུགས་ཀྱི་ཚད་གཞི་གཉིས་ཀ་བསྟན་ཡོད་ཅེས་དང་། ཚད་རྡུལ་རིག་པས་རྡུལ་ཕྲན་ཞིག་བར་མ་ཆད་པར་ཐད་ཀར་འགྲོ་འོང་བྱེད་བཅུག་ཐུབ་པར་ཕུག་ལམ་ཟེར། འོན་ཀྱང་རྡུལ་ཕྲན་མང་པོ་འབྲེལ་བ་ཡོད་ཚེ་ཚད་རྡུལ་འགུལ་སྐྱོད་ཀྱི་ནུས་པ་དེ་མེད་པ་བཟོ་བཞིན་ཡོད། གཟེངས་རྟགས་ཐོབ་མཁན་རྣམས་ཀྱིས་ཚོད་ལྟ་བརྒྱུད་ནས་ཚད་རྡུལ་རིག་པའི་ངོ་བོ་ཕྱི་ཚུལ་གྱི་རྣམ་པའི་ཐོག་ནས་དངོས་སུ་བཟོ་ཐུབ་ཡོད།ཅེས་གསལ་འདུག

ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཨོ་ལེ་ཨེ་རི་ཁི་སོན་ (Olle Eriksson ) ལགས་ཀྱིས། དུས་རབས་གཅིག་འགོར་ཟིན་པའི་ཚད་རྡུལ་རིག་པའི་ཐོག་ནས་ང་ཚོར་རྒྱུན་མ་ཆད་པར་ཧ་ཅང་ཧང་སངས་དགོས་པའི་ལས་དོན་མང་པོ་འདོན་སྤྲོད་བྱེད་ཐུབ་ཡོད། དེ་ནི་ང་ཚོས་ངོ་མཚར་ཆེན་པོའི་ཐོག་ནས་དགའ་བསུ་ཞུ་དགོས་པ་ཞིག་རེད། དེ་བཞིན་དུ་དེང་སང་གི་གྲངས་ཀྱི་འཕྲུལ་ཆས་ཡོད་ཚད་ཀྱི་རྨང་གཞི་གཙོ་བོ་ནི་ཚད་རྡུལ་འཕྲུལ་རིག་ཡིན་པས། དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད།ཅེས་བརྗོད་འདུག

གཟེངས་རྟགས་ཐོབ་མཁན་སློབ་དཔོན་ཇོན་ཁི་ལཱར་ཁེ་ལགས་ཀྱིས་ཁ་པར་བརྒྱུད་ནས་ནོ་སྦེལ་གསར་འགོད་ལྷན་ཚོགས་ཐོག ང་རང་ཧང་སངས་སོང་།  ངའི་སེམས་སུ་ལས་ཀ་འདི་ནི་ནོ་སྦེལ་གཟེངས་རྟགས་ཀྱི་རྨང་གཞི་ཞིག་ཡིན་སྲིད་པ་གཏན་ནས་ཡིད་ལ་འཁོར་མྱོང་མེད།  ཡང་གཅིག་བཤད་ན། དེ་ནི་ངའི་མི་ཚེའི་ནང་གི་ཧ་ལས་དགོས་པའི་དོན་དག་ཅིག་རེད། ཅེས་དང། ངས་ལག་ཐོགས་ཁ་པར་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད་ཅིང་། ཁྱེད་ཀྱིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པར་བསམ་བཞིན་ཡོད། ང་ཚོའི་ལག་ཐོགས་ཁ་པར་གྱིས་ལས་ཀ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་ངའི་ལས་ཀ་ཚང་མར་འབྲེལ་བ་ཡོད་པ་རེད། ཅེས་བརྗོད་འདུག

སློབ་དཔོན་ཇོན་ཁི་ལཱར་ཁེ་ལགས་ནི་ཕྱི་ལོ་ ༡༩༤༢ ལོར་ཨ་རིའི་ཁཱམ་བྷི་རི་ཇི་(Cambridge) སྐྱེས་ཤིང་། ཕྱི་ལོ་ ༡༩༦༤ ལོར་ཆ་རི་སི་མཐོ་སློབ་ནས་དངོས་ཁམས་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། དེ་ནས་ཁཱམ་བྷི་རི་ཇི་གཙུག་ལག་སློབ་གླིང་དུ་འབུམ་རམས་པའི་བསླབ་གནས་ཐོག་སློབ་གཉེར་བྱས། ཕྱི་ལོ་ ༡༩༦༥ ལོར་ཌར་ཝིན་མཐོ་སློབ་ཀྱི་སློབ་ཕྲུག་མཐུན་ཚོགས་(Darwin College students’ association) ཀྱི་ཚོགས་གཙོ་ཐེངས་དང་པོའི་འགན་འཁུར། ཕྱི་ལོ་ ༡༩༦༨ ལོར་དངོས་ཁམས་རིག་པའི་སློབ་དཔོན་(Brian Pippard) ལགས་ཀྱིས་སློབ་སྟོན་འོག་འབུམ་རམས་པའི་བསླབ་པ་མཐར་སོན་རྗེས། ཕྱི་ལོ་ ༡༩༦༩ ནས་ ༢༠༡༠ བར་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་དུ་ཉམས་ཞིབ་པདང་། སློབ་དཔོན་ལས་གྲོགས། སློབ་དཔོན་ཆེན་མོ་བཅས་ཀྱི་ལས་འགན་འཁུར། ཕྱི་ལོ་ ༢༠༢༣ ཁཱ་ལོ་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་ཚན་རིག་སློབ་དཔོན་(ScD) ལག་འཁྱེར་ཐོབ་ཐོབ་ཡོད་པ་དང་།  ཕྱི་ལོ་ ༢༠༢༡ ལོར་མེ་ཞིལ་སི་ཚད་རྡུལ་གཟེངས་རྟགས་(Micius Quantum Prize) ཐོབ་ཡོད་འདུག

སློབ་དཔོན་མེ་ཁེལ་ཌི་ཝོ་རེ་ཌི་ལགས་ནི་ཕྱི་ལོ་ ༡༩༥༣ ལོར་ཧྥ་རན་སིའི་རྒྱལ་ས་པཱ་རི་སིར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༥ ལོར་ཧྥ་རན་སིའི་པཱ་རི་སི་མཐོ་སློབ་ (Télécom Paris) ་བརྡ་འཕྲིན་གྱི་ཁྱད་ལས་ཐོག་བསླབ་པ་མཐར་སོན་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་ཨོར་སཱེ་གཙུག་ལག་སློབ་གླིང་(University of Orsay) ནས་ཚད་རྡུལ་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་གནས་བླངས། ཕྱི་ལོ་ ༡༩༨༢ ནས་ ༡༩༨༤ བར་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་དུ་འབུམ་རམས་པའི་སློབ་གཉེར་བྱས། ཕྱི་ལོ་ ༢༠༡༤ ལོར་ཧྥ་རི་ཌི་ཛི་ལོན་ཌོན་རྗེས་དྲན་གཟེངས་རྟགས་(Fritz London Memorial Prize) ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་མེ་ཞིལ་སི་ཚད་རྡུལ་གཟེངས་རྟགས་ཐོབ། ཕྱི་ལོ་ ༢༠༢༣ ལོར་ཇོན་སི་ཌི་ཝར་ཌི་བྷལ་གཟེངས་རྟགས་ (John Stewart Bell Prize) ཐོབ་ཡོད་འདུག

དེ་བཞིན་སློབ་དཔོན་ཇོན་མཱར་ཌི་ནི་སི་(John M.Martinis) ལགས་ནི་ཕྱི་ལོ་ ༡༩༥༨ ལོར་ཨ་རིར་སྐྱེས་ཅིང་། ཕྱི་ལོ་ ༡༩༨༠ ལོར་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་དུ་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་ཡོད་པ་དང་། ཕྱི་ལོ་ ༡༩༨༧ ལོར་དངོས་ཁམས་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༠༢ ནས་ ༢༠༢༠ བར་གློག་ཀླད་ཚད་རྡུལ་གྱི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་ཉམས་ཞིབ་བྱས། ཕྱི་ལོ་ ༢༠༡༤ ལོར་ཧྥ་རི་ཌི་ཛི་ལོན་ཌོན་རྗེས་དྲན་གཟེངས་རྟགས་(Fritz London Memorial Prize) ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཇོན་སི་ཌི་ཝར་ཌི་བྷལ་གཟེངས་རྟགས་ (John Stewart Bell Prize) ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༦ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese