མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་དང་འབྲེལ་ནས་ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་སྟེ་ད་ལྟའང་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ལན་འདེབས་བྱེད་རེས་བྱེད་བཞིན་འདུག

Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་ཉི་ཧོང་གི་སྲིད་བློན་གསར་པ་ལྕམ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) ལགས་ཀྱིས། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་འཇིགས་སྐུལ་བྱས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས། ཉི་ཧོང་གི་ངོས་ནས་དམག་འཁྲུག་གི་བརྡ་ལན་རྒྱག་སྲིད་སྐོར་བརྗོད་ཡོད་པར་བརྟེན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇེན་ཟེར་བས། ལྕམ་ས་ནའེ་ཊ་ཀའེ་ཆི་ལགས་ཀྱི་སྐད་ཆ་དེ་དག་ཕྱིར་འཐེན་བྱ་དགོས་པ་དང་དེ་ལྟར་མ་བྱུང་ན་མཇུག་འབྲས་ངན་པ་འབྱུང་སྲིད་པའི་བརྡ་ལན་བསློགས་འདུག

རྒྱ་གར་ཧིན་རྡུན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ལྕམ་ས་ནའེ་ཊ་ཀའེ་ཆི་ལགས་ཀྱིས་བཤད་པའི་ཐའེ་ཝན་སྐོར་གྱི་སྐད་ཆ་དེ་ནི་ཧ་ཅང་ཚབས་ཆེན་ཡིན་པ་དང་ཐད་ཀར་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཡིན་པས། སྐད་ཆ་དེ་ཕྱིར་འཐེན་མ་བྱས་ཚེ། རྒྱ་ནག་གིས་ཉི་ཧོང་ལ་རྒོལ་ལན་བསློག་རྒྱུ་ཡིན་སྐོར་བརྗོད་འདུག

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཏོ་ཤི་མི་ཙུ་མོ་ཏེ་གི (Toshimitsu Motegi) ལགས་ཀྱིས། རྒྱ་ནག་གིས་གཞི་རྒྱ་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་མི་ཐེབས་པའི་དོན་དུ། གནད་དོན་འདིའི་ཐད་འོས་འཚམ་གྱི་བྱ་སྤྱོད་སྤེལ་བའི་སྐུལ་མ་གཏོང་གི་ཡོད་ཅེས་བརྗོད་འདུག

ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཉི་ཧོང་གིས་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ། ཧོར་རྒྱུག་གི་ཉེན་ཁ་མི་ལེན་པ་དང་ལྷག་པར་དུ་ཐའེ་ཝན་མཚོ་འགག་གི་ཁུལ་དུ་དམག་གིས་ཐེ་གཏོགས་བྱ་རྒྱུ་སོགས་ཀྱིས་ཉི་ཧོང་ལ་ཕམ་ཁ་ཆེན་པོ་རག་རྒྱུ་ཡིན་པ་མ་ཟད། སྣོ་ལྕགས་ལྟར་ངར་བའི་རྒྱ་ནག་མི་དམངས་བཅིང་གྲོལ་དམག་གི་གདོང་ནས་ཕམ་ཁ་མྱང་རྒྱུ་ཡིན་སྐོར་སོགས་ཀྱང་བརྗོད་འདུག

ཐེངས་འདིའི་ཉི་ཧོང་དང་རྒྱ་ནག་བར་གྱི་རྩོད་རྙོག་དེ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཉི་ཧོང་གྲོས་ཚོགས་ནང་ཁ་གཏད་སྲིད་དོན་ཚོགས་པའི་འཐུས་མི་ཞིག་གིས། གནས་སྟངས་ག་འདྲ་ཞིག་གི་འོག་ནས་ཐའེ་ཝན་གྱི་གནད་དོན་དེ་ཉི་ཧོང་གི་འཚོ་གནས་ལ་འཇིགས་སྐུལ་བྱས་པར་ངོས་འཛིན་བྱེད་སྲིད་དམ་ཞེས་དྲི་བ་དྲིས་པར། སྲིད་བློན་གསར་བ་ལྕམ་ས་ནའེ་ཊ་ཀའེ་ཆི་ལགས་ཀྱིས། གལ་སྲིད་ཐའེ་ཝན་མཚོ་འགག་ཏུ་དམག་འཁྲུག་མཚོ་གྲུ་དང་དྲག་ཤུགས་བཀོལ་སྤྱོད་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་འཇིགས་སྐུལ་བྱས་པར་ངོས་འཛིན་བྱ་རྒྱུ་ཞེས་ལན་འདེབས་བྱས་པ་ལ་བརྟེན་ནས་བྱུང་ཡོད་པ་རེད།

འཚོ་གནས་ལ་འཇིགས་སྐུལ་ཞེས་པ་ནི་ཕྱི་ལོ་ ༢༠༡༥ ལོར་གཏན་འབེབས་བྱས་པའི་ཉི་ཧོང་གི་བདེ་སྲུང་ཁྲིམས་ཤིག་ཡིན་པ་དང་། ཁྲིམས་དེའི་ནང་ཉི་ཧོང་གི་མཐུན་གྲོགས་རྒྱལ་ཁབ་ཅིག་གི་སྟེང་དུ་དམག་གི་དྲག་ཤུགས་བཀོལ་སྤྱོད་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་འཇིགས་སྐུལ་བྱས་པར་ངོས་འཛིན་བྱེད་པ་དང་། ཉི་ཧོང་གིས་རྒྱལ་སྲུང་མ་ལག་གི་འཐབ་འཁྲུག་གོ་མཚོན་བེད་སྤྱོད་བྱས་ཏེ་རྒོལ་ལན་བསློག་ཆོག་པ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

སྤྱིར་ཉི་ཧོང་དང་རྒྱ་ནག་བར་ཕྱི་ལོ་ ༡༨༩༤ ནས་ ༡༨༩༥ བར་དམག་འཁྲུག་ཐེངས་དང་པོ་ཤོར་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༡༩༣༧ ནས་ ༡༩༤༥ བར་དམག་འཁྲུག་ཐེངས་གཉིས་པ་ཤོར། དམག་འཁྲུག་གཉིས་ཀྱི་ཁྲོད་དུ་རྒྱ་ནག་ལ་ཕམ་ཁ་ཆེན་པོ་བྱུང་བ་དང་དམག་འཁྲུག་དང་པོའི་སྐབས་ཉི་ཧོང་གིས་མན་ཇུའི་རྒྱལ་སྲིད་ཕམ་ཉེས་བཏང་སྟེ་ད་ལྟའི་ཐའེ་ཝན་གྱི་ས་ཁུལ་ལ་བདག་བཟུང་བྱས།  དམག་འཁྲུག་གཉིས་པའི་སྐབས་སུ་རྒྱ་ནག་གི་ས་ཁུལ་གཞན་དུའང་ཉི་ཧོང་གི་དབང་ཤུགས་རྒྱ་སྐྱེད་དུ་ཕྱིན་ཡོད་ལ། སྐབས་དེར་ཉི་ཧོང་གི་དམག་གིས་རྒྱ་ནག་དམག་མི་དང་མི་མང་སྡེབ་གསོད། བུད་མེད་ལ་བཙན་གཡེམ་བྱས་ཡོད་ཟེར་བའི་ནན་ཅི་དོན་རྐྱེན་ཆེན་མོ་ཟེར་བ་སོགས་བྱུང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༥ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese