མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུའི་ཐོག་རྒྱ་གར་གྱི་བོད་རིག་པའི་མཁས་དབང་མང་ཆེ་བ་གདན་འདྲེན་ཞུས་ཚར་ཡོད་འདུག

The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA

དེ་རིང་ཕྱི་ཟླ ༡༠ ཚེས ༨ ཉིན་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། ཉིན་གཉིས་རིང་གི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ལྷོ་ཤར་ཨེ་ཤ་ཡའི་སྡེ་ཚན་གྱི་སློབ་དཔོན་སྐུ་ཞབས་ཤྲི་ཀན་ཐི་ (Srikanth Kondapalli) ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་མི་འདྲ་བ་དང་འབུམ་རམས་པ་དང་འབུམ་རམས་སློབ་མ་སོགས་ཆེད་མཁས་པ་དང་ཉམས་ཞིབ་པ་ ༣༠ ལྷག་འཛོམས་ཡོད་འདུག

འདི་གའི་གསར་འགོད་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཚོགས་འདུ་འདི་ང་ཚོས་གལ་ཆེན་པོར་བརྩི་ཡི་ཡོད་པ་ལྟར། ལོ་འཆར་ཅན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུ་བཞིན་ཡོད་ལ། ད་རེས་ཚོགས་འདུ་ཐེངས་བདུན་པ་ཆགས་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་བོད་ཀྱི་ཉམས་ཞིབ་པ་དག་གིས་བོད་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། ཁོར་ཡུག་སོགས་ཀྱི་གནས་སྟངས་སྐོར་ལ་ཉམས་ཞིབ་བྱས་པའི་སྙན་ཐོ་དང་རྩོམ་ཡིག་གང་མང་འདོན་གྱི་ཡོད་ཀྱང་། རྒྱ་ཁྱབ་ཆེ་ཆུང་ཇི་ཙམ་འགྲོ་ཡི་ཡོད་མེད་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད་ལ། གནས་ཚུལ་ཁག་ཅིག་སོ་སོའི་ཡུལ་མི་རང་གིས་བྲིས་ན་ནུས་པ་ཆེ་བ་ཡོང་གི་ཡོད་པར་བརྟེན། རྒྱ་གར་གྱི་ཉམས་ཞིབ་པ་དགུང་ལོ་ཆུང་བ་ཁག་ཅིག་དྷ་སར་གདན་འདྲེན་ཞུས་པ་དང་། ལོ་ཆུང་བ་རྣམས་ད་ལྟ་ཉམས་མྱོང་གསོག་བཞིན་པའི་གནས་སྟངས་སུ་ཡོད་པས། ང་ཚོས་འབྲེལ་བ་དེ་བཟོ་ཐུབ་ན་མ་འོངས་པར་ཁོང་ཚོ་མཁས་པར་གྱུར་བ་དང་རྩོམ་འབྲི་བའི་སྐབས་རང་བཞིན་གྱིས་འབྲེལ་བ་ཡོད་པ་ལྟ་བུ་ཞིག་རེད། རྒྱུ་མཚན་ནི་འཛམ་གླིང་འདི་མི་དང་མིའི་འབྲེལ་བའི་ཐོག་ནས་འགྲོ་ཡི་ཡོད་པར་བརྟེན། སྲིད་བྱུས་ཉམས་ཞིབ་ཁང་དང་། འཛམ་གླིང་གི་ཉམས་ཞིབ་ཀྱི་བསྟི་གནས་ཁང་གཞན་གྱི་མཁས་པ་རྣམས་དང་ལྷན་དུ་འབྲེལ་བ་བཟོ་དགོས་པ་དང་། ལྷག་པར་དུ་ད་ལྟ་ཚོགས་འདུ་འདི་ནི་རྒྱ་གར་ནང་འཚོག་མུས་ཡིན་པ་མ་ཟད། རིམ་པས་ང་ཚོའི་དམིགས་ཡུལ་དེ་རྒྱ་ཆེ་རུ་གཏོང་ཐུབ་པ་ཡིན་ན། རྒྱ་གར་གྱི་བྱང་ངོས་གཅིག་པོ་མིན་པར་རྒྱ་གར་རྒྱལ་ཡོངས་སུ་འཚོག་ཐུབ་རྒྱུ་དང་། དེ་སྔ་རྒྱ་གར་གྱི་བདེ་འཇགས་སྐོར་གླེང་སྐབས་ཧི་མ་ལ་ཡ་དང་། ས་མཚམས་ཀྱི་བདེ་འཇགས་སྐོར་གླེང་སློང་བྱས་པ་ལས་མཚོའི་བདེ་འཇགས་ཐད་གླེང་སློང་བྱེད་ཀྱི་མེད་པ་རེད། ཅེས་གསུངས།

ཡང་སྲིད་སྐྱོང་མཆོག་གིས། དེང་སང་མཚོ་ཁའི་བདེ་འཇགས་ (Maritime Security) སྐོར་ལ་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ནས་དེ་ཚོའི་ཐོག་ཉམས་ཞིབ་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་ཉམས་ཞིབ་པ་དང་ཉམས་ཞིབ་པའི་བར་དང་། མཁས་པ་དང་མཁས་པ་ཕན་ཚུན་ཐུག་སྟེ་གནས་ཚུལ་གོ་བརྡ་སྤྲོད་རྒྱུ་དང་། ར་སྤྲོད་བྱ་རྒྱུ། དེ་བཞིན་ཕན་ཚུན་ཤེས་ཡོན་བརྗེ་ལེན་སོགས་བྱས་ནས་གནས་ཚུལ་མང་ཆེ་བ་ཤེས་ཚེ། ཉམས་ཞིབ་པས་རྩོམ་བྲིས་ཏེ་ཁྱབ་རྒྱ་ཆེ་བའི་གནས་ཚུལ་ཀློག་རྒྱུ་ཡོད་པར་རྨང་གཞི་བསྐྲུན་ཐུབ་ཀྱི་རེད། དེར་བརྟེན་ལོ་བདུན་རིང་ཚོགས་འདུ་འཚོགས་ཏེ་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱ་གར་ནང་ལོགས་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་མང་པོ་ཞིག་དང་། ལྷག་པར་དུ་གཞོན་སྐྱེས་མཉམ་དུ་འབྲེལ་བ་དམ་ཟབ་ཡོང་རྒྱུ་དང་། མ་འོངས་པར་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་ཀྱི་རྩ་དོན་ལ་རང་བཞིན་གྱིས་ཕན་ཐོགས་ཡོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད། ཅེས་གསུངས་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་འཚོག་བཞིན་ཡོད་པ་རེད། ཐེངས་བདུན་ནང་གནད་འགག་ཆེ་ཤོས་ནི་ད་ལྟའི་ཆར་རྒྱ་གར་ནང་ལོགས་སུ་བོད་རིག་པའི་ཐོག་མཁས་པ་ཞིག་ཡོད་ན། སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་འདུར་མཉམ་ཞུགས་གནང་མ་མྱོང་བ་ཕལ་ཆེར་མེད། དེར་བརྟེན་ཤེས་ཡོན་བསྟི་གནས་ཁང་དང་ཉམས་ཞིབ་ཁང་ཞིག་ཡིན་ཕྱིན་བོད་པར་རྒྱུས་མངའ་ཡོད་མཁན་ཞིག་ཡོད་པས། མ་འོངས་པར་བོད་ཀྱི་ཆབ་སྲིད་དང་། རྒྱ་གར་གཞུང་གིས་བོད་ཐོག་ཆབ་སྲིད་འཛིན་སྟངས་ཐད་ཏན་ཏན་ཁྱད་པར་ཞིག་འགྲོ་ཡི་རེད་ལ། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ལ་རྒྱ་གར་གྱི་མཁས་པ་མང་དུ་འགྲོ་རྒྱུའི་ཕན་ཐོགས་ཡོང་གི་རེད། དེ་བཞིན་ཁོང་ཚོས་དཔྱད་རྩོམ་དང་རྩོམ་ཡིག་ཅིག་བཏོན་ཚེ། རང་བཞིན་གྱིས་བོད་ཀྱི་རྩ་དོན་དེ་བོད་པ་ཙམ་མིན་པར་རྒྱ་གར་གྱི་མཁས་པ་ཚོས་ཤེས་རྒྱུ་དང་། དེའི་ཁ་ཕྱོགས་དེ་རྒྱ་ནག་གི་ཁ་ཕྱོགས་ནས་མ་ཡིན་པར་ང་ཚོ་བོད་པ་རང་གིས་ཁ་ཕྱོགས་བཏོན་པ་བརྒྱུད་ནས་འགྲོ་ཐུབ་རྒྱུའི་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་འདུག་ལ། འདས་པའི་ཉམས་མྱོང་གི་ཐོག་ནས་དགའ་འོས་པ་ཞིག་ཆགས་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

དེ་རིང་ཕྱི་ཚེས་ ༩ ཉིན་ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་དྷོ་དྷི་ཅན་དྷུ་ (Doddi Chandu) ལགས་ནས་རྒྱ་ནག་གིས་བོད་ཀྱི་ངོ་བོ་མེད་པར་བཟོ་ཐབས་བྱེད་བཞིན་པ། རྒྱལ་སྤྱིའི་དུས་དེབ་ཁག་གི་རྩོམ་ཡིག་ལ་ཞིབ་འཇུག་བྱས་པའི་སྐོར་དང་། རྡོ་རྗེ་གླིང་དུ་ཡོད་པའི་སེན་ཊི་ཇོ་སེབ་མཐོ་རིམ་སློབ་གཉེར་ཁང་ (St. Joseph’s College) གི་སློབ་དཔོན་གཞོན་པ་འབུམ་རམས་པ་པཱ་ཐིག་ (Dr. Pathik Roy) ལགས་ཀྱིས་བོད་མི་སྐྱབས་བཅོལ་བ་དང་ངོ་བོ་སྲུང་སྐྱོབ་ཀྱི་ཐབས་ཇུས་སྐོར། བྱང་བྷན་གྷལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་འབུམ་རམས་པ་བྷ་རུན་ (Dr. Barun Roy) ལགས་ཀྱིས་ཕྱི་ལོ་ ༡༩༢༥ ནས་ ༡༩༦༣ བར་ཀ་ལིམ་སྦུག་ཏུ་པར་སྐྲུན་བྱས་པའི་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་གནས་ཚུལ་ལ་བལྟས་ནས། སྐབས་དེའི་བོད་ཀྱི་གསར་འགྱུར་གྱི་གལ་གནད་ལ་དབྱེ་ཞིབ། ར་རྗེ་སི་ཐན་དུ་ཡོད་པའི་ཨ་མི་ཏི་གཙུག་ལག་སློབ་གཉེར་ཁང་ (Amity University) གི་སློབ་དཔོན་གཞོན་པ་འབུམ་རམས་པ་ཝར་མ་ (Dr. Vibhanshu Verma) ལགས་ཀྱིས་དྲ་ལམ་གྱི་ངོ་བོ་དང་ཧིན་བོད་ཀྱི་འབྲེལ་ལམ་སྐོར། སྒང་ཏོག་ཏུ་ཡོད་པའི་མ་ནི་པལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་བསྟན་འཛིན་ཉི་མ་བྷུ་ཊི་ཡ་ལགས་ཀྱིས་ཤར་ཕྱོགས་གསང་མྱུལ་དང་མི་རིགས་རིག་པ་བ་ས་ར་ཏི་ཅན་དྷ་ར་དྷ་སི་ (Sarat Chandra Das) དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་བརྒྱུད་ནང་བསྟན་སྐོར་སོགས་ཀྱི་ཐད་གཏམ་བཤད་གནང་།

གཞན་ཡང་། ད་ལན་གྱི་ཚོགས་འདུའི་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་ལོ་རྒྱུས། བོད་པའི་སྤྱི་ཚོགས། རྒྱལ་སྤྱིའི་ཆབ་སྲིད་དང་བོད། རྒྱ་གར་གྱི་ཆབ་སྲིད་དང་བོད། རྒྱ་གར་དང་བོད་ཀྱི་འབྲེལ་བ་སོགས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

ཆུ་ཚོད་ ༨ སྔོན་ལ།
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཉག་རོང་ཁུལ་དུ་ས་ཡོམ་ཚད་རིམ་ ༥།༥ ཅན་ཞིག་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།
Mobile App

རྒྱལ་ཚོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

ཆུ་ཚོད་ ༡༧ སྔོན་ལ།
ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ། ༢༠༢༥།༡༠།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་བསྒྲིལ་སོང་།

༢༠༢༥/༡༠/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese