མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ནས་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ཡིག་དང་བོད་ཡིག དེ་བཞིན་ཡུ་གུར་སྐད་ཡིག་བཅས་ཀྱི་སློབ་ཚན་རྒྱ་སྐྱེད་གཏོང་དགོས་པར་སྐུལ་མ་བྱས་འདུག

Activists call for a boycott of the 2022 Beijing Winter Olympics due to concerns over China’s human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། ཨ་རིའི་མཐོ་སློབ་དང་སློབ་ཆེན་ཁག་ཏུ་རྒྱ་ཡིག་དང་བོད་ཡིག དེ་བཞིན། ཡུ་གུར་བའི་སྐད་ཡིག་སློབ་ཁྲིད་དགོས་གལ་ཆེ་བའི་རེ་སྐུལ་ཞུས་འདུག་ལ། འབོད་སྐུལ་དེ་ནི་ཨ་རིར་རྒྱ་ནག་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་གི་ཤེས་བྱའི་སྐོར་ལ་ཤེས་རྟོགས་ཟབ་མོ་མེད་ཚེ། ཨ་རིས་རྒྱ་ནག་གི་དམིགས་ཡུལ་ངོས་འཛིན་མི་ཐུབ་པའི་ནོར་འཁྲུལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་བྱེད་པ། དེ་བཞིན་རྒྱ་ནག་གི་གསང་བའི་བྱ་གཞག་ལ་གདོང་ལེན་བྱེད་པའི་ནུས་པ་ཉམས་དམས་སུ་འགྲོ་ཉེན་ཡོད་པར་ཉེན་བརྡ་བཏང་བ་ཞིག་ཡིན་འདུག

ཡང་དེ་འབྲེལ་ (stratnewsglobal) གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། བོད་ཀྱི་སྐད་ཡིག་དང་ཡུ་གུར་སྐད་ཡིག་གི་སློབ་སྦྱོང་རྒྱ་སྐྱེད་གཏོང་དགོས་པའི་འབོད་སྐུལ་དེ་ནི་མངོན་འདོད་ཙམ་ཡིན་པ་ལས།  ད་ལྟའི་ཆར་ཨ་རིའི་མཐོ་སློབ་ཁ་ཤས་ཤིག་མ་གཏོགས་ཨ་རིའི་སློབ་ཆེན་ཁག་ཏུ་བོད་དང་ཡུ་གུར་གྱི་སྐད་ཡིག་གཉིས་ཀའི་སློབ་ཚན་ཧ་ཅང་ཉུང་ཉུང་ཡིན་པ་དང་། དེ་འཕེལ་རྒྱས་རྒྱ་ཆེར་འགྲོ་བའི་ལམ་ཁ་མེད་ཅིང་། ལྷག་པར་དུ་བོད་ཡིག་དང་ཡུ་གུར་བའི་སྐད་ཡིག་གཉིས་ཨ་རིའི་ཤེས་ཡོན་ནང་འཇུག་དགོས་པའི་འབོད་སྐུལ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སེམས་འཚབ་ཅིག་ཆགས་ཀྱི་ཡོད་ཀྱང་། མངོན་འདོད་དེ་དངོས་ཡོད་དུ་བསྒྱུར་བར་དཀལ་ངལ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཌོ་ནལ་ཊོམ་ཕུའི་སྲིད་འཛིན་སྐབས་གཉིས་པའི་རིང་། ཨ་རིས་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག་རྒྱ་ནག་གཞུང་དང་འབྲེལ་བའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་བྱེད་པར་དམ་དྲག་ཆེ་རུ་བཏང་སྟེ།  རིག་གཞུང་བརྗེ་རེས་སོགས་ཀྱི་ལས་རིམ་ཁག་ལ་དབུས་གཞུང་གི་མ་དངུལ་གཏོང་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་། ཨ་རིའི་ཨོ་པི་ཇིན་ཌལ་གོ་ལའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་སྐོར་གྱི་སློབ་དཔོན་ཆེན་མོ་པཱ་ཐག་ (Dr. Sriparna Pathak) ལགས་ཀྱིས། ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ ལོའི་བར་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ཡིག་སྦྱོང་མཁན་གྱི་གྲངས་འབོར་མཐོ་ཤོས་སུ་བསླེབས་ཡོད། དེའི་རྗེས་ནས་ཨ་རིའི་སློབ་ཆེན་ཁག་གི་ཤེས་ཡོན་སྲིད་ཇུས་ནང་རྒྱ་སྐད་སློབ་གཉེར་བྱེད་མཁན་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད། ཁུང་ཙི་སློབ་གཉེར་ཁང་སྒོ་བརྒྱབ་པ་དང་། ཐོངས་མཆན་སྲིད་བྱུས་དམ་དུ་བཏང་བ། དེ་བཞིན་རྒྱ་ནག་དང་འབྲེལ་བའི་ལས་རིགས་ཐོག་ལ་སློབ་མ་ཚོའི་བློ་འཚབ་ཇེ་ཆེར་ཕྱིན་པ་བཅས་ཀྱིས་མཐོ་རིམ་གྱི་ལས་རིམ་ལ་གནོད་སྐྱོན་ཐེབས་ཡོད། ཅེས་བརྗོད་ཡོད།

ད་ལྟའི་ཆར་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་རྒྱ་ཡིག་སློབ་སྦྱོང་གི་ལས་རིམ་དང་མི་སྒེར་གྱིས་བཙུགས་པའི་ཟབ་ཁྲིད་ལྟེ་གནས་ཁང་། ཟུར་ཁྲིད་ཀྱི་ལས་རིམ་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁར། རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་ཐའེ་ཝན་གྱི་སྐད་ཡིག་གི་ཚོགས་སྡེ་ཁག་དང་མཉམ་ལས་ཀྱིས་རྒྱ་ཡིག་སློབ་ཁྲིད་མུ་མཐུད་བྱེད་བཞིན་ཡོད་པ་རེད་ལ། སློབ་དཔོན་ཆེན་མོ་པཱ་ཐག་ལགས་ཀྱིས། ཨ་རིའི་སློབ་གྲྭ་ཁག་གིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཚོགས་པ་དང་འབྲེལ་བ་གཅོད་བཞིན་ཡོད་ནའང་། རྒྱ་ཡིག་གི་ལས་རིམ་འཕེལ་རྒྱས་གཏོང་ཐུབ་ཀྱི་ཡོད། ཐའེ་ཝན་གཞི་བཅོལ་བའི་མཉམ་ལས་ཚོགས་པ་ཚོས་ཆབ་སྲིད་ཀྱི་ཕྱོགས་ལྷུང་མེད་པ་དང་། སྤུས་ཚད་མཐོ་བའི་སློབ་ཁྲིད་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཞིབ་བཤེར་བྱེད་པའི་སེམས་ཁྲལ་ཡང་མེད། ཅེས་བརྗོད་འདུག

ད་ལན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྙན་ཐོར་གཞིགས་ན། རྒྱའི་སྐད་ཡིག་དང་བོད་ཡིག དེ་བཞིན་ཡུ་གུར་བའི་སྐད་ཡིག་བཅས་ཨ་རིའི་ཤེས་ཡོན་སློབ་གསོའི་ནང་འཇུག་དགོས་པའི་དམིགས་ཡུལ་ནི། ཨ་རིས་རྒྱ་ནག་ལ་རྒྱུས་ལོན་ཆ་ཚང་ཞིག་ཡོང་བར་ཕན་ཐོགས་བྱེད་ཅིག་ཏུ་བརྩིས་པ་ལས། ཨ་རིས་རྒྱའི་སྐད་ཡིག་དང་རིག་གནས་སོགས་ཀྱི་སྐོར་ལ་ཤེས་རྟོགས་མེད་པར་སྲིད་ཇུས་འདྲ་མིན་འཛིན་བཞིན་པ་དེས། ཨ་རིས་རྒྱ་ནག་ལ་བཟུང་བའི་རྒྱལ་སྲིད་སྲིད་ཇུས་ཀྱི་ནོར་འཁྲུལ་དང་ཕམ་ཁ་ཞིག་ཡིན་པར་ངོས་འཛིན་གྱིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese