མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྤྱིའི་ཤེས་ཡོན་གྱི་ལས་དོན་ལ་དབྱེ་ཞིབ་གནང་སླད་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་འདུག

Education Kalon (Minister) Tharlam Dolma Changra Visits Tibetan Sweater Sellers Market in Nagpur

ཟླ་འདིའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༧ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༣༡ ཉིན་ཤེས་རིག་བཀའ་བློན་མཆོག་གིས་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་ཕ་མ་རྣམས་ལ་ཐུག་འཕྲད་ཀྱིས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་གསུང་བཤད་གནང་ཡོད་འདུག་ལ། ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ནི་དགེ་རྒན་དང་སློབ་ཕྲུག ལས་བྱེད་སོགས་ལ་་ཐུག་འཕྲད་གནང་སྟེ་སློབ་གྲྭ་སྤྱིའི་ཤེས་ཡོན་གྱི་ལས་དོན་ལ་དབྱེ་ཞིབ་བྱེད་པར་དམིགས་པ་ཞིག་ཡིན་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་ཤེས་རིག་བཀའ་བློན་མཆོག་གིས་སྦན་ད་ར་གྷོ་ཌན་གའུ་སཾ་བྷོ་ཊ་ཉིན་སློབ་ཏུ་གཟིགས་ཞིབ་ཀྱིས་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཞིང་། དགེ་རྒན་གྱི་ལམ་སྟོན་དང་ལྟ་རྟོག་འོག་སློབ་ཕྲུག་གིས་སྣེ་ཁྲིད་དེ་ཞོགས་ཚོགས་གཙོ་སྐྱོང་བྱས་པར་བསྔགས་བརྗོད་དང་། དེའི་ཐོག་ནས་སློབ་ཕྲུག་གིས་མཉམ་ཞུགས་དང་འགན་འཁུར་གྱི་ཡོད་པ་མཚོན་ཐུབ་ལ། སློབ་ཕྲུག་རྣམས་ཀྱིས་རོལ་ཆ་དང་ལག་རྩལ་སོགས་སྦྱོང་བཞིན་པར་ཡི་རངས་བསྔགས་བརྗོད་གནང་ཞིང་། ལས་རིམ་དེ་དག་གིས་བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་གལ་ཆེའི་ནུས་པ་འདོན་གྱི་ཡོད། ཅེས་དང་། སློབ་གྲྭའི་གནས་སྟངས་ལ་གཞིགས་ནས་སློབ་ཕྲུག་གི་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་ཤེས་ཡོན་གྱི་སྤུས་ཚད་ལེགས་པོ་སྤྲོད་རྒྱུ་གལ་ཆེན་ཡིན་སྐོར་དང་། སློབ་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་སློབ་ཕྲུག་རྣམས་ལ་ཤེས་ཡོན་དང་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་གལ་ཆེ་སྐོར་སོགས་གསུངས་འདུག

ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་ཤེས་རིག་བཀའ་བློན་མཆོག་ནཱག་པུར་ (Nagpur) དུ་ཕེབས་འབྱོར་བྱུང་སྟེ། ནཱག་པུར་བོད་མིའི་སྐྱབས་བཅོལ་སུད་ཚོང་གི་ཁྲོམ་རྭར་ཕེབས་ཏེ། ཚོང་པ་ ༧༥ ཙམ་ལ་ཐུག་འཕྲད་གནང་ཡོད་ཅིང་། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། བོད་མི་སུད་ཚོང་བ་རྣམས་ཀྱིས་སོ་སོའི་ལས་ལ་བརྩོན་པའི་ཐོག་སྒྲིག་འཛུགས་ལྡན་པའི་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་། ཚོང་གི་ལས་དོན་གཉེར་སྐབས་རྒྱ་གར་གྱི་ཡུལ་མི་དང་ལྷན་དུ་འབྲེལ་ལམ་ལེགས་པོ་དགོས་གལ་ཆེ་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

ཕྱི་ཚེས་ ༢༨ ཉིན་ཤེས་རིག་བཀའ་བློན་མཆོག་ལྡི་ལི་སྐུ་ཚབ་དོན་ཁང་དུ་ཤེས་རིག་དཔར་ཁང་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པར་མཉམ་ཞུགས་ཀྱིས་ཤེས་རིག་དཔར་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གྲོས་གཞི་གཏན་འབེབས་བཞིན་བཀའ་བསྡུར་གནང་བ་དང་། འཛིན་སྐྱོང་ཚགས་ཚུད་ཡོང་སླད་བྱེད་སྒོ་ཁག་ནར་འགྱངས་མེད་པར་ཐག་གཅོད་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག

མཛད་འཆར་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༣ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese