མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཝེ་ནི་ཛུ་ལ་རྒྱལ་ཁབ་ཀྱི་དམངས་གཙོའི་ཐོབ་ཐང་ཆེད་ཞི་བའི་ལས་འགུལ་སྤེལ་མཁན་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ་འདུག

FILE – Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]

དེ་རིང་ཕྱི་ཚེས་ ༡༠ ཉིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཝེ་ནི་ཛུ་ལཱ་རྒྱལ་ཁབ་ཀྱི་དམངས་གཙོའི་ཐོབ་ཐང་འཐབ་རྩོད་པ་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ (Maria Corina Machado)ལགས་ཀྱིས། སྙིང་སྟོབས་ཆེན་པོས་མུན་ནག་གི་ཁྲོད་དུ་དམངས་གཙོའི་མེ་ལྕེ་སྒྲོན་པར་ཆེད་བསྟོད་དུ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་ཁེལ་ཡོད་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་། ཝེ་ནི་ཛུ་ལའི་དམངས་གཙོའི་ལས་འགུལ་གྱི་དབུ་ཁྲིད་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་ནི་ཉེ་དུས་ཀྱི་ལ་ཌིན་ཨ་མེ་རུ་ཀའི་མི་མང་གི་སྙིང་སྟོབས་ཀྱི་དཔེ་མཚོན་ཁྱད་པར་བ་ཞིག་ཡིན། ཁོང་མོ་ནི་ཁ་གཏད་ཆབ་སྲིད་ཚོགས་པ་ཁ་ཐོར་དུ་འགྲོ་སྐབས་གཅིག་གྱུར་བཟོ་མཁན་གྱི་གལ་གནད་ཅན་གྱི་མི་སྣ་ཞིག་ཡིན། དེ་ནི་རང་དབང་གི་འོས་བསྡུ་དང་སྲིད་གཞུང་གི་སྐུ་ཚབ་གཉིས་ཀྱི་ཐུན་མོང་གི་དགོས་འདུན་ལ་ཁ་གཏད་གཅོག་ཐབས་ཤིག་རེད། དེའི་ནང་དུ་དམངས་གཙོའི་དོན་སྙིང་གནས་ཡོད། ང་ཚོ་ཐུན་མོང་གི་འདོད་པ་ནི་མི་མང་གི་སྲིད་དབང་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ང་ཚོས་མོས་མཐུན་མེད་པ་གཅིག་པ་ཡིན་ཡང་།  དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་འཕྲད་བཞིན་པའི་སྐབས།  སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་རྨང་གཞི་འདི་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ལོ་མང་པོའི་རིང་བཙོན་ཁང་དང་། ཁྲོམ་གཞུང་བཅས་སུ་རང་དབང་གི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་ཏེ།  འཛམ་གླིང་ལ་འགྱུར་བ་གཏོང་མཁན་གྱི་སྙིང་སྟོབས་ཆེ་བའི་བུད་མེད་དང་སྐྱེས་པ་མང་པོར་བསྟོད་བསྔགས་བྱས་ཡོད། འདས་པའི་ལོ་འདི་དག་གི་ནང་དུ་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་ཀྱིས་སྦས་སྐུང་བྱས་ཏེ་འཚོ་བ་སྐྱེལ་དགོས་བྱུང་ཡོད་ལ། ཁོང་མོའི་སྲོག་ལ་ཉེན་ཁ་འཕྲད་བཞིན་པའི་གནས་སྟངས་བྱུང་ཡོད་ཀྱང་། རང་ཉིད་ཀྱི་རྒྱལ་ཁབ་ནང་གནས་སྡོད་ཀྱིས་མི་མང་ས་ཡ་མང་པོར་སེམས་ཤུགས་སྦྱིན་ཡོད། ཅེས་གསལ་འདུག

གསར་འགོད་པས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་ཀྱི་བདེ་འཇགས་སྐོར་ལ་གཟེངས་རྟགས་ལྷན་ཚོགས་ཀྱི་བསམ་བློ་བཏང་ཡོད་མེད་དྲིས་པར། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥི་རེ་ཌི་ནེ་(Frydne) ལགས་ཀྱིས། ང་ཚོས་ལོ་ལྟར་འོས་མི་ཚང་མའི་ཆེད་དུ་བགྲོ་གླེང་བྱས་པ་ཡིན། ལྷག་པར་དུ་གཟེངས་རྟགས་ཐོབ་མཁན་གྱི་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་འཕྲད་བཞིན་པའི་སྐབས་ང་ཚོས་ཕྱིར་བསྒྲགས་བྱས་ཡོད་པ་མ་རེད། ཅེས་འགྲེལ་བརྗོད་གནང་འདུག  ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་ཀྱིས་ནོ་སྦེལ་གསར་འགོད་ལྷན་ཚོགས་ཐོག ང་རང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་ཧང་སངས་བྱུང་། ང་ཚོ་དགའ་སྤྲོའི་ངང་ནས་ཧང་སངས་ནས་བསྡད་ཡོད། ངས་ཡིད་ཆེས་བྱ་ཐུབ་ཀྱི་མི་འདུག ཅེས་ཁ་པར་བརྒྱུད་ཡང་ནས་བསྐྱར་དུ་བརྗོད་ཡོད་འདུག

ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་ཝེ་ནི་ཛུ་ལཱ་རྒྱལ་ཁབ་ཀྱི་ཁཱ་རཱ་ཁཱ་སི་རུ་སྐྱེས་ཡོད་ཅིང་། ཁོང་མོས་ཨིན་ཌི་རི་གཙུག་ལག་སློབ་གླིང་(Andrés Bello Catholic University) ནས་འཕྲུལ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་གཉེར་གནང་ཡོད་པ་དང་།  དཔལ་འབྱོར་གཙུག་ལག་སློབ་གླིང་(Instituto de Estudios Superiores de Administración)ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༢ ལོར་ཨ་ཌི་ནི་ཡ་ཐེབས་རྩ་(Atenea Foundation) ཞེས་པ་ཞིག་བཙུགས་ཏེ་དྭ་ཕྲུག་རྣམས་ལ་རོགས་སྐྱོབ་བྱས། ཕྱི་ལོ་ ༢༠༠༢ ལོར་རྒྱལ་སྤྱིའི་མཉམ་འབྲེལ་ཆབ་སྲིད་ཚོགས་པའི་ནང་དུ་ཞུགས། ཕྱི་ལོ་ ༢༠༡༢ ལོར་ཝེ་ནི་ཛུ་ལཱའི་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་ཐོབ་མི་འདུག ཕྱི་ལོ་ ༢༠༡༤ ལོར་ཝེ་ནི་ཛུ་ལཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཁྲོད་མགོ་ཁྲིད་པ་གཙོ་བོ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ ཝེ་ནི་ཛུ་ལཱ་གྲོས་ཚོགས་འཐུས་མིར་བདམས་འདུག ཕྱི་ལོ་ ༢༠༢༤ ལོར་ཁ་གཏད་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་འགོག་ཆེད་འོས་མིར་ལངས་ཡོད་ཀྱང་ཐོབ་མེད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese